ལུས་ལྡན་རིག་ནུས་ཞེས་པ་ཅི་ཞིག་ཡིན་ནམ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།
དུས་ཚོད།:2025-03-26 08:29:26
ཀློག་གྲངས།:
སྦྲུལ་ལོའི་ལོ་སར་དགོང་ཚོགས་སྟེང་། ལུས་ལ་གྱོན་གོས་ཁྲ་བོ་མེ་ཏོག་ཅན་གྱོན་ཞིང་། ལག་ལ་མེ་ཏོག་དབྱིབས་ཀྱི་ལག་རས་བཟུང་སྟེ་དབྱང་ཀོ་ཞབས་བྲོ་འཁྲབ་པའི་མིའི་གཟུགས་དབྱིབས་ཅན་གྱི་འཕྲུལ་མི“གཡང་འཁོར”ཞེས་པ་སྐད་གྲགས་ཆོད་པ་དང་བསྟུན་ནས། ལུས་ལྡན་རིག་ནུས་ཞེས་པའི་ཐ་སྙད་འདི་ཀུན་གྱི་མཐོང་ཡུལ་དུ་གྱུར། མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་མདུན་གྲལ་ཐ་སྙད་ཚ་ཤོས་ཤིག་ཡིན་པའི་ཆ་ནས། ལུས་ལྡན་རིག་ནུས་ལ་ད་ལོའི་ཚོགས་ཆེན་གཉིས་ཀྱི་ཐོག་ནས་ཀྱང་དོ་སྣང་ཆེན་པོ་ཐོབ་ཡོད།

ད་ལོའི«སྲིད་གཞུང་བྱ་བའི་སྙན་ཞུ»ཡི་ཁྲོད་དུ། འབྱུང་འགྱུར་ཐོན་ལས་ལ་མ་རྩ་གཏོང་ཚད་ཇེ་མང་དུ་གཏོང་བའི་རྐྱེན་སྲོལ་བཙུགས་ཏེ། སྐྱེ་དངོས་བཟོ་སྐྲུན་དང་ཚད་རྡུལ་ཚན་རྩལ། ལུས་ལྡན་རིག་ནུས། 6Gསོགས་འབྱུང་འགྱུར་ཐོན་ལས་གསོ་སྐྱོང་བྱ་དགོས་ཞེས་བཏོན་ཡོད། འདི་ནི“ལུས་ལྡན་རིག་ནུས”ཐོག་དང་པོར«སྲིད་གཞུང་བྱ་བའི་སྙན་ཞུ»ཡི་ཁྲོད་བྲིས་པའང་ཡིན།
ལུས་ལྡན་རིག་ནུས་ཞེས་པ་ཅི་ཞིག་ཡིན་པ་དང་། དེ་ལ་ཁྱད་ཆོས་གང་དག་ཡོད་པ། ཐོན་ལས་དེའི་མ་འོངས་པའི་འཕེལ་ལམ་ཇི་འདྲ་ཡིན་པ་སོགས་ཀྱི་ཐད་ནས་གསར་འགོད་པས་འབྲེལ་ཡོད་ཆེད་མཁས་པར་བཅར་འདྲི་བྱས་པ་གཤམ་གསལ་དུ།
ལུས་ལྡན་རིག་ནུས་ཞེས་པ་ཅི་ཞིག་ཡིན་ནམ།
དེའི་སྙིང་བོ་ནི་དངོས་གཟུགས་འཕྲུལ་ཆས་དང་རིག་ནུས་ཇུས་གཅོད་གཉིས་མཉམ་བསྲེས་གཏིང་ཟབ་བྱས་པའི་སྟེང་ན་ཡོད།
གོ་བདེ་བར་བརྗོད་ན། ལུས་ལྡན་རིག་ནུས་ནི་ལུས་རྟེན་ཡོད་པའི་རིག་ནུས་ཤིག་ལ་ཟེར་ཞིང་། དེའི་འཕྲུལ་ཆས་ཀྱི་ཀླད་པས་ཇུས་གཅོད་ལ་རོགས་རམ་བྱེད་པ་བརྒྱུད་ལུས་པོའི་ཡན་ལག་ལ་བཀོད་འདོམས་བྱས་ཏེ་ཕྱི་རོལ་ཁོར་ཡུག་གི་འགྱུར་ལྡོག་ལ་ལམ་སང་ཁ་གཏད་འཇལ་ཐུབ་པ་དང་། དེའི་སྙིང་བོ་ནི་དངོས་གཟུགས་འཕྲུལ་ཆས་དང་རིག་ནུས་ཇུས་གཅོད་གཉིས་མཉམ་བསྲེས་གཏིང་ཟབ་བྱས་པའི་སྟེང་ན་ཡོད།
“ང་ཚོ་མིའི་རིགས་ཀྱིས་ཀླད་པའི་བཀོད་འདོམས་ལ་བརྟེན་ནས་རྐང་ལག་གི་མཆོང་རྒྱུག་དང་ཉེ་འཁོར་བྱ་དངོས་ཀྱི་འགྱུར་ལྡོག་ཚོར་བ། འགོག་རྐྱེན་ལས་བརྒལ་བ་སོགས་བྱེད་ཐུབ་ལ། འདི་ཚང་མ་ལུས་ལྡན་རིག་ནུས་ཀྱི་མངོན་སྟངས་ཤིག་ཏུ་བལྟས་ཆོག” ཀྲུང་གོའི་ཚན་རིག་གླིང་རང་འགུལ་ཅན་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཀྲུའོ་ཞའོ་ཀོང་གིས་བཤད་རྒྱུར། རྩིས་རྒྱག་ལ་བརྟེན་པའི“ལུས་མེད་རིག་ནུས”དང་བསྡུར་ན། ལུས་ལྡན་རིག་ནུས་འཕྲུལ་ཆས་ཀྱིས་ཚོར་འདྲེན་ཆས་བརྒྱུད་ནས་དངོས་ལུགས་འཇིག་རྟེན་ལ་ཚོར་ཤེས་ཐུབ་པར་མ་ཟད། ད་དུང་དཔེ་དབྱིབས་ཆེན་པོའི་རམ་འདེགས་ལ་བརྟེན་ནས་ལས་འགན་ཤེས་རྟོགས་དང་རང་བདག་ཇུས་གཅོད། ལག་བསྟར་བཅས་བྱེད་ཐུབ་པ་ཡིན།
ཉེ་བའི་ལོ་ནས་བཟུང་། མི་ཐབས་རིག་ནུས་ཀྱི་དཔེ་དབྱིབས་ཆེན་པོ་རྒྱུན་ཆད་མེད་པར་གསར་སྒྱུར་བྱས་པ་དང་བསྟུན་ནས། ལུས་ལྡན་རིག་ནུས་ལ་འཕེལ་རྒྱས་ཆེན་པོ་བྱུང་སྟེ་མི་ཐབས་རིག་ནུས་ཀྱི་རླབས་རྒྱུན་གསར་བའི་ཁ་ཕྱོགས་གཙོ་བོར་གྱུར་ཡོད།
“དཔེ་དབྱིབས་ཆེན་པོ་ཡིས་ང་ཚོས་མིའི་ཀླད་པའི་ནུས་པ་ཁག་ཅིག་ལ་ལད་མོ་བྱེད་ཐུབ་པ་མངོན་འགྱུར་བྱུང་དུ་བཅུག་པ་དང་། འདིས་འཕྲུལ་མི་ལའང་བློ་རིག་རྣོ་བའི་ཀླད་པ་ཞིག་ཡོད་སྲིད་པ་མཚོན།” ཀྲའོ་ཞའོ་ཀོང་གིས“དཔེ་དབྱིབས་ཆེན་པོ་དང་འཕྲུལ་མི་གཉིས་མཉམ་དུ་ཟུང་འབྲེལ་བྱས་ཚེ། ལུས་ལྡན་རིག་ནུས་གྲུབ་པ་ཡིན”ཞེས་བརྗོད།
ལུས་ལྡན་རིག་ནུས་ནི་གཟུགས་དབྱིབས་ངེས་ཅན་ཞིག་ཏུ་ཚད་བཀག་བྱས་མེད། མིའི་རིགས་ནི་ད་སྔ་ཤེས་ཟིན་པའི་ཀུན་ལ་སྤྱོད་རུང་བའི་ལུས་ལྡན་རིག་ནུས་གཟུགས་གཅིག་པུར་ངོས་འཛིན་བཞིན་ཡོད་ཅིང། ལས་འགན་མང་པོ་སློབ་སྦྱོང་དང་ལག་བསྟར་ཡང་བྱེད་བཞིན་ཡོད་མོད། ལུས་ལྡན་རིག་ནུས་ལ་ཁྱི་དང་འཕྲུལ་ཆས་དཔུང་པ། མི་མེད་རླངས་འཁོར། རྐང་བཞི་འཕྲུལ་མི་སོགས་ཀྱི་གཟུགས་དབྱིངས་ཀྱང་ཡོད་ཆོག
ཀྲའོ་ཞའོ་ཀོང་གིས“བློ་རིག་རྣོ་བའི་ཀླད་པ་ཞིག་ཡོད་ཚེ། བདེ་ལྕག་འཁྱུག་པའི་ཡན་ལག་ལ་བཀོད་འདོམས་བྱས་ཏེ་ཕྱི་རོལ་ཁོར་ཡུག་གི་འགྱུར་ལྡོག་ལ་ཁ་གཏད་འཇལ་ཐུབ་ངེས་པ་དང་། འདི་ལྟ་བུའི་ཆ་རྐྱེན་འཛོམས་པའི་རིག་ནུས་འཕྲུལ་ཆས་ཚང་མར་ལུས་ལྡན་རིག་ནུས་ཞེས་བརྗོད་ཆོག འོན་ཀྱང་། ‘ལུས་པོ’མི་འདྲ་བའི་ནང་དུ་ཇུས་གཅོད་མ་ལག་རེ་ཡོད་ཅིང་། དེས‘ལུས་པོ’ལ་མཛུབ་སྟོན་བྱས་ཏེ་འབྲེལ་ཡོད་ཀྱི་ལས་འགན་སྒྲུབ་ཐུབ”ཅེས་བརྗོད།
དྲང་མོར་བཤད་ན། བདེ་ལྕག་འཁྱུག་པའི་ཡག་ལག་དག་ལ་བཀོད་འདོམས་བྱ་རྒྱུ་ནི་ལས་སླ་བོ་ཞིག་མིན། ང་ཚོས་སྔོན་ཆད་བལྟས་མྱོང་བའི་ཚན་འཕྲུལ་གློག་བརྙན་ཁྲོད་ཀྱི་དཔེ་མཚོན་ལྡན་པའི་འཕྲུལ་མིའི་སྣང་བརྙན་དེ་དག་ལ་བདེ་ལྕག་འཁྱུག་པའི་རྐང་ལག་དང་འགྲོ་འདུག་ལ་ཐོགས་པ་མེད་པའི་མཐུ་ནུས་ལྡན་ཡང་། དོན་དངོས་ཐོག་འཕྲུལ་མི་ལ་གོམ་པ་སྤོ་རུ་འཇུག་པ་ཁོ་ནར་ཡང་དཀའ་ལས་མང་པོ་བརྒྱུད་དགོས།” གཞན་ཡང་ང་ཚོ་མིའི་རིགས་ཀྱི་ཕྲུ་གུ་འཚར་ལོངས་འབྱུང་བའི་གོ་རིམ་ཁྲོད། སུས་ཀྱང་ཁོ་ཚོ་ལ་བྱ་རིམ་སྒྲིག་འཇུག་བྱས་མེད། ཐེངས་མང་པོར་ཐང་ལ་འགྱེལ་བ་དང་ཡང་བསྐྱར་ཡར་ལངས་པའི་གོ་རིམ་ཁྲོད། ཁོ་ཚོས་རིམ་བཞིན་འགྲོ་མཆོང་འབྲོ་གཞོལ་སོགས་ཤེས་ཡོད། དེ་བཞིན་ལུས་ལྡན་རིག་ནུས་ཀྱིས་ཀྱང་གོ་རིམ་འདི་ལ་ཟུར་ལྟ་བྱས་ཏེ། མཐའ་མཇུག་གི་དམིགས་ཡུལ་ཏེ་འཕྲུལ་མི་ཡིས་ཀྱང་མིའི་རིགས་ནང་བཞིན་ལུས་པོ་སྤྱད་དེ་འཇིག་རྟེན་ཁམས་འདི་ཉམས་སུ་མྱོང་བ་དང་། ཕན་ཚུན་སློབ་སྦྱོང་བྱེད་པའི་ཁྲོད་འཚར་ལོངས་འབྱུང་བ་དེའོ། །

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།