ངོས་དང་པོ > སྐབས་དོན། > སྣ་ཚོགས། > ད་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ག་དུས་གཅིག་ཏུ་འཁེལ་ཡོད་དམ།
ད་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ག་དུས་གཅིག་ཏུ་འཁེལ་ཡོད་དམ།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
དུས་ཚོད།:2026-01-16 09:10:37
ཀློག་གྲངས།:
2026ལོའི་ཟླ2ཚེས17ཉིན་ནི་མེ་རྟ་ལོའི་ཟླ་བ་དང་པོའི་ཚེས་གཅིག་ཉིན་ཏེ་ཞིང་རྩིས་ལུགས་ཀྱི་དཔྱིད་གསར་དུས་ཆེན་རེད། ད་འོ་ན2026ལོའི་བོད་ཀྱི་ལོ་གསར་ག་དུས་འཁེལ་གྱི་ཡོད་དམ། ལོ་གསར་གཉིས་ཀྱི་དབར་ལ་ཉིན་ཞག་གི་ཁྱད་པར་ཅི་ཙམ་ཡོད་ཅེ་ན།
བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གནམ་རིག་སྐར་རྩིས་ཞིབ་འཇུག་སུའོ་ཡི་གནམ་རིག་སྐར་རྩིས་ལས་རོགས་ཞིབ་འཇུག་པ་དང་བོད་ལྗོངས་གནམ་རིག་སྐར་རྩིས་རིག་གཞུང་སློབ་ཚོགས་ཀྱི་དྲུང་ཡིག་རྒན་སྟོབས་རྒྱལ་ལགས་ཀྱིས«བོད་ལྗོངས་སྨན་རྩིས་ཁང་གི་ལོ་ཐོར»ཁུངས་གཏུགས་ཏེ་འདི་ལྟར་གསུངས་དོན། 2026ལོའི་ཟླ2ཚེས17ཉིན་ནི་རྒྱ་ནག་ཞིང་རྩིས་ལུགས་ཀྱི་དཔྱིད་གསར་དུས་ཆེན་གྱི་ཚེས་གཅིག་འཁེལ་བ་དང་། ཕྱི་ཉིན་ཏེ2026ཟླ2ཚེས18ཉིན་ནི། བོད་ཀྱི་གནམ་རིག་སྐར་རྩིས་ལུགས་ཀྱི་རབ་བྱུང་བཅུ་བདུན་པའི་མེ་ཕོ་རྟ་ལོའི་གནམ་ལོ་གསར་ཚེས་ཀྱི་ཚེས་པ་གཅིག་འཁེལ་བས། ད་ལོའི་དུས་ཆེན་གཉིས་ཀྱི་བར་ཉིན་ཞག་གཅིག་གི་ཁྱད་པར་འབྱུང་བ་ཡིན།

ཞིང་རྩིས་ལུགས་ཀྱི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་དུས་ཚོད་ལ་ཧེ་བག་ཡོད་པའི་སྐོར་ལ་རྒན་སྟོབས་རྒྱལ་ལགས་ཀྱིས། ལོ་ཐོ་སོ་སོའི་ངོ་བོ་དང་ཁྱད་ཆོས་ཀྱི་དབང་གིས་ཞིང་རྩིས་ལུགས་ཀྱི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་དུས་ཚོད་ལ་ཉིན་གྲངས་ཧེ་བག་ཤོར་ཚུལ་རིགས་བཞི་ཡོད་པ་སྟེ། རིགས་དང་པོ་ནི་ཉིན་གཅིག་ལ་མཉམ་དུ་འཁེལ་བ་དང་། རིགས་གཉིས་པ་ནི་ཟླ་བ་གཅིག་གི་ཁྱད་པར་ཡོད་པ། རིགས་གསུམ་པ་ནི་ཉིན་ཞག་གཅིག་གི་ཁྱད་པར་ཡོད་པ། རིགས་བཞི་པ་ནི་ཟླ་བ་གཅིག་དང་ཉིན་གཅིག(ཉིན31)གི་ཁྱད་པར་ཡོད་པ་བཅས་རེད་ཅེས་འགྲེལ་བཤད་འདི་འདྲ་བསྐྱོན་འདུག
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号