༄༅།།རྨོག་རུ་སྡེ་བར་ཐོན་པའི་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་པའི་སྡེ།

རྩོམ་པ་པོ།: ཡོང་ཁུངས།: དུས་ཚོད།:2020-08-06 08:46:55 ཀློག་གྲངས།:
ཟླ8པའི་ཚེས4ཉིན་གྱི་ཕྲི་དྲོ། རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་པའི་འཐུས་ཚབ་པ་ཅང་ཤེས་གྲོང་རྡལ་རྨོག་རུ་སྡེ་བར་སོང་ནས་ས་དེ་གའི་སྡེ་བ་སྤྱིའི་དཔལ་འབྱོར་ཐོན་ལས་གླིང་ལ་བཅར་འདྲི་བྱས་ཤིང་། རྨོག་རུ་སྡེ་བའི་ས་ཁུལ་གྱི་ཐོན་ཁུངས་དང་སྐྱེ་ཁམས་ཕྱུགས་ལས་ཀྱི་དགེ་མཚན་ལ་དམིགས་ཏེ། དམངས་སྲོལ་དང་ཡུལ་སྐོར། སྡོད་ཁང་དང་ཟ་ཁང་བཅས་ལ་གདེངས་འཇོག་ཆེན་པོ་གནང་བར་མ་ཟད། ཁོ་ཚོའི་བདེ་སྐྱིད་ཀྱི་འཚོ་བར་བརྩོན་ལེན་བྱེད་ཀྱིན་པའི་བློ་སྤོབས་ལ་བསྟོད་བསྔགས་མི་ཉུང་བ་བྱས། རྨོག་རུ་སྡེ་བའི་སྤྱིའི་དཔལ་འབྱོར་ཐོན་ལས་གླིང་གི་འགན་འཁུར་བ་སྐལ་བཟང་རྒྱལ་ནི་ད་ལོ་ལོ48ཡིན་པ་དང་། ཁོ་ནི་གུང་ཧོ་རྫོང་ཅང་ཤེས་གྲོང་རྡལ་རྨོག་རུ་སྡེ་བའི་ཡིན་ལ། མཚོ་སྔོན་ཨུ་ཁུ་པདྨ་ཡུལ་སྐོར་དངུལ་གཏོང་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་བའང་ཡིན། ལོ་གཅིག་གི་ཡར་སྔོན་དུ་ཟི་ལིང་ནས་ཚོང་ལས་གཉེར་གྱིན་པའི་སྐལ་བཟང་རྒྱལ་ཡུལ་མིའི་རེ་བ་ལྟར་ཕ་ཡུལ་ལ་ཡོང་བ་རེད། 
ཁོས་བཤད་རྒྱུར། རྨོག་རུ་སྡེ་བ་སྤྱིའི་འཕེལ་རྒྱས་ཧ་ཅང་ལེགས་པོ་འདུག ས་ཁུལ་དང་ཐོན་ཁུངས་ཀྱི་ལེགས་ཆ་ཙམ་མིན་པར། སྡེ་མི2700ཡི་རྔུལ་ཁྲག་བཏོན་པའི་གྲུབ་འབྲས་ཡིན་ཆེན་པོ་ཞིག་ཡིན།རྒྱུས་ལོན་བྱས་པ་ལྟར་ན། རྨོག་རུ་སྡེ་བར་ཞིང་ཕྱུགས་ལས་མཉམ་ལས་ཁང10ཡོད་ལ། དེར་ཁྱིམ་ཚང760དང་མི2744ཡོད། སྡེ་བ་ཡོངས་ལ་ཏང་ཡོན86དང་དབུལ་སྐྱོར་ཡིག་ཚགས་བྱང་བུ་བཟོས་ཡོད་པའི་ཁྱིམ་ཚང82ཡོད། ད་ལྟ་དེ་དག་ཡོད་ཚད་དབུལ་ཐར་བྱས་ཡོད་པ་རེད། སྡེ་མི་ཨ་རྡོས་བཤད་རྒྱུར། སྡེ་བ་སྤྱིའི་དཔལ་འབྱོར་གྱིས་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད་དེ། མིག་སྔར་སྡེ་མི20ལྷག་ཐོན་ལས་གླིང་འཛུགས་སྐྲུན་བྱེད་པའི་ལས་ཀར་ཞུགས་ཡོད་ལ། དེ་ལེགས་འགྲུབ་བྱུང་ན་སྡེ་མི60ལྷག་ལ་ལས་ཞུགས་ཀྱི་གོ་སྐབས་བྱིན་ཡོད།
རྨོག་རུ་སྡེ་བའི་སློབ་ཆེན་པ་ཚོས་ཀྱང་རྗེས་ཕྱོགས་སྡེ་བའི་འཕེལ་རྒྱས་ཐད་རང་ནུས་ཡོད་རྒུས་ཞབས་ཕྱི་ཕྲན་ཙམ་རེ་བསྒྲུབ་འཆར་འདུག གུང་ཧོ་རྫོང་ཅང་ཤེས་གྲོང་རྡལ་རྨོག་རུ་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཨུ་ཁུ་པདྨ་ཡུལ་སྐོར་དངུལ་གཏོང་ཚད་ཡོད་ཀུང་ཟིས་མཉམ་ལས་གྲོས་ཡིག་ལ་མིང་རྟགས་བཀོད་དེ། གུང་ཧོ་རྫོང་བློན་པོ་གསེར་ཆེན་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་ཀུང་ཟི་བཙུགས། དེ་མིན་གུང་ཧོ་རྫོང་ཅང་ཤེས་གྲོང་རྡལ་རྨོག་རུ་སྡེ་བའི་དབུལ་སྐྱོར་ཐོན་ལས་གླིང་དངོས་སུ་འཛུགས་སྐྲུན་བྱས། ལས་གཞི་གྲུབ་རྗེས་ཨ་ཁུ་པདྨ་ཀུང་ཟི་དང་རྨོག་རུ་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་ཕྱོགས་གཉིས་ལ་ལྟ་སྐུལ་དོ་དམ་བྱེད་དུ་བཅུག

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།