༄༅། །མདོ་ལའི་མཁར་དམར་དང་གེ་སར་རྒྱལ་པོའི་འབྲེལ་བ།
རྩོམ་པ་པོ།:
ཡོང་ཁུངས།:མདོ་ལ་བོད་ཡིག་ཚགས་པར།
དུས་ཚོད།:2025-05-14 08:14:30
ཀློག་གྲངས།:
མདོ་ལའི་མཁར་དམར་ནི་ད་ལྟའི་མདོ་ལ་རྫོང་གི་མཁར་དམར་གྲོང་རྡལ་དུ་ཡོད་ཅིང་། མིང་ལ་ཡ་ཟི་མཁར་དམར་ཞེས་འབོད། དེ་ཡང་ཡ་ཟི་ཞེས་པ་དེང་གི་ཞིབ་འཇུག་པ་འགའ་རེ་ཡིས་ཧོར་གྱི་རིགས་རུས་ཤིག་ཏུ་འདོད་ལ། ལྟ་ཚུལ་འདིར་རང་ཉིད་ཧོར་གྱི་མི་རྒྱུད་དུ་འདོད་པའི་དབྱི་ཀུ་རིགས་ཀྱི་མི་རྣམས་ཀྱིས་ཀྱང་ཁས་ལེན་ཐོབ་ཡོད།

གནས་འདིའི་བོད་པ་རྣམས་ཀྱིས་མཁར་འདི་ནི་གེ་སར་སྒྲུང་ལས་བཤད་པའི་ཧོར་གུར་དཀར་རྒྱལ་པོའི་ཕོ་བྲང་ཡ་ཟི་མཁར་དམར་ཞེས་པའི་མཁར་ཤུལ་ཡིན་པར་བཤད། དེ་ཡང་གུར་དཀར་དེ་ཧོར་གྱི་རྒྱལ་པོར་མ་བསྡད་པའི་སྔོན་ལ་གནས་འདིར་ཡོད་ལ། གུར་དཀར་ཚོ་བ་དེ་ཧོར་གུར་ནག་ཚོ་བ་དང་གུར་སེར་ཚོ་བ། གུར་དཀར་ཚོ་བ་གསུམ་ལས་སྟོབས་ཤུགས་ཆེས་ཆེ་བ་དང་། རྒྱལ་པོ་དག་གཡུལ་ལ་མཁས་པ་ཤ་སྟག་ཡིན་སྟབས། གུར་དཀར་སྟག་ཞུ་རྒྱལ་པོའི་སྐབས་སུ་ཧོར་གྱི་ཚོ་ཁག་གཅིག་གྱུར་བྱས་ཏེ་རྒྱལ་པོར་བསྡད་དེ་རྒྱལ་ས་ཡ་ཟི་དཀར་མོ་རྩེ་སྟོང་དུ་སྤོས།
ཡ་ཟི་མཁར་དམར་ནི་ཧོར་གླིང་གཡུལ་འགྱེད་སྐབས་ཀྱི་ས་མིང་གལ་ཆེན་ཞིག་ཡིན་པ་ཚང་མས་ཤེས་གསལ་ལྟར་ཡིན་ལ། མཁར་འདི་གླེང་ན་ཧོར་གྱིས་གླིང་ལ་བཙན་འཛུལ་དང་གླིང་གེ་སར་རྒྱལ་པོས་རང་བསྲུང་གི་ཆེད་དུ་ཧོར་འདུལ་ལ་བྱོན་པའི་གནས་ཚུལ་ཡང་མི་གླེང་ཐབས་མེད་ཆགས་ཡོད་དོ། །
དེ་ཡང་བོད་ཡུལ་དུ་གེ་སར་སྒྲུང་དང་འབྲེལ་བའི་ངོ་མཚར་བའི་ངག་རྒྱུན་ཤིན་ཏུ་མང་ལ། ཡ་ཟི་མཁར་དམར་དང་འབྲེལ་བའི་ངག་རྒྱུན་དེ་ལས་ཀྱང་མང་། མདོ་ལའི་ཡ་ཟི་མཁར་དམར་ལས་གཞན་དབྱི་ཀུ་རིགས་དང་སོག་རིགས་ཀྱི་ཁྲོད་དུའང་ཡ་ཟི་མཁར་དམར་དང་འབྲེལ་བའི་གཏམ་རྒྱུད་ཡོད། ལྷག་པར་དབྱི་ཀུ་རིགས་ཀྱིས་རང་ཉིད་ནི་ཧོར་གླིང་གཡུལ་འགྱེད་ལས་ཧོར་གྱི་རིགས་རྒྱུད་གཙོ་བོ་ཧོར་སེར་རྒྱལ་པོའི་མི་རྒྱུད་ཕྱི་མ་ཡིན་པར་འདོད་པས། ཡ་ཟི་མཁར་དམར་དང་ཁོ་ཚོའི་བར་དུ་རིག་གནས་ཀྱི་འབྲེལ་བ་ངེས་ཅན་ཡོད་དོ། །

གཞན་ཡང་ཧོར་གླིང་གཡུལ་འགྱེད་དུ་གླིང་གི་དཔའ་རྟུལ་ཚ་ཞང་འདན་མ་བྱང་ཁྲ་ཁོང་ཧོར་གྱི་དམག་སྒར་ལ་དཔའ་ཁེར་རྒྱུགས་བྱ་སྐབས་ཧོར་གཡག་ལ་སེར་པོ་བརྒྱུད་ན་ཡ་ཟི་མཁར་དམར་ལ་ཐོན་ཚུལ་བཤད་པ་དང་། རྒྱ་ཚ་ཞལ་དཀར་ཁོང་ཨ་ཁུ་ཁྲ་རྒན་གྱི་བཀའ་བཞིན་ཤན་པ་རྨེ་རུ་རྩེ་འཛིན་པར་ཕེབས་སྐབས་ཀྱང་ཁོང་གཉིས་ཡ་ཟི་མཁར་འགྲམ་ནས་ཐུག་ལ་མཇུག་མཐར་ཤན་པ་གངས་དཀར་མེ་རིའི་ཉེ་སར་བྲོས་པར་བཤད་ཚུལ་ལ་དཔགས་ན། ད་ལྟའི་མཁར་དམར་གྲོང་རྡལ་དང་བོད་ཡིག་ཡིག་ཚང་ལས་བྱུང་བའི་ཧོར་ཞེས་པའི་བར་ལ་འབྲེལ་བ་ངེས་ཅན་འདུག་པ་སྟེ། སོག་པོའི་རྒྱལ་པོ་གོ་དན་དང་ས་སྐྱ་པཎ་ཆེན་གཉིས་ལང་ཇུར་མཇལ་སྐབས་སུ་བོད་ཡིག་ཏུ་ཧོར་གྱི་མི་དང་ཆེན་པོ་ཧོར་གྱི་རྒྱལ་པོ་ཞེས་བྱུང་། ཚུལ་འདི་ལས་བརྟག་ན། སོག་པོ་ཐོག་མར་མདོ་ལ་རིང་མོའི་ལྷོ་རྒྱུད་ནས་ཚུར་ཡོང་ཞིང་། དེ་ཡང་ཁོ་ཚོའི་གོམས་སྲོལ་ལྟར་དེང་གི་རྡོ་རིང་ཉག་གར་ལབ་ཙེ་བསྟད་པར་མངོན། གཞན་རྡོ་རིང་ཉག་ག་འདི་བོད་བཙན་པོའི་དུས་ནས་མིང་གྲགས་ཆེ་ཞིང་། ཉག་ག་འདི་བཙན་པོའི་དམག་དཔུང་ནུབ་ལྗོངས་སུ་བགྲོད་པའི་ས་གནས་གལ་ཆེན་ཞིག་ཡིན་པ་ནི་སྤེན་མདོ་རྡོ་ས་ཆའི་སྐུ་དགོན་པས་ཀྱང་གསལ་བཤད་བྱ་ཐུབ་ལ། དེ་ལས་གཞན་ཉག་ག་འདིར་བོད་དང་ཐང་རྒྱལ་རབས་གཉིས་ཀྱིས་རྡོ་རིང་བསླངས་སྟབས་མི་རྣམས་ཀྱིས་རྡོ་རིང་ཉག་ག་ཡང་ཟེར།
ཉག་གར་རྡོ་སྤུངས་རྒྱག་པ་འདི་བོད་དང་སོག་པོ་གཉིས་ཀའི་ཐུན་མོང་གི་གོམས་སྲོལ་ཞིག་དང་ལབ་ཙེའི་ཐོག་མའི་འབྱུང་ཁུངས་ཀྱང་ཡིན་ངེས། བོད་སོག་གང་ཡིན་ཡང་དམག་མིའི་བགྲོད་ལམ་གྱི་ཉག་ཁར་རྡོ་སྤུངས་པའི་དམིགས་ཡུལ་ནི་དམག་མིའི་ལམ་རྟགས་སམ་ཡུལ་ལྷའི་སྡོངས་གྲོགས་མཛད་པའི་ཆེད་དུ་ཡིན། རྗེས་སུ་སོག་པོ་རྣམས་ཀྱིས་གསོལ་མཆོད་ཀྱི་ཆོ་ག་སྒྲུབ་ཆེད་རི་མགོར་ལབ་ཙེ་ཆེན་པོ་ཞིག་བསྟད་ཡོད།

སྤྱིར་མཁར་དམར་ས་ཁུལ་འདི་རྨ་ནུབ་དོག་ལམ་ནས་མདོ་དབུས་མཐོ་སྒང་དུ་བགྲོད་པའི་ལམ་ཐིག་གཙོ་ཤོས་ཡིན་སྟབས། མི་རྣམས་ཀྱིས་ཕལ་ཆེར་སྤྱི་ལོའི་དུས་རབས13པའི་དུས་མགོར་གནས་འདིར་མཁར་རྫོང་བརྩིགས་ཤིང་མིང་ལ་རི་མགོའི་ལབ་ཙེའི་མིང་ལྟར་མཁར་དམར་དུ་བཏགས། མི་རིང་བར། ལབ་ཙེ་དེ་རིམ་བཞིན་བོད་བརྒྱུད་ནང་བསྟན་གྱི་གསོལ་མཆོད་བྱ་གནས་སུ་གྱུར་ཅིང་དམངས་ཁྲོད་དུའང་ལབ་ཙེ་བསྟོད་པའི་སྲོལ་བྱུང་། དུས་རབས16པ་ནས་བཟུང་རང་ཉིད་ཧོར་གུར་སེར་རྒྱལ་པོའི་མི་རྒྱུད་དུ་འདོད་པའི་དབྱི་ཀུ་རིགས་ཀྱིས་སྔར་གྱི་ལབ་ཙེའི་རྨང་གཞིའི་སྟེང་འོ་མ་དང་རྩམ་པ། ཕྱུར་བ་གསུམ་གྱིས་ལབ་ཙེ་བསྟད་པས་མིང་ལ་ཚཱ་ཧན་ལབ་ཙེའམ་བོད་སྐད་དུ་དཀར་གསུམ་གྱིས་བསྟད་པའི་ལབ་ཙེ་ཞེས་ཆགས། བརྟག་དཔྱད་བྱས་པ་ལྟར་ན། མཁར་དེ་རི་བོར་གཏད་ནས་བརྩིགས་ཡོད་ལ། ནུབ་བྱང་དང་ཤར་ནུབ་སོ་སོའི་རིང་ཚད་ལ་སྨི280དང230ཡོད། མཐོ་ཚད་ལ་སྨི6དང་། གྱང་རྟིང་གི་མཐུག་ཚད་སྨི13དང་གྱང་ཁའི་མཐུག་ཚད་སྨི3~5ཡིན། གྱང་གི་བྱང་ངོས་དང་གྲུ་བཞི་བོར་རྟ་གདོང་རེ་དང་། ཤར་དང་ནུབ། ལྷོ་བཅས་སུ་ཞེང་ལ་སྨི11ཅན་གྱི་སྒོ་རེ་འདུག །མཁར་སྒོ་སོ་སོར་གཞུ་དབྱིབས་ཀྱི་སྲུང་མཁར་བརྩིགས་ལ། དེའི་ཤར་ནུབ་ལ་སྨི30དང་ལྷོ་བྱང་ལ་སྨི25ཅན། སྒོ་ནི་ཞེང་ལ་སྨི5དང་རིང་ཚད་སྨི8ཅན་དུ་འདུག །གནའ་ཤུལ་ཤིན་ཏུ་རིན་ཐང་ཅན་ཡིན་སྟབས། 1988ལོའི་ཟླ5པའི་ཚེས18ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་རྫོང་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་དུ་གཏན་ཁེལ་བྱས།
མདོར་བསྡུས་ཏེ་བཤད་ན། ཡིག་ཆ་དང་ངག་རྒྱུན་གང་ལ་གཞི་བཅོལ་ནས་བཤད་ཀྱང་མདོ་ལའི་ཡ་ཟི་མཁར་དམར་འདི་ཧོར་གྱི་མཁར་ཤུལ་ཞིག་ཡིན་པ་བསྙོན་དུ་མེད་ལ། འདིར་བཤད་པའི་ཧོར་ཞེས་པའི་ནང་དུ་ཨ་མདོའི་བོད་རིགས་དང་དབྱི་ཀུ་རིགས། སོག་རིགས་བཅས་འདུས་སོ། །གསར་རྙེད་འདི་དག་གིས་གེ་སར་སྒྲུང་གི་བཤད་ཚུལ་ལ་དོན་དངོས་ཀྱི་བདེན་དབང་རྙེད་པར་མ་ཟད། མདོ་ལའི་མཁར་དམར་གྱི་ལོ་རྒྱུས་རིག་གནས་ལ་ཞིབ་འཇུག་བགྱི་བར་རྒྱུ་ཆ་རྩ་ཆེན་མཁོ་སྤྲོད་བྱས་འདུག་གོ །

ཨ་སྒྲོལ་གྱིས་བྲིས་ཤིང་ཕག་མོ་དོན་གྲུབ་ཀྱིས་བོད་ཡིག་ཏུ་བསྒྱུར།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།