-
2023ལོའི་ཟླ12ཚེས18ཉིན་གྱི་ཆུ་ཚོད23དང་སྐར་མ59ཡི་སྟེང་།ཅི་ཧྲི་རི་བོའི་ས་ཡོམ་རིམ་པ6.2བརྒྱབ་པ་བརྟེན་ནས་མཚོ་སྔོན་ཞིང་ཆེན་གཞོང་ཐང་རྫོང་དང་།བ་ཡན་རྫོང་།ཡ་རྫི་རྫོང་བཅས་ཀྱི་ཡུལ་ཚོ་དང་གྲོང་རྡལ42གྱི་མང་ཚོགས་ཁྲི16.12ལ་གནོད་པ་ཐེབས།དུས་དེར་ཡོམ་ཁུངས་དང་ལེ་དབར30མཚམས་ན་ཡོད་པའི་མཚོ་ཤར་གྲོང་ཁྱེར་བ་ཡན་ཧུའེ་རིགས་རང་སྐྱོང་རྫོང་གི་ཐ་རྒྱ་བོད་རིགས་ཡུལ་ཚོའི་སྡེ་བ་ཁག་ཅིག་གི་འགྲོ་ལམ་དང་ཁང་པ།རྨང་གཞི་སྒྲིག་ཆས་བཅས་ལ་གཏོར་བརླག་ཐེབས།ལོ་གཅིག་རིང་ལ་བསྐྱར་བསྐྲུན་བྱས་རྗེས།གནོད་པ་ཐེབས་པའི་ཐ་རྒྱ་རུ་སྡེ་དང་པོའི་ཁྱིམ་ཚང84ཡི་ཁང་པ་དང་ཐ་རྒྱ་རུ་སྡེ་གཉིས་པའི་ཁྱིམ་ཚང95ཡི་ཁང་པ་ཞིག་གསོ་དང་།སྲ་བརྟན།ཡང་ན་བསྐྱར་སྐྲུན་ལ་སོགས་བྱས་ནས་ད་ལྟ་རྩིས་ལེན་ཐོབ་ཚར།...
2024-12-25 09:02:47 ཁོན་ཐར་འཚོ། 16591 -
«ཁྲི་ཤོར་རྒྱལ་མོ»ཞེས་པའི་རྩོམ་རིག་གི་དེབ་འདི་ནི།མཚོ་ལྷོ་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་རྒྱབ་སྐྱོར་འོགམཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྩོམ་སྒྲིག་དང་འགྲེམ་སྤེལ་བྱེད་བཞིན་ཡོད་པའི་སྒྲུང་གཏམ་དང་ལྷུག་རྩོམ།སྙན་ངགབསྒྱུར་རྩོམ།དཔྱད་རྩོམ། ཆུང་འབྲིང་སློབ་མའི་བརྩམས་ཆོས།པར་རིས་སོགས་འདུས་པའི་ནང་དོན་སྣ་འཛོམས་ཅན་གྱི་ལོ་ཕྱེད་དེབ་ཅིག་ཡིན།...
2024-12-02 15:20:38 «ཁྲི་ཤོར་རྒྱལ་མོ»རྩོམ་སྒྲིག་ཁང་། 16644 -
ཉེ་ཆར་རྒྱལ་ཡོངས་ཀྱི་ས་གནས་མང་པོའི་སྤྱི་བདེ་ལས་ཁུངས་ཀྱིས་དྲན་སྐུལ་བྱས་དོན།ཁག་དང་པོའི་གོ་ཆོད་ཡུན་ཚད་ལོ20ཡིན་པའི་གྲོང་མིའི་ཐོབ་ཐང་ལག་ཁྱེར་ཐོན་གཉིས་པ་སྔ་རྗེས་སུ་དུས་ཚད་ལོངས་ཀྱི་ཡོད་པས།ལག་ཁྱེར་བརྗེ་མཁན་མང་ཤོས་ཀྱི་དུས་སུ་སླེབས་རྒྱུ་ཡིན།དེས་ན།ཇི་ལྟར་བྱས་ཏེ་འཚང་ཁ་ལས་གཡོལ་ནས་ལག་ཁྱེར་བརྗེ་ལེན་བྱེད་དུ་འགྲོ་དགོས་སམ་ཞེ་ན།...
2024-11-26 08:46:21 མཚོ་སྔོན་པོ་དྲ་བ། 16198 -
ཉེ་སྔོན།མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱིས་གཙོ་སྒྲུབ་བྱས་པའི“མཚོ་སྔོན་པོ་དྲ་བ”རྟགས་མའི་དྲ་ལམ་སྒྱུར་རྩོམ་འགྲན་བསྡུར་སྐབས་དང་པོའི་ཐོག་མའི་དཔྱད་འདེམས་ཀྱི་བྱ་བ་མགོ་བརྩམས་ཟིན་འདུག...
2024-11-22 08:16:30 དྲ་བའི་རྩོམ་སྒྲིག་པ། 16159 -
ཟླ11པའི་ཚེས8ཉིན་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཉིས་པའི་ཐོག«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་སྔོན་སློབ་གསོའི་བཅའ་ཁྲིམས»ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་།2025ལོའི་ཟླ6པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།ཟླ11པའི་ཚེས11ཉིན་སློབ་གསོ་པུའུ་ཡིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས།སློབ་སྔོན་སློབ་གསོའི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་ནང་དོན་ངོ་སྤྲོད་དང་གསལ་འགྲེལ་བྱས་པ་རེད།...
2024-11-19 09:10:20 མཚོ་སྔོན་པོ་དྲ་བ། 15347 -
སྡེ་དགེ་པར་ཁང་ནི1729ལོར་བཞེངས་སྐྲུན་བྱས་པ་དང་།རང་རྒྱལ་བོད་རིགས་འདུས་སྡོད་ཁུལ་གྱི་པར་ཁང་ཆེན་པོ་གསུམ་གྱི་ཡ་གྱལ་ཡིན་པས།“གངས་འདབ་ཀྱི་བོད་ཀྱི་རིག་གནས་བང་མཛོད”ཅེས་པའི་མཚན་སྙན་ཡོད།པར་ཁང་འདིའི་པར་འདེབས་བཟོ་རྩལ་གྱི་བརྒྱུད་རིམ་ནི་རྙོག་འཛིང་ཆེ་བ་དང་།ལས་བགོས་ཞིབ་ཚགས་ཡིན་པ།དོ་དམ་ཚོད་འཛིན་ནན་ཏན་བཅས་ཡིན་པས།མིའི་རིགས་ཀྱི་བརྐོས་བརྙན་པར་འདེབས་ལོ་རྒྱུས་ཐོག་དམིགས་བསལ་གྱི་གནས་བབ་བཟུང་ཡོད།མིག་སྔར།པར་ཁང་འདིར་གནའ་བོའི་པར་གཞི་དང་རི་མོའི་པར་གཞི་བརྐོས་བརྙན་གྱི་ཡིག་ཚགས་ཁྲི32ལྷག་ཉར་ཚགས་བྱས་ཡོད།དེ་དག་གཙོ་བོ་དུས་རབས18པ་ནས་དུས་རབས20པའི་དུས་དཀྱིལ་བར་བརྐོས་པ་དང་།དེའི་ནང་དུས་རབས11པ་ཚུན་གྱི་བོད་ཡིག་གི་ཚད་ལྡན་ཡིག་ཆ་གལ་ཆེན་སྣ་ཚོགས་ཚུད་ཡོད་དེ།ནང་རིག་པའི་གསུང་རབ་དང་།གནམ་རིག་སྐར་རྩིས།སྙན་ངག་དང་དབྱངས་རྟ།སྐད་དང་ཡི་གེལོ་རྒྱུས་དང་རྣམ་ཐར།གསོ་རིག་དང་བཟོ་རིག་སོགས་སྲོལ་རྒྱུན་རིག་གནས་གྱི་ཕྱོགས་སྣ་མང་འཛོམས།2024ལོའི་ཟླ5བར།“སྡེ་དགེ་པར་ཁང་གི་བོད་བརྐོས་པར་གཞི”ཡི་ཡིག་ཚགས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི«འཛམ་གླིང་དྲན་ཤེས་ཀྱི་མིང་ཐོ»རུ་བདམས་ཐོན་བྱུང་།།...
2024-11-18 14:28:37 རྒྱལ་མོ་སྐྱིད་ཀྱིས་བསྒྱུར། 15241 -
བོད་ལྗོངས་རྒྱལ་རྩེ་རྫོང་དཔལ་འབྱོར་ལྷུན་པོ་གྲོང་ཚོར་བོད་ལྗོངས་ཀྱི་ཉར་ཚགས་ཆ་ཚང་ཤོས་ཀྱི་སྐུ་དྲག་གཞིས་ཀ་ཞིག་ཡོད།དེ་ནི་ཕ་ལྷ་གཞིས་ཀ་རེད།ཕ་ལྷ་གཞིས་ཀ་ནི་བོད་ཀྱི་སྐུ་དྲག་ཆེ་ཁག་ཕ་ལྷ་ཁྱིམ་རྒྱུད་ཀྱི་མ་གཞིས་ཡིན་ཞིང་།རྒྱལ་རྩེ་རྫོང་གྲོང་གི་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ2ཀྱི་སར་གནས་ཡོད་པ་དང་།སྤྱིའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་སྤྱི་ཁྲེ་ངོས་གྲུ5357ཡོད་པ་རེད།སྤྱི་ལོ1994ལོར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཕ་ལྷ་གཞིས་ཀ་བོད་ལྗོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པར་བཞག་པ་དང་།སྤྱི་ལོ1996ལོར་ལྗོངས་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་བདམས།སྤྱི་ལོ2012ལོར་རྒྱལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་སྡེ་ཚན་དུ་ཚུད་ཡོད།ཕ་ལྷ་གཞིས་ཀ་ནི་མིག་སྔར་སྲུང་སྐྱོབ་ལེགས་ཤོས་བྱུང་བའི་སྐུ་དྲག་གི་གཞིས་ཀ་ཞིག་ཡིན་པས།རྩ་བའི་ཆ་ནས་དེ་སྔའི་རྣམ་པ་རང་སོར་བཞག་ཡོད།...
2024-11-05 08:17:22 མཚོ་སྔོན་པོ་དྲ་བ། 15700 -
གུས་སྲོལ་རིག་གནས་ནི་རྒྱལ་ཁབ་ཅིག་དང་།མི་རིགས་ཤིགཁྱིམ་ཚང་ཞིགམི་སྒེར་བཅས་ལ་ཆ་རྐྱེན་དང་ཡུལ་དུས་ཅི་ལའང་མི་བལྟོས་པར་དུས་དང་རྣམ་པ་ཀུན་ཏུ་མཁོ་བའི་བྱ་སྤྱོད་ཀྱི་ཚད་གཞི་ཞིག་རེད།གུས་སྲོལ་རིག་གནས་དར་བའི་རྒྱལ་ཁབ་ཅིག་ཡིན་ན་རྒྱལ་ཁབ་དེའི་ཤེས་རིག་གི་ཚད་གཞི་མཚོན་ཐུབ་པ་དང་།མི་རིགས་ཤིག་ཡིན་ན་མི་རིགས་དེའི་རིག་གཞུང་གི་ཆུ་ཚད་མཚོན་ཐུབ་པ།ཁྱིམ་ཚང་ཞིག་ཡིན་ན་ཁྱིམ་རྒྱུད་དེའི་སློབ་གསོའི་ཚད་གཞི་མངོན་ཐུབ་པ།མི་སྒེར་ཡིན་ན་ཡ་རབས་མ་རབས་མཚོན་ཐུབ་པ་བཅས་ཡིན།...
2024-11-01 09:36:54 མཚོ་སྔོན་པོ་དྲ་བ། 15364





















青公网安备63252102000006号