-
འབའ་ཡི་ཕྱིང་ཞྭ་ཟེར་བ་ནི་འབའ་རྫོང་གི་འབྲོག་ཕྱོགས་སུ་དར་ཁྱབ་ཆེ་བའི་རྒན་གཞོན་ཕོ་མོ་ཀུན་གྱིས་གྱོན་པའི་ཞྭ་མོ“རྩེག་བུད”ཅེས་པ་དེ་ཡིན་ལ།དེ་ལ་ཕྱིང་ཞྭ་མགོ་རིང་ཞེས་ཀྱང་ཟེར།བཟོས་པ་ཚགས་དམ་ལ་འཕྱོར་ལེགས་པ།སྤུས་བཟང་ཞིང་ངོས་འཇམ་པ་མ་ཟད།དགུན་དྲོ་ཞིང་དབྱར་བསིལ་བའི་ཁྱད་ཆོས་ལྡན།ཕྱིང་ཞྭ་འཇོག་ཚུལ་ནི་སྤང་ཐང་འཇམ་པོའི་ངོས་སུ་རེ་ཕྱར་ཞིག་འདིང་ཞིང་།དེའི་ཐོག་ཏུ་ལུག་བལ་ཞོབ་མོར་བསེད་ནས་འཇོག་དགོས་པ་དང་།དྲོད་གྲངས་རན་པའི་ཕྱིང་ཆུ་ཉུང་ངུ་ཞིག་སྤེན་མས་གཏོར་རྗེས།རེ་ཕྱར་དང་བཅས་པ་ཐག་པས་ཡུན་རིང་པོར་ལེགས་པར་སྒྲིལ་དགོས།དེ་ལྟར་བསྒྲིལ་བ་ལས་བཀྲོལ་ཏེ་རེ་ཕྱར་བཏོན་ནས་ཕྱིང་བ་ཁོ་ན་ད་དུང་ཡུན་རིང་པོར་བསྒྲིལ་དགོས།ཕྱིང་བ་གྲུབ་རྗེས།དེ་ལ་གནོན་བཅག་མང་དུ་གཏོང་བ་དང་ཕུར་མགོར་བསྐོན་ནས་འདེད་ཐེངས་མང་དུ་བྱས་ན་ད་གཟོད་ཕྱིང་ཞྭའི་མགོ་ཚུགས་དང་ཁ་ཀོར་གྲུབ་ཡོང་།དེ་ལ་ད་དུང་གྲི་ཡིས་བྲད་དེ་སྤུ་སིལ་མེད་པར་བཟོ་དགོས་ལ།ཤུར་མ་ནག་པོས་ཁ་ཐུམ་དང་ཁུ་རྟིང་ནག་པོས་སྐེ་ཐག་འཐེན་དགོས།ད་དུང་ཞྭ་རྩེར་སྟོང་སྐུད་དམར་པོའི་ཚར་ལོས་བརྒྱན་པའང་ཡོད།མཐའ་མ་ཞྭ་འཛིན་སྤྲད་ན་ད་གཟོད་ཕྱིང་ཞྭ་ཡོངས་སུ་གྲུབ་པ་རེད།ཕྱིང་བའི་བཟང་ངན་ནི་བསྒྲིལ་ཚད་ལས་མངོན་ལ།བསྒྲིལ་བ་ཇི་ལྟར་མང་ན་དེ་ལྟར་བཟང་ཞིང་།ཕྱིང་བའི་ཡག་བཙོག་དེའང་བལ་གྱི་ཡག་བཙོག་ལ་འབྲེལ་བ་ཡོད་པས།བོད་ལུག་ཕོ་ཐོང་སོ་གཉིས་སམ་སོ་བཞིའི་བལ་ཡིན་ན་ལེགས་པ་དང་།དེ་ཡང་ཁ་ཆུ་སྟེ་བལ་མགོ་བཅད་རྗེས་ཀྱི་བལ་རྟིང་ལོགས་སུ་བཀར་ནས་དབྱིགས་པས་གཏག་སྟེ་སིལ་བུར་བསེད་པ་སོགས་ཀྱི་གོ་རིམ་གང་མང་བརྒྱུད་དགོས་པས།དེ་ཡིས་བཟོས་པའི་ཕྱིང་བ་ནི་ཆར་ཆུས་བརྟོལ་མི་ཐུབ་པ་དང་རྣོ་གྲི་ཡིས་མི་ཆོད་ལ།ཞེ་སྡང་སྡེར་མོས་མི་གཤོག་པའི་བཤད་སྲོལ་ཡོད།ད་དུང་གླིང་གེ་སར་རྒྱལ་བོའི་སྒོམ་ཞུ་བྱ་བའི་ཕྱིང་ཞྭ་དང་།ཡུལ་ལྷ་ཨ་མྱེས་རྨ་ཆེན་གྱིས་མནབས་པའི་ཕྱིང་ཞྭའང་དེ་ཡིན་པའི་བཤད་རྒྱུན་ཡོད།...
2023-04-07 14:29:08 མཚོ་སྔོན་པོ་དྲ་བ། 4741 -
Yourbrowserisnotsupported...
2023-04-03 13:10:30 མཚོ་སྔོན་པོ་དྲ་བ། 4939 -
ཚིག་དང་དབྱངས།ཁོ་བསྟན།ལེན་མཁན།རིག་འཛིན་ཐར།...
2023-03-31 16:31:35 རིག་འཛིན་ཐར། 5186 -
Yourbrowserisnotsupported...
2023-03-31 12:36:39 མཚོ་སྔོན་པོ་དྲ་བ། 3680 -
ལོ་སར་བཀྲ་ཤིས་དགའ་འཁྱིལ།ཚིག་རྩོམ་མཁན།ཆབ་སྐྱ་རེངས།དབྱངས་རྩོམ་མཁན།མགར་བསམ་འགྲུབ་ཚེ་རིང་།ལེན་མཁན།ཁམས་དབང་རྒྱལ།...
2023-03-20 16:40:24 མཚོ་སྔོན་པོ་དྲ་བ། 5874 -
Yourbrowserisnotsupported...
2023-02-01 10:57:39 བསམ་པའི་དོན་འགྲུབ། 5950