མི་ཉག་བང་སོ་འཛམ་གླིང་ཤུལ་བཞག་མིང་ཐོའི་ནང་དུ་ཚུད།

རྩོམ་པ་པོ།: ཡོང་ཁུངས།:ཁམས་པའི་བརྙན་འཕྲིན། དུས་ཚོད།:2025-07-14 09:09:56 ཀློག་གྲངས།:
       རྒྱལ་ཁབ་རིག་དངོས་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ས་གནས་དེ་གའི་དུས་ཚོད་ཉིས་སྟོང་ཉེར་ལྔ་ལོའི་ཟླ་བ་བདུན་པའི་ཚེས་བཅུ་གཅིག་ཉིན། ཧྥ་རན་སེའི་ཕེ་རིས་ནས་འཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྐབས་ཞེ་བདུན་པའི་འཛམ་གླིང་ཤུལ་བཞག་རྒྱུ་དངོས་ཚོགས་ཆེན་ཐོག་གྲོས་ཆོད་ལ་གྲོས་འཆམ་བྱུང་སྟེ། མི་ཉག་བང་སོ་དེ་འཛམ་གླིང་ཤུལ་བཞག་རིག་དངོས་ཀྱི་མིང་ཐོའི་ནང་བཞག་པས་ཀྲུང་གོའི་འཛམ་གླིང་ཤུལ་བཞག་རིག་དངོས་ཀྱི་བསྡོམས་འབོར་དྲུག་ཅུར་ཟིན་ཡོད།
       མི་ཉག་བང་སོ་ནི་དུས་རབས་བཅུ་གཅིག་པ་ནས་བཅུ་གསུམ་པའི་བར། ཀྲུང་གོའི་ནུབ་བྱང་ས་ཁུལ་གྱི་ལྡོང་རྐྱང་རིགས་ཀྱིས་བཙུགས་པའི༡༠༣༨ལོ་ནས༡༢༢༧ལོའི་མི་ཉག་རྒྱལ་རབས་ཀྱི་བང་སོའི་རྗེས་ཤུལ་ཚོགས་པ་ཡིན་ལ། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་དབྱིན་ཁྲོན་གྲོང་ཁྱེར་དུ་གནས་ཡོད་པ་དང་། རང་བྱུང་ས་ཁམས་དབྱེ་མཚམས་ཀྱི་ནུས་པ་གལ་ཆེན་ལྡན་པའི་ཧོ་ལན་རི་བོའི་ལྷོ་རྒྱུད་ཀྱི་ཤར་འདབས་སུ་གནས་ཤིང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་བཞི་བཅུ་ཙམ་ཡོད། མི་ཉག་བང་སོའི་ནང་གོང་མའི་བང་སོ་དགུ་དང་དུར་འཇུག་བང་སོ་ཉིས་བརྒྱ་དོན་གཅིག སྤྱི་ཆིང་ལྔ་ཚེག་ཐིག་གསུམ་ཡོད་པའི་བྱང་སྣེའི་བཟོ་བཀོད་གནའ་ཤུལ། ཆུ་ལོག་འགོག་པའི་ལས་གཞིའི་གནའ་ཤུལ་སོ་གཉིས་བཅས་འདུས་ཡོད། དེ་ཡང་མི་ཉག་བང་སོ་དེ་འགྱིང་ངེར་ལངས་པའི་ཧོ་ལན་རི་བོ་དང་མཉམ་དུ་བརྗིད་ཉམས་ལྡན་པའི་བང་སོ་ཁུལ་གྱི་མཛེས་ལྗོངས་ཆགས་ཡོད།
       མི་ཉག་བང་སོ་ནི་མི་ཉག་རྒྱལ་རབས་ཀྱི་ད་ལྟའི་བར་དུ་ཉར་ཚགས་བྱས་ཡོད་པའི་གཞི་ཁྱོན་ཆེ་ཤོས་དང་རིམ་པ་མཐོ་ཤོས། ཉར་ཚགས་ཆ་ཚང་བཅས་ཡིན་པའི་གནའ་རྫས་རྟོག་ཞིབ་ཀྱི་ཤུལ་དངོས་ཡིན་ལ། དེས་ཀྲུང་གོའི་ལོ་རྒྱུས་ཐོག་ལོ་ངོ་ཉིས་བརྒྱ་ཙམ་ལ་རྒྱལ་སྲིད་རྒྱུན་བསྐྱངས་པའི་མི་ཉག་རྒྱལ་རབས་དང་དེའི་རྒྱལ་པོའི་རྒྱལ་རྒྱུད་ལ་ཚབ་བྱེད་ཐབས་བྲལ་བའི་བདེན་དཔང་གི་ནུས་པ་འདོན་སྤྲོད་བྱས་ཡོད་ཅིང་། དར་གོས་ལམ་བུའི་ཐོག་མི་ཉག་རྒྱལ་རབས་ཀྱི་བར་མཐུད་དང་ལྟེ་གནས་ཀྱི་གོ་གནས་ཡོད་ཚུལ་དོན་དངོས་ཀྱིས་ར་སྤྲོད་བྱས་ཡོད། མི་ཉག་བང་སོ་དེ་བདེན་པ་དང་ཆ་ཚང་བའི་སྒོ་ནས་ད་ལྟའི་བར་དུ་ཉར་ཚགས་བྱས་ཡོད་པས། དེས་ཀྲུང་ཧྭའི་ཤེས་རིག་གི་སྣ་མང་ཕུང་གཅིག་གི་བཀོད་པ་དང་གཅིག་འགྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཆགས་པའི་བརྒྱུད་རིམ་ལ་བདེན་དཔང་གལ་ཆེན་འདོན་སྤྲོད་བྱས་ཡོད་ལ། འཛམ་གླིང་གི་ཤེས་རིག་ལོ་རྒྱུས་ཐོག་ཚབ་བྱེད་མི་ཐུབ་པའི་གོ་གནས་གལ་ཆེན་ལྡན་ཡོད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།