ངོས་དང་པོ > སྐབས་དོན། > སྐབས་བབ་སྲིད་དོན། > ཀརྨ་ཕུན་ཚོགས་ཀྱིས་ཁྲི་ཀ་རྫོང་དུ་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་བཅོས་སྐྱོང་བྱ་བར་རྟོག་ཞིབ་བྱས་པ།
ཀརྨ་ཕུན་ཚོགས་ཀྱིས་ཁྲི་ཀ་རྫོང་དུ་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་བཅོས་སྐྱོང་བྱ་བར་རྟོག་ཞིབ་བྱས་པ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།
དུས་ཚོད།:2025-04-23 11:11:15
ཀློག་གྲངས།:
ཉེ་སྔོན། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་ཁྲི་ཀ་རྫོང་གི་ཤང་གྲོང་དང་སྡེ་བ། རུ་ཁག ལས་ཁུངས་དང་སློབ་གྲྭ་བཅས་སུ་བསྐྱོད་དེ་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྐྱོང་བྱ་བར་རྟོག་ཞིབ་བྱས་ཏེ་མཛུབ་སྟོན་གནང་། ཁོང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོ་ལག་བསྟར་གཏིང་ཟབ་བྱེད་པ་དང་ཟུང་འབྲེལ་བྱས་ནས་མང་ཚོགས་ཉེ་འགྲམ་དུ་ཡོད་པའི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྐྱོང་ནན་མོ་བྱས་ཏེ་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་མཐོ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན།
ལ་ཟེ་བ་གྲོང་རྡལ་སྲིད་གཞུང་དང་། རྨ་སྲིབ་གྲོང་རྡལ་ཀྲང་ཅཱ་ཀོའུ་སྡེ་བར་ཀརྨ་ཕུན་ཚོགས་ཀྱིས་གཅིག་སྡུད་བཅོས་སྐྱོང་བྱ་བའི་དཔྱད་གཞིའི་ཡིག་ཆའི་ཟིན་ཐོར་བལྟས་པ་དང་བཅོས་སྐྱོང་གི་བྱ་བའི་བརྒྱུད་རིམ་སྙན་ཞུར་ཞིབ་ཏུ་ཉན་ལ།དམངས་ཀྱི་འདོད་བློ་དང་མཐུན་པའི་ཐབས་ལམ་དང་ཞན་ཆ།སྐྱོན་ཆ་བཙལ་ཏེ་འགག་སྒོ་འཚོལ་བ་དང་གནད་དུ་འཁེལ་བའི་ནུས་པ་བཏོན་ནས། ལྐོག་ཟ་རུལ་སུངས་ལ་ཉེས་ཆད་བཅད་དེ་ཐག་གཅོད་དཀའ་བའི་གནད་དོན་མེད་པར་བཟོ་བ་དང་། ཕྱི་ནང་མཉམ་བཅོས་བྱས་ཏེ་བཅོས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་གནད་དོན་ལ་དམིགས་ནས། མ་ལག་བཅོས་སྐྱོང་ལ་ཤུགས་འདོན་པ་དང་། སྒྲིག་ཁྲིམས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཉམས་མྱོང་ཕྱོགས་སྡོམ་བྱེད་པ་སོགས་ཀྱི་ཐད་ལ་ཤུགས་བརྒྱབ་སྟེ་ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་སེམས་ཁྲལ་དང་རེ་བ་ཆེ་བའི་གནད་དོན་ཐག་གཅོད་བྱ་དགོས་ཞེས་བསྟན
རྨ་ནུབ་བཅའ་སྡོད་སློབ་གྲྭ་དང་ཁྲི་ཀ་རྫོང་དམངས་སྲིད་ཅུའུ་བཅས་སུ་ཕྱིན་ཏེ། ཀརྨ་ཕུན་ཚོགས་ཀྱིས་སློབ་གྲྭ་ཆུང་འབྲིང་གི་ཟས་རིགས་བདེ་འཇགས་དང་བཟའ་བཅའི་འགྲོ་གྲོན་དོ་དམ་གྱི་ཆེད་དོན་བཅོས་སྐྱོང་། དུར་འཇུག་ཁྱབ་ཁོངས་ཀྱི་རུལ་སུངས་ཀྱི་སྣང་ཚུལ་བཅོས་སྐྱོང་དང་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་འགུལ་གྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ། མི་དམངས་གཙོ་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་དང་མང་ཚོགས་ཀྱི་བློ་ཡིད་ཚིམ་རྒྱུ་ཚད་གཞིར་བཟུང་ནས། ཆབ་སྲིད་ཀྱི་ལངས་ཕྱོགས་ཇེ་མཐོར་གཏོང་བ་དང་ཁྲིད་སྟོན་གྱི་ཁ་ཕྱོགས་བརྟན་པ། ལྟ་སྐུལ་གྱི་འགན་འཁྲི་དམ་པོར་སྲུང་ནས། ལས་རིགས་ཁྲོད་ཀྱི་སྤྱོད་ངན་ཡོ་བསྲང་གི་གནད་དོན་བཅོས་སྐྱོང་བྱེད་པའི་བྱ་འགུལ་སྤེལ་ཏེ་གྱོང་གུན་གསབ་ཐབས་བྱེད་པའི་ཕྱོགས་ལ་ཤུགས་བསྣན་ཏེ། བཅོས་སྐྱོང་བྱ་བའི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་མང་ཚོགས་ལ་ཕན་ནུས་དངོས་འདོན་དགོས་ཞེས་བསྟན། །

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།