ངོས་དང་པོ > སྐབས་དོན། > སྣ་ཚོགས། > ༄༅།།རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་སྐབས་ཉི་ཤུ་བའི་སྟེང་གི་ཕུལ་བྱུང་གསར་འགྱུར་བརྩམས་ཆོས་ལེགས་འདེམ་བྱེད་པའི་ཡུལ་དངོས།
༄༅།།རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་སྐབས་ཉི་ཤུ་བའི་སྟེང་གི་ཕུལ་བྱུང་གསར་འགྱུར་བརྩམས་ཆོས་ལེགས་འདེམ་བྱེད་པའི་ཡུལ་དངོས།
རྩོམ་པ་པོ།:ངེད་དྲ་བ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-08-04 20:10:50
ཀློག་གྲངས།:

རྒྱང་སྒྲོག་བརྙན་འཕྲིན་རིགས་ཀྱི་བྱ་དགའ་ཨང་དང་པོ་དང་གཉིས་པ། གསུམ་པ་སོགས་བྱ་དགའི་དཔྱད་འདེམ་བྱ་བར་གཞིགས་ན། བརྙན་རིས་རིགས་ཀྱི་དུས་ཡུན་རིང་ཞིང་ཚད་བཀག་ལྡན་པས། སྐར་ཆ་རེ་རེར་བལྟས་ནས་ཚར་དུ་འཇུག་རྒྱུ་ནི་ཤིན་ཏུ་དཀའ་བ་དང་། བྱ་བའི་ཚད་མང་ལ་འོས་འགན་ལྕི། ཡིན་ཡང་དཔྱད་འདེམ་ཨུ་ལྷན་གྱི་ཚོགས་མི་དག་གིས་ནན་ཏན་དང་ཞིབ་ཚགས་སྒོས་གྲོས་བསྡུར་ཁྲོད་རང་སོ་སོའི་ལྟ་ཚུལ་ལྷུག་པོར་བརྗོད།
ཚགས་པར་གསར་འགྱུར་ཚན་ཆུང་གི་དཔྱད་འདེམ་ཚོགས་གཙོ་དང་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་གཙོ་སྒྲིག་གཞོན་པ་ཚེ་མགོན་གྱིས་བསམ་དོན། གོ་རིམ་གང་ཞིག་ཡིན་ཡང་། མཐའ་མའི་དམིགས་ཡུལ་ནི་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུའི་གསར་འགྱུར་བྱ་དགའ་དཔྱད་ཞིབ་གནང་བ་དེ་སྤྱི་བསྒྲགས་དང་འདྲ་མཉམ། དྲང་བདེན་གྱི་རྩ་དོན་མཚོན་པར་བྱས་ཏེ་ཕུལ་བྱུང་བརྩམས་ཆོས་ལེགས་འདེམ་བྱེད་པ་དང་། སྒོས་སུ་གལ་ཆེ་བ་ནི་བོད་ཡིག་སྨྱན་སྦྱོར་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་ཁྲིད་སྟོན་གྱི་ནུས་པ་ཐོན་དགོས།



རྒྱང་སྒྲོག་བརྙན་འཕྲིན་ཚན་ཆུང་གི་ཚོགས་གཙོ་དང་ཆབ་མདོ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འགོ་གཙོ་ཁྱི་ལོད་གྲགས་པས་དཔྱད་ཞིབ་ཁྲོད་བསྟན་དོན། གསར་འགྱུར་ཁ་ཤས་ནི་དོན་དག་རང་སྟེང་ལ་རིན་ཐང་ཆེན་པོ་ལྡན་ཞིང་། འབྲེལ་ཡོད་མི་སྣར་ངོ་མཚར་གྱི་དངོས་པོ་ཡོད། ཡིན་ཡང་ངོས་འཛིན་ཆུ་ཚད་དང་བསམ་བློའི་ཚད་མི་འདང་བའམ་སྐད་རིགས་སོགས་ཐད་ཀྱི་དབང་གིས་བྱ་དགའ་ཨང་དང་པོ་ལོན་མ་ཐུབ་པར་དངོས་གནས་ཕངས་སེམས་སྐྱེས།
དཔྱད་ཞིབ་ཁྲོད་ཚང་མར་ཚོར་བ་ཟབ་མོ་ཞིག་བསྐྱེད་པ་ནི། རྩོམ་སྒྲིག་དང་གསར་འགྱུར་བྱེད་མཁན་ཞིག་ཡིན་ན། གལ་སྲིད་གཞི་རིམ་ལ་མི་བསྐྱོད་པ་དང་ཡུལ་དངོས་ལ་མི་ཐོན་པ། བཅར་འདྲི་བྱ་ཡུལ་གྱི་སེམས་སུ་བསྐྱོད་མ་ཐུབ་ན། བརྩམས་ཆོས་ལེགས་པོ་ཞིག་མི་འཁྱོངས། ཐེངས་འདིའི་བོད་ཡིག་སྨྱན་སྦྱོར་ཚོགས་འདུའི་གསར་འགྱུར་དཔྱད་འདེམ་གྱི་གོ་སྐབས་བརྒྱུད་དེ། གཟབ་ནན་དང་ནན་ཏན་སྒོས་སྤྱོད་ཚུལ་ལེགས་པོ་འདི་བོད་ཡིག་གསར་འགྱུར་ཁྱབ་ཁོངས་སུ་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ཏེ། དངོས་གནས་དུས་རབས་ཀྱི་ཁྱད་ཆོས་མཚོན་པ་དང་། འཕེལ་རྒྱས་ཀྱི་གྲུབ་འབྲས་ངོམ་པ། སྤྱི་ཚོགས་ཀྱི་འཕེལ་རྒྱས་མཚོན་པའི་བརྩམས་ཆོས་གཟེངས་སུ་དོད་དེ། ནུས་ཤུགས་ཡོད་རྒུས་མཉམ་དུ་བོད་ཡིག་གསར་འགྱུར་དྲིལ་སྒྲོག་བྱ་བ་ལེགས་པོར་སྒྲུབ་སྟེ། དུས་རབས་ཀྱི་རྗེས་ཆོད་པའི་ཕུལ་བྱུང་བརྩམས་ཆོས་མང་པོ་འབྱུང་ཐུབ་ཐར་རེ།
རྒྱུས་ལོན་པ་ལྟར་ན། བྱ་དགའ་སྣ་ཚོགས་ཀྱི་དཔྱད་འདེམ་མཇུག་འབྲས་དེ་མཇུག་སྒྲིལ་མཛོད་སྒོའི་སྟེང་བསྒྲགས་རྒྱུ་ཡིན་པ་རེད།
འབྲེལ་ཡོད་འོས་སྦྱོར།
- ༄༅།།རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་བསྡུ་རྒྱུ་
- ༄༅།།ཆེད་མཁས་པ་དང་སྨྱན་སྦྱོར་འཐུས་ཚབ་བརྒྱ་ལྷག་སྔ་གཞུག་ཏུ་མཚོ་ལྷོ
- ༄༅།།སྨྱན་སྦྱོར་གཅིག་མཐུན་སྒོས་གོང་སྤེལ་གྱི་ཉམས་མྱོང་བརྗེ་རེས་ཚོ
- ༄༅།།རྨོག་རུ་སྡེ་བར་ཐོན་པའི་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་པའི་སྡེ
- ༄༅།།བོད་ཡིག་སྨྱན་སྦྱོར་ཚོགས་འདུའི་ཐོག་བརྡ་ཆད་གསར་པ82གཏན་འབེབས་བྱ
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།