“ལྗང་སྨྱུག་བུམ་པ”རྟགས་མའི་རྩོམ་ཡིག་འགྲན་སྡུར་སྐབས་གཉིས་པ་བསྡུ་བའི་གསལ་བརྡ།

རྩོམ་པ་པོ།:«ཁྲི་ཤོར་རྒྱལ་མོ»རྩོམ་སྒྲིག་ཁང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-03-26 08:40:18 ཀློག་གྲངས།:
མཚོ་ལྷོ་ཁུལ་གྱི“ལྗང་སྨྱུག་བུམ་པ”རྟགས་མའི་ཆུང་འབྲིང་སློབ་མའི་རྩོམ་ཡིག་འགྲན་སྡུར་སྐབས་གཉིས་པ་བསྡུ་བའི་གསལ་བརྡ།

       ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་དང་། རྒྱ་ཆེ་བའི་སློབ་མ་རྣམས་ཀྱི་རྩོམ་འབྲིའི་དགའ་མོས་སྔོག་འདོན་བྱེད་པ། སློབ་མ་ཚོའི་དཔྱད་ཞིབ་ཀྱི་ནུས་པ་དང་། སྨྲ་བརྗོད་ཀྱི་ནུས་པ། བསམ་གཞིགས་ཀྱི་ནུས་པ། གསར་གཏོད་ཀྱི་ནུས་པ་བཅས་རྒྱ་བསྐྱེད་གཏོང་བ། ཁུལ་ཡོངས་ཀྱི་ཆུང་འབྲིང་སློབ་མའི་སྐད་ཡིག་གི་བྱང་ཚད་དང་རྩོམ་འབྲིའི་ཆུ་ཚད་མཐོར་འདེགས་སུ་གཏོང་བ། སློབ་མ་ཚོའི་མི་གཤིས་བཟང་པོ་སྐྱེད་སྲིང་དང་ཡང་དག་པའི་མི་ཚེའི་ལྟ་བ་གསོ་སྐྱོང་བྱེད་པ། རྒྱལ་གཅེས་ཁྱིམ་གཅེས་ཀྱི་སློབ་གསོ་རྒྱུད་ལ་ཆགས་པར་སྐུལ་འདེད་གཏོང་བ། སྲོལ་རྒྱུན་རིག་གནས་དང་དམངས་སྲོལ་རིག་གནས་སོགས་སྣ་མང་རིག་གནས་ཀྱི་ཉིང་བཅུད་ལེན་པར་སྐུལ་སློང་བགྱི་བ་བཅས་ལ་དམིགས་ཏེ། དུས་རབས་ཀྱི་འགྱུར་ལྡོག་དང་མཚོ་ལྷོའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་ཟིན་ཐོར་བཀོད་པ་བརྒྱུད། མཚོ་ལྷོའི་རྩོམ་རིག་གི་རུ་དཔུང་གསར་པ་ཞིག་གསོ་སྐྱོང་བྱ་རྒྱུ་དང་། མཚོ་ལྷོའི་རྩོམ་རིག་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་ཆེད། ང་ཚོས་ཁུལ་ཡོངས་ཀྱི་ཆུང་འབྲིང་སློབ་མར་ཁ་གཏད་དེ་མཚོ་ལྷོ་ཁུལ་གྱི“ལྗང་སྨྱུག་བུམ་པ”རྟགས་མའི་ཆུང་འབྲིང་སློབ་མའི་རྩོམ་ཡིག་འགྲན་སྡུར་སྐབས་གཉིས་པ་མུ་མཐུད་དུ་སྤེལ་རྒྱུ་ཡིན་པས། འབྲེལ་ཡོད་ཀྱི་རེ་འདོད་དང་བླང་བྱ་གཤམ་གསལ་ལྟར།

དང་པོ། འགྲན་སྡུར་གྱི་བརྗོད་བྱ།
       ལང་ཚོའི་སྟོབས་ཤུགས་ལ་ཚད་མེད་པས། མཛེས་སྡུག་ལྡན་པའི་སང་ཉིན་བསྐྲུན།
གཉིས་པ། རྩ་འཛུགས་ལས་ཁུངས།
       གཙོ་སྒྲུབ་ལས་ཁུང་། མཚོ་ལྷོ་ཁུལ་སློབ་གསོ་ཅུའུ་དང་། གུང་གཞོན་ཚོགས་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ། མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས།
       འགན་སྒྲུབ་ལས་ཁུང་། མཚོ་ལྷོ་ཁུལ་རྩོམ་པ་པོའི་མཐུན་ཚོགས་དང་། «ཁྲི་ཤོར་རྒྱལ་མོ»རྩོམ་སྒྲིག་ཁང་།
       རོགས་སྒྲུབ་ཁེ་ལས། མཚོ་སྔོན་ཞིང་ཆེན་རྨོག་རུ་རིག་གནས་ཡུལ་སྐོར་ཀུང་སི།
གསུམ་པ། རྩོམ་བསྡུའི་དུས་ཚོད།
       2025ལོའི་སྤྱི་ཟླ4པའི་ཚེས1ནས་སྤྱི་ཟླ6པའི་ཚེས1ཉིན་བར་ཡིན་ལ། གལ་སྲིད་རྩོམ་བསྡུའི་དུས་ཡུན་ལས་འདའ་ན་འགྲན་ཞུགས་བརྩམས་ཆོས་མི་བསྡུ།
བཞི་པ། འགྲན་ཞུགས་ཀྱི་ཁྱབ་ཁོངས།
       འགྲན་ཞུགས་སློབ་མ་ངེས་པར་དུ་མཚོ་ལྷོ་ཁུལ་གྱི་ཆུང་འབྲིང་སློབ་མ་ཡིན་དགོས།(སློབ་ཆུང་གི་རིམ་པ་དང་དམའ་འབྲིང་གི་རིམ་པ། མཐོ་འབྲིང་གི་རིམ་པ་བཅས་རིམ་པ་གསུམ་དུ་བཀར་ཡོད།)   
ལྔ་པ། འགྲན་སྡུར་གྱི་བླང་བྱ།
       1.འགྲན་ཞུགས་བརྩམས་ཆོས་ཀྱི་བརྗོད་བྱ་ནི། དངོས་ཡོད་འཚོ་བ་དང་མ་བྲལ་ཞིང་སྒེར་ཚུགས་ཀྱི་རྩོམ་གཤིས་མངའ་ལ། སྒྱུ་རྩལ་མཚོན་ཐབས་སྣ་མང་ཡིན་པའི་ལྷུག་རྩོམ་ཡིན་དགོས་པ་དང་། བརྗོད་བྱའི་དོན་གསལ་ཞིང་བརྗོད་བྱེད་ཀྱི་ཚིག་དག་པ། ལང་ཚོའི་གསོན་ཤུགས་ཀྱིས་ཕྱུགས་པ་བཅས་ཡིན་དགོས།
       2.རྩོམ་ལུས་ལྷུག་རྩོམ་ཡིན་དགོས།    
       3.སློབ་ཆུང་སློབ་མའི་བརྩམས་ཆོས་ནི་ཡིག་འབྲུ500ནས1000བར་དང་། དམའ་འབྲིང་སློབ་མའི་བརྩམས་ཆོས་ནི་ཡིག་འབྲུ800ནས1500བར། མཐོ་འབྲིང་སློབ་མའི་བརྩམས་ཆོས་ནི་ཡིག་འབྲུ1000ནས2500བར་ཡིན་དགོས།
       4.འགྲན་ཞུགས་བརྩམས་ཆོས་ཀྱི་ཡིག་གཟུགས་ནི་ངེས་པར་དུ་ཧི་མ་ལ་ཡའི་ཡིག་གཟུགས་ཡིན་དགོས་ལ། ཡི་གེའི་ཆེ་ཆུང་ནི[Microsoft Himalaya (正文 CS 字体)(小二)] ཡིན་དགོས།
དྲུག་པ། འགྲན་ཞུགས་བྱེད་སྟངས།
       སློབ་གྲྭ་དང་སློབ་དཔྱོད་ཁང་། སློབ་གྲྭའི་རྩོམ་རིག་ཚོགས་པ་བཅས་ཀྱི་འགན་ཁུར་མི་སྣས་རྩ་འཛུགས་བྱས་ཏེ། ཉུང་མཐར་ཡང་སློབ་གྲྭ་རེ་ནས་སློབ་མ་བཅུ་རེ་འགྲན་སྡུར་དུ་ཞུགས་ཆོག་ལ། འགྲན་ཞུགས་སློབ་མ་རེ་ནས་བརྩམས་ཆོས་གཅིག་རེ་ལས་བསྐུར་མི་ཆོག
བདུན་པ། བྱ་དགའ་སྤྲོད་སྟངས།
       རིམ་པ་སོ་སོར་ཨང་དང་པོ་གཅིག་རེ་དང་ཨང་གཉིས་པ་གཉིས་རེ། ཨང་གསུམ་པ་གསུམ་རེ། ཕུལ་བྱུང་བྱ་དགའ་དྲུག་རེ་བཅས་དང་། ཕུལ་བྱུང་མཛུབ་སྟོན་དགེ་རྒན་ཉེར་ལྔ་ལ་བྱ་དགའ་སྩོལ་རྒྱུ་ཡིན།(རྒྱ་ཡིག་དང་བོད་ཡིག་གཉི་ག་འདུ།)
       བྱ་དགའ་ཐོབ་མཁན་དག་ལ་སོ་སོའི་ཨང་རིམ་ལྟར། གཟི་བརྗིད་དཔང་ཡིག་དང་། བྱ་དགའི་བུམ་པ། མཚོ་སྔོན་རྨོག་རུ་རིག་གནས་ཡུལ་སྐོར་ཀུང་སིས་གནང་པའི་ལེགས་སྐྱེས་བཅས་སྩོལ་རྒྱུ་ཡིན་ལ། བདམས་ཐོན་བྱུང་བའི་ཕུལ་བྱུང་མཛུབ་སྟོན་དགེ་རྒན་དག་ལ། གཟི་བརྗིད་དཔང་ཡིག་དང་བྱ་དགའི་བུམ་པ་སྩོལ་རྒྱུ།
       ད་དུང་བསྐུར་ཡོང་བའི་འགྲན་ཞུགས་བརྩམས་ཆོས་ཀྱི་མང་ཉུང་དང་བྱ་དགའ་ཐོབ་པའི་མང་ཉུང་ལ་གཞིགས་ཏེ་སློབ་གྲྭ་བཞི་ལ་ཕུལ་བྱུང་རྩ་འཛུགས་ཀྱི་མཚན་སྙན་བསྩལ་ཏེ་བྱ་དགའ་གནང་རྒྱུ།
       གཞན། བྱ་དགའ་ཐོབ་པའི་བརྩམས་ཆོས་དག་ལོ་སྨད་ཀྱི«ཁྲི་ཤོར་རྒྱལ་མོ»རུ་ཆེད་བསྒྲིགས་ཀྱི་ལེ་ཚན་བཀོད་སྒྲིག་བྱས་ཏེ་དེབ་སྟེང་འགོད་རྒྱུ་ཡིན་ལ། བརྩམས་ཆོས་དེབ་ཐོག་ཏུ་བཀོད་རྗེས་རྩོམ་ཡོན་དང་དེབ་སྐུར་ངེས།
བརྒྱད་པ། རྩོམ་སྐུར་སྟངས། 
       འགྲན་ཞུགས་རྩམས་ཆོས་ཚང་མ(word)ཡི་རྣམ་པས་གློག་རྡུག་ཡིག་སྒམ་དུ་སྐུར་དགོས་ལ། ཡིག་སྒམ་གྱི་བརྗོད་བྱང་དུ“འགྲན་ཞུགས་བརྩམས་ཆོས”ཞེས་གསལ་བོར་འགོད་དགོས་པ་དང་། བརྩམས་ཆོས་ཀྱི་མཇུག་ཏུ་འགྲན་ཞུགས་སློབ་མའི་མིང་དང་སློབ་གྲྭ། ལོ་རིམ་དང་འཛིན་གྲྭ། མཛུབ་སྟོན་དགེ་རྒན་གྱི་མིང་དང་འབྲེལ་གཏུགས་ཁ་པར་ཨང་གྲངས་བཅས་གསལ་བོར་འགོད་དགོས། རྩོམ་སྐུར་དུས་ཆ་རྐྱེན་དག་དང་མ་བསྟུན་ཚེ་འགྲན་ཞུགས་གྱི་ཐོབ་ཐང་མེད་པར་བཟོ་རྒྱུ།
དགུ་པ། དཔྱད་འདེམ་གྱི་གོ་རིམ།
       བྱ་དགའི་རིམ་པར། སློབ་ཆུང་རིམ་པར་རྒྱ་བོད་ཡིག་རིགས་གཉིས་དང་། དམའ་འབྲིང་རིམ་པར་རྒྱ་བོད་ཡིག་རིགས་གཉིས། མཐོ་འབྲིང་རིམ་པར་རྒྱ་བོད་ཡིག་རིགས་གཉིས་བཅས་རིམ་པ་དྲུག་ཏུ་ཕྱེ་ཡོད་ཏེ། དེ་ཡང་འགྲན་སྡུར་ལ་འདྲ་མཉམ་ཡོང་ཆེད། དྲང་བདེན་དང་དྲང་བཞག ཡོངས་བསྒྲགས་བཅས་ཀྱི་རྩ་དོན་ལྟར། ཆེད་ལས་མི་སྣ་རྩ་འཛུགས་བྱས་ཏེ་འགྲན་ཞུགས་པའི་མིང་བསུབས་རྗེས་གྲངས་ཀ་སྤྱད་ནས་དཔྱད་འདེམ་བྱ་རྒྱུ་ཡིན། སློབ་ཆུང་དང་དམའ་འབྲིང་དང་མཐོ་འབྲིང་བཅས་རིམ་པ་སོ་སོ་ནས་བརྩམས་ཆོས12རེ་བདམས་རྗེས། ཞིང་ཆེན་ནང་ཁུལ་གྱི་རྩོམ་པ་གྲགས་ཅན་དང་ཆེད་ལུས་མི་སྣ་གདན་ཞུ་བྱས་ཏེ་མཇུག་མཐའི་དཔྱད་འདེམ་གྱི་གོ་རིམ་བརྒྱུད་ཨང་རིམ་དགར་རྒྱུ།
བཅུ་པ། མཉམ་འཇོག་བྱ་དགོས་ས།
       འགྲན་ཞུགས་བརྩམས་ཆོས་དུས་དེབ་དང་ཚགས་པར། དྲ་ངོས་ཀྱི་སྤྱི་སྟེགས་སོགས་སུ་བཀོད་མ་མྱོང་པའི་གསར་རྩོམ་རྐྱང་རྐྱང་ཡིན་དགོས་ལ། གཞན་རྩོམ་བཤུས་པ་དང་བསྒྱུར་བ། མིས་བཟོས་རིག་སྟོབས(AI)སོགས་སྤྱེད་དེ་བྲིས་པ་ཤེས་རྟོགས་བྱུང་ཚེ་འགྲན་ཞུགས་ཀྱི་ཐོབ་ཐང་མེད་པར་བཟོ་ངེས།
       ཐེངས་འདིའི་བྱ་འགུལ་གྱི་མཇུག་མཐའི་གསལ་བསྒྲགས་དང་ཐག་གཅོད་ཚང་མ་གཙོ་སྒྲུབ་ལས་ཁུངས་ལ་དབང་བ་ཡིན།
འབྲེལ་གཏུགས་བྱ་ཡུལ། གཡང་དྲུང་བསྟན་པ། 
འབྲེལ་གཏུགས་ཁ་པར། 0974-8510812
ཡིག་ཟམ། 1363075318@qq.com

2025ལོའི་ཟླ3པའི་ཚེས25ཉིན།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།