ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > དེབ་གསར«མཚོ་སྔོན་པོའི་ངག་རྩོམ་མེས་པོའི་ཁ་རྒྱན»ཞེས་པ་པར་སྐྲུན་བྱས།
དེབ་གསར«མཚོ་སྔོན་པོའི་ངག་རྩོམ་མེས་པོའི་ཁ་རྒྱན»ཞེས་པ་པར་སྐྲུན་བྱས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-12-17 09:39:13
ཀློག་གྲངས།:
ཉེ་ཆར། བོད་ཀྱི་དམངས་ཁྲོད་བཤད་པ་སྒྱུ་རྩལ་ལ་བྱང་ཆ་ལྡན་པའི་ལྡོང་ངེ་ཀུན་བཟང་རྒྱལ་དང་ལྡོང་ངེ་ལྷ་མོ་གཉིས་ཀྱིས་གསར་རྩོམ་དང་བསྡུ་སྒྲིག་བྱས་པའི«མཚོ་སྔོན་པོའི་ངག་རྩོམ་མེས་པོའི་ཁ་རྒྱན»ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས།

སྔོན་འགྲོའི་ལབ་རྡོལ།
ལར་བོད་ཀྱི་ངག་རྒྱུད་རྩོམ་རིག་ཅེས་པའང་རྒྱ་ཆེ་ལ་གཏིང་ཟབ་པ་ཤ་སྟག་ཏུ་འདུག་པས། ཁོ་བོ་ལྟ་བུས་འདིའི་སྐོར་ལ་བརྟག་དཔྱད་མེད་པའི་གཏམ་བཤད་ནི་ཅིས་ཀྱང་རྔོ་མི་ཐོགས་པས་མི་མཛའ་མོད། «མཚོ་སྔོན་པོའི་ངག་རྩོམ་མེས་པོའི་ཁ་རྒྱན»གྱི་བསྡུ་སྒྲིག་བྱེད་མཁན་ལྡོང་ངེ་ཀུན་བཟང་རྒྱལ་ལགས་ཀྱིས་ལན་འགར་རེ་བཅོལ་ནན་སྐུལ་བྱས་པའི་ངོ་ཟློག་མ་ནུས་སྟབས། དེབ་འདིར་བསྡུས་པའི་ངག་རྩོམ་ཅི་རིགས་ལས་མཐོང་བའི་ཁྱད་ཆོས་འགའ་དང་ཡང་ན་དེ་དག་ལས་འཕྲོས་པའི་དྲན་ཚུལ་རེ་འགའ་ཞིག་སྔོན་འགྲོའི་གཏམ་དུ་བརྫུས་ནས་སྨྲ་བ་ལ། དེབ་འདིའི་ནང་དུ་བསྡུས་པའི་ངག་རྩོམ་ཕལ་ཆེར་ནི་ངག་རྒྱུད་རྩོམ་རིག་གི་ཁོངས་སུ་གཏོགས་པས་དེ་དག་ལ་ཐུན་མོང་གིས་གསར་རྩོམ་བྱས་པའི་ཁྱད་ཆོས་དང་ངག་ནས་ངག་བརྒྱུད་དེ་དར་ཁྱབ་དང་ཡང་ན་རྒྱུན་འཛིན་བྱེད་པའི་ཁྱད་ཆོས་ཀྱང་ཡོད་པས། ས་ཁུལ་རང་བཞིན་དང་ཡང་ན་དུས་རབས་རང་བཞིན་གྱི་འགྱུར་བའང་ངེས་ཅན་ཞིག་གཞོལ་མེད་དུ་བྱུང་ཡོད་པ་དེབ་འདིའི་མཚན་བྱང་དང་སྲིད་པའི་ཆགས་གླུ་བསྐལ་པའི་མེ་ལོང་། བུད་མེད་དུས་ཆེན་གྱི་ཤིས་ཚིག་གསེར་གྱི་དྲིལ་ཆུང་། དྲུག་གཙིག་བྱིས་པའི་དུས་ཆེན་གྱི་ཤིས་ཚིག་ངག་གི་རོལ་མོ་སོགས་ཞིབ་ཏུ་བཀླགས་ཤིང་ཅུང་ཟད་དཔྱད་པས་ཤེས་ནུས་སོ། །འདི་ལ་ཡུལ་དུས་ཀྱི་ཁྱད་ཆོས་ཞེས་ཀྱང་བཤད་ཆོག་སྙམ་ཞིང་། ལྷ་སྒྲུང་རིག་གཞུང་གི་སྒྲོམ་གཞི་ལས་བརྒལ་ནས་རིག་གནས་སྐྱེ་ཁམས་རིག་པ་སོགས་ཀྱི་ཐབས་ལམ་གསར་པས་དཔྱད་ཞིབ་བྱས་ན་དོན་སྙིང་དང་རིན་ཐང་ཆེན་པོ་ལྡན་པར་འདོད།
གཞུང་ལུགས་དང་བསྟུན་ཏེ་བཤད་ན། ངག་རྒྱུད་རྩོམ་རིག་སྤྱིར་ལོ་རྒྱུས་དྲན་འཛིན་དང་། ལུགས་སྲོལ་སྒྲིག་འཛུགས། གོ་བསྐོན་གསེད་འགྲོལ། སྤང་བླང་བསླབ་འདོམས་སོགས་ཀྱི་སྤྱི་ཚོགས་བྱེད་ནུས་ཡོད་པར་བསྙད་པ་བཞིན། དེབ་འདིར་བསྡུས་པའི༼བཤད་པ༽ནི་ལྷག་པར་བྱེད་ནུས་དེ་དག་མངོན་གསལ་གཅིག་བསྡུས་ཀྱིས་མཚོན་ནུས་པའི་རྩོམ་སྟངས་བྱེ་བྲག་པ་ཞིག་ཏུ་མཐོང་བས། ཡུལ་དུས་ཀྱིས་བསྐལ་བའི་སྲིད་པའི་ཆགས་རིམ་སོགས་དང་འབྲེལ་བའི་ཐུན་མོང་གི་དྲན་འཛིན་དང་། ལྷག་པར་ཉེ་བར་ལྷགས་པ་དེང་གི་སྤྱི་ཚོགས་ཀྱི་ལྷ་ཆོས་མི་ཆོས་ཀྱི་འཕྲོ་མཐུད་དང་འགྱུར་བཅོས། དཔེར་ན་མི་རིགས་གང་ཞིག་གི་སྐད་དང་ཡི་གེའི་རྒྱུན་འཛིན་དར་སྤེལ། དཔེར་ན་ཡུལ་ལུང་གང་ཞིག་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་བྱ་གཞག་ལས་དོན་ཆེ་ཆེ་དྲག་དྲག་དང་གལ་ཆེན་འགངས་ཆེན་མང་པོ་ལའང་སྣེ་མང་རྙོག་འཛིང་དུ་འབྲེལ་ནས་ཡོད་པས། དེ་དག་ལ་བརྗོད་ཀྱིས་མི་ལང་བའི་རིན་ཐང་ཡོད་ པར་འདོད་ཅིང་། ངེད་ཅག་གིས༼བཤད་པ༽དེའི་རིགས་ཀྱི་ལག་ལེན་སོགས་འཁྲབ་སྟོན་ཙམ་དང་། ཁྲོམ་བཤད་ཙམ་དང་། ཆོ་ག་ཕྱག་ལེན་ཙམ་གང་རུང་ཞིག་ཏུ་མཐོང་ནས། དེ་ཚོད་ཀྱི་ལོངས་སྤྱོད་ཅིག་ཉམས་སུ་མྱོང་བཞིན་ཚིམས་པར་གྱུར་ན་ཤིན་ཏུ་ནས་ཕངས་ཆེ་ཟེར་འདོད།
ངག་རྩོམ་འདི་དག་ཕ་མེས་བཀའ་དྲིན་ཅན་དེ་དག་ནས་ད་བར་དུ་ཟམ་མ་ཆད་པར་རྒྱུན་འཛིན་བྱས་ཏེ་ཡོང་ཐུབ་པ་ནི། མི་རབས་མི་རབས་ཀྱི་རྒྱུད་འཛིན་པ་དེ་དག་གི་བཀའ་དྲིན་ཡིན་པ་ཅིས་ཀྱང་རྟོགས་དགོས། འགྱུར་བ་སྐྱེན་པའི་དུས་རབས་ཤིག་ལ། ༼བཤད་པ༽འདི་འདྲ་འཚོལ་སྡུད་བྱས་ཏེ་ཡིག་ཐོག་ལ་ཕབ་པ་དང་། དེ་ནས་པར་སྐྲུན་འགྲེམ་སྤེལ་བྱ་བའམ། ཡང་ན་གྲངས་འཛིན་ཅན་དུ་སྒྱུར་བའི་ལས་ལ་འབད་པའང་། དུས་དང་བསྟུན་པའི་ངག་རྩོམ་སོགས་ཤུལ་བཞག་རིག་གནས་སུ་བསྙད་པ་ཡོད་ཚད་ཀྱི་རྒྱུན་འཛིན་དང་དར་སྤེལ་དུ་གཏོང་བའི་ཐབས་ལམ་ཞིག་ཅིས་ཀྱང་ཡིན་དགོས་པར་འགྱུར་ན། དེབ་འདིའི་སྡུད་སྒྲིག་དང་པར་སྐྲུན་འགྲེམ་སྤེལ་ཁོ་ནའི་ཐད་ནས་ཀྱང་། ཁོང་ལྡོང་ངེ་ཀུན་བཟང་རྒྱལ་དང་ལྡོང་ངེ་ལྷ་མོ་གཉིས་ལ་ཆེད་དུ་བཀའ་དྲིན་བདག་རྐྱེན་ཆེ་ཞུ་རྒྱུ་ཡིན།
གཞན་ད་དུང་སྐབས་བསྟུན་དུ་ངེས་པར་ཞུ་སྙིང་འདོད་པ་ནི། དེབ་འདིའི་མི་སྣ་ངོ་སྤྲོད་ཀྱི་སྐབས་སུ་གནད་ཅན་དུ་ཡི་གེར་ཕབ་འདུག་པའི་ཉིན་ལུང་གི་རྒན་རབས་པ་གྲགས་ཅན་ཚེ་དབང་ཁོང་གི་ལོ་རྒྱུས་བསྡུས་པ་སོགས་ནི་དེ་དེ་བཞིན་དུ་ཡིན་ངེས་ཏེ། ཁོང་གི་བུ་བུ་མོ་རྣམས་ལ་གསལ་ཆ་ཡོད་པ་ལྟ་བུ་ཞིག་ཁོ་བོར་ཆ་རྒྱུས་མེད་ཀྱང་། ཁོ་བོ་ལོ་ན་ཆུང་བའི་དུས་སློབ་གྲྭར་སོང་མ་སོང་གི་ཁ་མཚམས་དེ་དུས་ནས་བཟུང་སྟེ་སློབ་ཆེན་འགྲིམ་པ་ཙམ་གྱི་བར་དུ། སྐབས་ཐོག་སྐབས་ཐོག་ལ་རང་གི་ཕ་མ་གཉིས་དང་། ལྷག་པར་རང་གི་ཁུ་བོ་དྲིན་ཅན་རྨོག་རུ་བཀྲ་ཤིས་རྒྱལ་སོགས་རྒན་རབས་རེ་འགའི་ཞལ་བརྡ་གསུང་གླེང་ལས་ཁོང་དང་འབྲེལ་བའི་སྙན་པ་མང་ཙམ་ཞིག་ཐོས་མྱོང་ཡོད་ཅིང་། ཁོང་བློ་རིག་གསལ་ཞིང་གཏམ་ལ་མཁས་པ། སྤོབས་པ་ཆེ་ཞིང་གཞུང་རྒྱུད་དྲང་བ། དགེ་ལ་སྤྲོ་ཞིང་ཀུ་རེ་ཁ་མཚར་ལ་མཁས་པ་ཞིག་ཡིན་པའི་བག་ཆགས་ཙམ་ཞིག་ཁོ་བོར་ཡོད་ནའང་། ད་ལྟ་ཁོང་གི་མཛད་འཕྲིན་སོགས་ཡིག་ཐོག་ནས་མང་ཙམ་གསལ་ལེར་མཐོང་དུས། དོན་ལ་ཁོང་ནི་སྤྱི་དོན་ལ་རེམ་ཞིང་མི་ཆོས་མཁས་པ་མ་ཟད། གང་མཁྱེན་ཕལ་ཆེར་མེས་པོའི་སྲོལ་རྒྱུན་ཇི་བཞིན་དུ། དུས་ཁྱད་པར་བའི་ནང་ལའང་ལག་ལེན་དུ་ཐེབས་པར་འབད་པ། ལྷ་ཆོས་ཀྱི་ལོ་རྒྱུས་རྟོགས་ཤིང་ལེགས་ཉེས་བླང་དོར་གྱི་གནད་མི་འཆོལ་བ་ཞིག་ཡིན་པ་སོགས་ལ་ངེས་ཤེས་གསར་པ་བྱུང་། དེ་ནི་མཁས་པའི་དབང་པོ་ས་པཎ་མཆོག་གིས་ཇི་སྐད་དུ། སྐྱེ་བོ་ཡོན་ཏན་ཡོད་མེད་པའི། །བླང་དོར་བློ་གྲོས་ལྡན་པ་མཁས། །རྡུལ་དང་འདྲེས་པའི་ལྕགས་ཕྱེ་རྣམས། །ཁབ་ལེན་རྡོ་ཡིས་ལེན་པར་ཤེས། །གསུངས་པ་ནང་བཞིན་དུ་སོང་བར་མཐོང་བས། ད་ལྟ་ཁོང་གི་གསུང་གི་མཛད་པ་སོགས་རྡོ་ལག བརྒྱུད་དང་ཆུ་ལམ་ཞུགས་ཀྱི་ཚུལ་དུ་ད་དུང་མུ་བསྐྱངས་དང་སྐྱོང་བཞིན་པའི་གནས་ཚུལ་སོགས་གྲོང་ཁྱེར་ཞིག་ནས་སྟབས་ལེགས་ཀྱིས་མཐོང་བས། དགའ་སྐྱོ་འདྲེས་མའི་སེམས་ཁམས་ཤིག་གི་ངང་ལ་རྗེས་སུ་ཡི་རང་ངམ། ཡང་ན་རྗེས་དྲན་དང་ཡང་ན་ཕངས་སེམས་ཀྱིས་བསླངས་པ་གང་རུང་ཞིག་ཏུ་གཏོགས་པའི་སེམས་གཏམ་ཞིག་ཀྱང་ཉན་མཁན་ལྟ་མཁན་ལ་ལྟོས་པ་མེད་པར་ཞུས་པ་ལགས་སོ། །

ཞེས་དོན་གྲུབ་ཚེ་རིང་དུ་འབོད་པས་རབ་བྱུང་བཅུ་བདུན་པའི་ཤིང་སྦྲུལ་ལོ། སྤྱི་ལོ༢༠༢༥ལོའི་ཟླ༩པའི་ཚེས༡༠ཉིན་གུས་པས་སྦྱར་བ་དགེ་བར་གྱུར་ཅིག །
དེབ་ཀྱི་དཀར་ཆག

མཇུག་བྱང་།
མཚོ་སྔོན་པོའི་དམངས་ཁྲོད་བཤད་པ་ནི་དམངས་ཁྲོད་ངག་རིག་སྒྱུ་རྩལ་གྱི་དོ་རའི་ཁྲོད་དུ་འོད་མདངས་རྣམ་པར་འཚེར་བའི་ངག་གི་སྒྱུ་རྩལ་ཅིག་ཡིན་ལ། འདིའི་བརྗོད་དོན་གྱི་ཆ་ནས་འཚོ་བའི་རིག་གནས་ཀྱི་གོམས་སྲོལ་དང་དངོས་པོའི་སྣང་བརྙན་སྣ་ཚོགས། ལུགས་ཀྱི་བྱུང་བའི་ངག་རྒྱུན། ངོ་མཚར་རྨད་བྱུང་གི་བསྟོད་ཕྲེང་སོགས་འདུས་ཡོད་པ་ཞིག་ཡིན་ཏེ། བཤད་ཡུལ་གྱི་ཆ་ནས་ཡུལ་གྱི་དགའ་སྟོན་དང་ལུང་པའི་གཉེན་སྟོན་སོགས་སྟོན་མོ་ཆེ་ཆུང་ཀུན་ཏུ་ཡུལ་གྱི་བབ་དང་བསྟུན་ནས། དེ་ལུགས་ཀྱི་ཚིག་གི་སྒྱུ་རྩལ་དང་དོན་གྱི་གནས་ལུགས་ངག་ལ་དྲངས་ནས་ཁྲོམ་ཆེན་པོའི་སྙན་དུ་སྒྲོན་པར་བྱ་བ་ཞིག་ཡིན། བཤད་པའི་ཁྱད་ཆོས་གཙོ་བོ་ནི་ཡུལ་ལུང་གི་ཁ་སྐད་ཀྱི་སྒྲ་གདངས་མ་འགྱུར་བའི་སྒོ་ནས་ངག་ལ་དྲངས་ནས་བཤད་པ་ན། བརྗོད་དོན་གྱི་བསྟན་བྱ་གསལ་ཞིང་ཡིད་དབང་རབ་ཏུ་འགུག་པ་ཞིག་ཡིན་ཕྱིན། འདིར་ཡིག་ངོས་སུ་ཕབ་དུས“ཚངས་བ”དང“རྒྱལ་བོ” “རྫོངས་བ”ལ་སོགས་ཁ་སྐད་ཀྱི་སྒྲ་གདངས་ཇི་བཞིན་ཕབ་ཡོད་པས་ཡིག་ནོར་དུ་འདོད་པའི་བློ་སྤོངས་དགོས།
དཔེ་ཆུང་འདི་ནི་དམངས་ཁྲོད་ཀྱི་བཤད་པ་སྒྱུ་རྩལ་ལ་བྱང་ཆ་ལྡན་པའི་ལྡོང་ངེ་ཀུན་བཟང་རྒྱལ་དང་ལྡོང་ངེ་ལྷ་མོ་གཉིས་ཀྱིས་ཁྱིམ་རྒྱུད་མེས་པོའི་ངག་རིག་སྒྱུ་རྩལ་གྱི་བཤད་པ་སྣ་ཚོགས་ལེགས་པར་བཏུས་ཤིང་། དེའི་སྟེང་དུ་རང་གི་བློ་གྲོས་ལ་བརྟེན་ནས་བཤད་པ་གང་མང་གསར་རྩོམ་བྱས་པ་དག་དག་སྒྲིག་བྱས་ཏེ། ཐེངས་འདིར«མཚོ་སྔོན་པོའི་ངག་རྩོམ་མེས་པོའི་ཁ་རྒྱན»ཞེས་པ་པར་དུ་བསྐྲུན་པའི་སྐལ་བཟང་མངོན་དུ་ཤར་བས། དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་དང་འབའ་སྟོད་པདྨ་དབང་རྒྱལ། ཟམ་ཚ་ཚེ་རིང་དོན་གྲུབ། ཕ་ཡག་རབ་བརྟན། རིག་སྨོན་བསམ་གཏན། རྨོག་རུ་དོན་གྲུབ་ཚེ་རིང་སོགས་ལ་སྙན་སེང་ཕུལ་ནས་བཀའ་འདྲི་བྱས་པ་དང་། ཁོང་རྣམ་པས་ཐུགས་དགྱེས་པ་ཆེན་པོའི་ལམ་སྟོན་ལྷུག་པོར་བསྩལ་ཞིང་། དེབ་འདི་པར་དུ་བསྐྲུན་པ་ལ་གླུ་བ་མཁར་བྱམས་རྒྱལ་དང་། འཁྱམ་ཏཱ་རེ་རྒྱལ། ཀུན་བཟང་རྡོ་རྗེ་བཅས་ཀྱིས་མགོ་མཇུག་བར་གསུམ་དུ་འགན་ཡོངས་སུ་བླངས་པ་ལ་བརྟེན་ནས་དམངས་ཁྲོད་བཤད་པ་སྒྱུ་རྩལ་གྱི་ཚད་ལྡན་དཔེ་དེབ་འདི་བདེ་ལེགས་ངང་ཡོངས་སུ་གྲུབ། ཡིན་ནའང་ང་ཚོ་རྩོམ་སྒྲིག་ཚན་ཆུང་ལ་ཤེས་ཡོན་གྱི་ཆུ་ཚད་ཧ་ཅང་དམའ་བས་ཕྱོགས་གང་ཅིའི་ཐད་ལ་ནོར་བ་ཡོད་ངེས་པས་གཟུར་གནས་མཁྱེན་ལྡན་རྣམས་ཀྱིས་དགོངས་འཆར་ལྷུག་པོར་སྩོལ་རོགས་གནོངས་ཞེས་སྙིང་ནས་ཞུའོ། །
༢༠༢༥ལོའི་སྤྱི་ཟླ༨པའི་ཚེས༥ཉིན་རྩོམ་སྒྲིག་ཚན་ཆུང་གིས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།

青公网安备63252102000006号