-
ནར་མ་སོན་པའི་མིའི་ལུས་སེམས་བདེ་ཐང་ལ་སྲུང་སྐྱོང་བྱེད་པ་དང་། ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་པ།ནར་མ་སོན་པའི་མིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནར་མ་སོན་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས་ཀྱི་ཀུན་སྤྱོད་དང་།ཤེས་རིགགཟུགས་པོ་སོགས་སྒོ་ཀུན་ནས་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏང་སྟེ། ཕུགས་བསམ་དང་།ཀུན་སྤྱོད།རིག་གནས།སྒྲིག་ལམ་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་ཆེད།རྩ་ཁྲིམས་གཞིར་བཟུང་བཅའ་ཁྲིམས་འདི་གཏན་འབེབས་བྱས་པ་ཡིན།...
2024-08-14 13:39:07 མཚོ་སྔོན་པོ་དྲ་བ། 12723 -
ཁ་ཆེ་གཡུ་རྫོང་གི་གླེགས་བམ་འདི་ནི།ཕ་ཡུལ་གོ་འཇོ་རྫོང་ཇོ་རུ་ཡུལ་ཚོ་ནས་ཡིན་པའི་བླ་མ་འཆི་མེད་ཚེ་རིང་གིས་ཆེད་དུ་བཀྲ་ཤིས་ཁྲི་གླིང་གེ་སར་བཤམས་སྟོན་ཁང་ལ་ཕུལ་བ་ཞིག་སྟེ།ཁོང་གིས་གསུང་རྒྱུར་འདི་ནི་ངའི་ཕ་སྐལ་བཟང་རྒྱལ་མཚན་དང་དེའི་ཕ་ཨ་ཕྱུགཨ་དར།ཨ་ནང་གསུམ་གྱི་དུས་སུ་ཡོད་པ་ཞིག་ཡིན་པས་མི་ཐོག་གསུམ་ཙམ་བརྒལ་ཟིན་ལ།ང་རང་ལོ་དྲུག་ཅུ་ཡིན་ལ་ངའི་ཕ་དེ་ཚེ་དུས་ལས་ཡོལ་ཟིན་ཀྱང་།ད་ལྟར་ཡོད་པའི་དབང་དུ་བྱས་ན་ལོ99རེད།ཨ་མྱེས་ཆུང་བ་དེ་ངས་ཕྱོགས་ཙམ་དྲན་གྱིན་འདུགའོན་ཀྱང་ཨ་མྱེས་གཞན་གཉིས་པོ་སྔོན་ཆད་ནས་དུས་ལས་ཡོལ་ཟིན་འདུགཡི་གེ་འདི་ལོ་ཡི་དབང་དུ་བྱས་ན་ལོ་བརྒྱ་ལྷག་ཅིག་སོང་ཡོད་པ་འདྲ་གསུངས།...
2024-08-13 15:18:04 མཚོ་སྔོན་པོ་དྲ་བ། 12924 -
ཟླ8པའི་ཚེས6ཉིན།མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཡུལ་དངོས་ཞིབ་འཇུག་རྟེན་གཞིའི་སྒོ་བྱང་གི་ཡོལ་བ་འབྱེད་པའི་མཛད་སྒོ་ཁུལ་ཀྲུང་བོད་གསོ་རིག་ཞིབ་འཇུག་བེད་སྤྱོད་ལྟེ་གནས་སུ་སྤེལ།ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་དང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏང་ཙུའུ་ཁོངས་མིའམ་ཀྲུའུ་རིན་གཞོན་པ།མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་ཀྲང་ཞུའེ་ཧྥེ་མཛད་སྒོར་ཞུགས་པ་དང་འབྲེལ་མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཡུལ་དངོས་ཞིབ་འཇུག་རྟེན་གཞིའི་སྒོ་བྱང་གི་ཡོལ་བ་ཕྱེས།ཀྲང་ཞུའེ་ཧྥེ་དང་ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་གཉིས་ཀྱིས་ཤིས་ཚིག་ཕུལ།ཞིང་ཆེན་ཀླད་སྙིང་ཁྲག་རྩའི་ནད་ཆེད་ལས་སྨན་ཁང་གི་ཡོན་ཀྲང་ངམ་མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་དབྱང་ཨའེ་རུང་མཛད་སྒོར་ཞུགས་ཡོད།...
2024-08-09 08:24:19 མཚོ་སྔོན་པོ་དྲ་བ། 11690 -
རྒྱལ་ཡོངས་བོད་ཀྱི་རིག་གནས་བརྙན་ཐུང་འགྲན་སྡུར་བསྡུ་བའི་བརྡ་སྦྱོར།...
2024-08-08 10:57:47 མཚོ་སྔོན་པོ་དྲ་བ། 13541 -
རང་ཞིང་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་བོད་འབྲེལ་ས་ཁུལ་གྱི་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ།བོད་འབྲེལ་ས་ཁུལ་གྱི་འགྱུར་ལྡོག་གསར་པ་དང་རོང་འབྲོག་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པ་མངོན་འགྱུར་བྱ་ཆེད།ངེད་མཚོ་སྔོན་ཞིང་ཆེན་སྦྲེལ་དྲ་གསར་འགྱུར་ལྟེ་གནས་ཀྱིས“ང་དང་ངའི་ཕ་ཡུལ”ཞེས་པའི་བརྙན་ཐུང་འགྲན་སྡུར་སྤེལ་རྒྱུ་ཡིན།...
2024-08-05 14:28:06 མཚོ་སྔོན་པོ་དྲ་བ། 11207 -
མི་གང་འདྲ་གསོ་སྐྱོང་བྱ་རྒྱུ་དང་།ཅི་ལྟར་གསོ་སྐྱོང་བྱ་རྒྱུ།སུའི་ཆེད་དུ་གསོ་སྐྱོང་བྱ་རྒྱུ་ནི་སློབ་གསོའི་གཞི་རྩའི་གནད་དོན་ཞིག་ཡིན།ཉི་མས་ཚོར་སྣང་གཏིང་ཟབ་ལྡན་པའི་སྒོ་ནས་བོད་ལྗོངས་བོད་ཀྱི་གསོ་རིག་སློབ་ཆེན་ཆེས་འབྲས་སུ་ཐོན་པའི་ལག་ལེན་ནི།སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱས་ནས་སློབ་གྲྭ་འཛུགས་པ་དང་ཤུགས་ཡོད་ཚད་ཀྱིས་ཀྲུང་གོའི་ཁྱད་ཆོད་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་འཛུགས་སྐྲུན་མཁན་དང་རྗེས་འཛིན་མཁན་གསོ་སྐྱོང་བྱས་པ་དེ་ཡིན་ཟེར།...
2024-07-31 09:19:34 ལྷ་སྒྲོན་མཚོས་བསྒྱུར། 10860 -
ཆུ་ལོག་བྱུང་སྐབས།ཆུ་རྒྱུན་བརྒལ་བ་ནི་ཧ་ཅང་ཉེན་ཁ་ཆེ་བ་ཡིན།གལ་ཏེ་ངེས་པར་དུ་ཆུ་ལ་བརྒལ་དགོས་ན།གང་ནུས་ཀྱིས་ཟམ་པ་བཙལ་ནས་བརྒལ་དགོས།གལ་ཏེ་ཟམ་པ་མེད་པར་ཆུ་ལ་ངེས་པར་བརྒལ་དགོས་ན།གུ་དོག་པའི་ས་ཆ་གདམ་མི་རུང་།ཁོད་ཡངས་པའི་ས་དང་ཆུ་ཞེང་ཆེ་ལ་གཏིང་མི་ཟབ་ས་ནས་བརྒལ་དགོས།རྦབ་ཆུ་དང་བྲག་རྡོ་སྟེང་སེམས་འཚབ་མི་རུང་ལ།ཆུ་ལ་མ་བརྒལ་སྔོན་ལ་རྐང་པ་འཇོག་ས་བདེ་མོ་ཞིག་བཙལ་ནས།དབྱུག་པས་མདུན་གྱི་ལམ་ལ་ཚོད་ལྟ་བྱེད་པ་དང་།གོམ་པ་མ་སྤོས་གོང་དབྱུག་པར་ཁེན་ནས་ཆུ་རྒྱུན་གྱི་ལྡོག་ཕྱོགས་སུ་བསྐྱོད་དགོས།...
2024-07-24 14:59:49 མཚོ་སྔོན་པོ་དྲ་བ། 10770 -
ཉན་མཁན་ལྟ་མཁན་གྲོགས་པོ་རྣམ་པ།སྲིད་པའི་གངས་དང་གཙང་བོ་ལས་འཁྲུངས་པའི་བོད་ཀྱི་གཏམ་དཔེ་ཞེས་པ་ནི།ཁ་བ་ཅན་གྱི་ངག་རིག་སྒྱུ་རྩལ་གྱི་ཁྱབ་ཁོངས་ལས་བདེན་དགེ་མཛེས་གསུམ་གྱིས་རབ་ཏུ་ཕྱུག་པའི་དམངས་ཁྲོད་ཤུལ་བཞག་རིག་གནས་ཁྱད་མཚར་ཞིག་ཡིན་པར་མ་ཟད།གྲལ་འཛིན་སྐྱེས་བུ་དག་གིས་སྨྲ་བརྗོད་རྩལ་དུ་སྤྲུགས་པའི་གཏམ་གྱི་རུ་མ་འདི་ནི།སྙན་དག་གསལ་གསུམ་གྱིས་མངོན་པར་བརྒྱན་པའི་སྐད་ཆའི་སྒྱུ་རྩལ་གྱི་མེ་ཏོག་ལྟ་བུ་ཞིག་ཡིན་པ་བསྙོན་དུ་མེད།...
2024-07-24 09:19:23 མཚོ་སྔོན་པོ་དྲ་བ། 10942 -
“སྦྲང་ཆར་རྩོམ་རིག་བྱ་དགའ”ནི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང«སྦྲང་ཆར»རྩོམ་སྒྲིག་ཁང་གིས་སྤེལ་བའི་བོད་ཀྱི་རྩོམ་རིག་གི་བྱ་དགའི་གཟིགས་བཟོས་ཆེས་མཐོ་གྲས་ཤིག་ཡིན།བྱ་དགའ་འདི་ལོ་གསུམ་རེའི་ནང་ཐེངས་རེ་སྤེལ་བཞིན་ཡོད་ཅིང་།མིག་སྔའི་བར་སྐབས་བཅུ་ཐམ་པ་བདེ་བླག་ངང་སྤེལ།རྩོམ་རིག་བྱ་དགའ་འདི་སྤེལ་བ་ནས་བཟུང་།སྤྱི་ཚོགས་ལས་རིགས་སོ་སོ་དང་ལྷག་པར་བོད་ཀྱི་རྩོམ་པ་པོའི་སྡེ་ཡིས་དོ་སྣང་ཆེན་པོ་བྱེད་བཞིན་མཆིས།སྐབས་བཅུ་གཅིག་པའི“སྦྲང་ཆར་རྩོམ་རིག་བྱ་དགའ”ཡང«སྦྲང་ཆར་རྩོམ་རིག་བྱ་དགའི་དཔྱད་འདེམ་རྩ་དོན»ལྟར།དཔྱད་འདེམ་ཚོགས་པས་ཐོག་མའི་དཔྱད་འདེམ་དང་བར་གྱི་གཤིབ་སྡུར།མཐའ་མའི་ཐག་གཅོད་བཅས་བརྒྱུད་དེ།2021─2023ལོའི«སྦྲང་ཆར»དུ་བཀོད་པའི་བརྩམས་ཆོས་ལས“སྦྲང་ཆར་རྩོམ་རིག་བྱ་དགའ”གསུམ་དང་།“སྦྲང་ཆར་གཞུང་ལུགས་དཔྱད་བརྗོད་བྱ་དགའ”གཅིག“སྦྲང་ཆར་སྨྱུག་གསར་བྱ་དགའ”གཉིས་བཅས་བདམས་ཐོན་བྱུང་།...
2024-07-23 13:50:35 མཚོ་སྔོན་པོ་དྲ་བ། 10746 -
བོད་ཀྱི་སྒྲུང་ཐུང་གསར་རྩོམ་གྱི་རྩོམ་པ་པོའི་དཔུང་སྡེ་གསོ་སྐྱོང་དང་རྩོམ་པ་པོ་གསར་པ་སྐྱེད་སྲིང་བྱེད་པ།བོད་ཀྱི་རྩོམ་རིག་ལས་དོན་གོང་དུ་སྤེལ་བ།སྒྲུང་ཐུང་གསར་རྩོམ་ལ་མོས་པའི་རྩོམ་མཁན་ཀུན་ལ་འདྲ་མཉམ་གྱི་སྟེགས་བུ་ཞིག་བསྐྲུན་པ་བཅས་ལ་དམིགས་ནས།མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་དང་།མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་གཉིས་ཀྱིས་མཉམ་འབྲེལ་སྒོས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ཏེ་ལོ2རེའི་ནང་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་ཐེངས་གཅིག་རེ་སྤེལ་བཞིན་ཡོད།འགྲན་སྡུར་འདིའི་ནང་དུ་ཞུགས་མཁན་ཀུན་གྱིས་ངེས་དགོས་པའི་དོན་ཚན་ཁག་གཤམ་གསལ་ཏེ།...
2024-07-23 10:42:52 མཚོ་སྔོན་པོ་དྲ་བ། 10413