• སྲིན་འགོག་རྒྱུ་ཕེ་ནི་སི་ལིན(青霉素)སོགས་ཀྱི་ཉོག་སྤྱོད་འགོག་པའི་འཕྲོད་བསྟེན་རིག་པའི་རྩ་དོན་དང་།འབྲེལ་ཡོད་ཁྲིམས་ལུགས་ཀྱི་དགོངས་པ་དང་བསྟུན་ནས།གཅིག་ཏུ་རྫས་འགྱུར་དང་དངོས་ལུགས་ཀྱིས་གྲུབ་པའི་ནུབ་ལུགས་གནམ་ཁབ་མང་དུ་སྤྱོད་པ་ནི།གནས་སྐབས་ཙམ་དང་དུས་ཡུན་ཐུང་ངུར་ཕན་པ་ལྟར་སྣང་ཡང་།ཡུན་རིང་གི་ལུས་ཁམས་བདེ་ཐང་ལ་གནོད་པའི་ཤེས་བྱར་སློབ་སྦྱོང་དང་ངོས་ཟིན་བྱ་བ་དང་།རང་ཉིད་ཀྱི་ན་ཚ་དང་ཡང་ན་རང་གི་གཅེས་ཕྲུག་གི་ཆམ་པ་སོགས་ལ།ནུབ་སྨན་དང་བོད་སྨན་གང་གིས་གསོ་བཅོས་བྱ་དགོས་མིན་ཆེད་མཁས་སྨན་པར་བཀའ་འདྲི་ཞུ་བ་ལས།རང་ཉིད་ཀྱིས་མི་ཤེས་བཞིན་དུ་ཨུ་ཚུགས་མཐར་སྐྱེལ་གྱིས།ནུབ་ལུགས་གནམ་ཁབ་རྒྱོབས་ཞེས་སྨན་པར་བཀོད་སྒྲིག་མི་བྱེད་པ།གཉིས་སུ་ནུབ་ལུགས་སྲིན་འགོག་རྒྱུ་སོགས་དང་བསྡུར་ཚེ།སྔོ་སྨན་ཤིང་སྨན་འབྲས་བུའི་སྨན་དང་ཐང་སྨན་སོགས་རང་བྱུང་སྨན་རྫས་ཀྱིས་གྲུབ་པའི་ཀྲུང་སྨན་དང་བོད་སྨན་སོགས་ནི་ལྟོས་བཅས་ཀྱིས་ཞོར་སྐྱོན་ཆུང་ཞིང་ལུས་ཕུང་ལ་འཕྲོད་པའི་རྒྱུ་མཚ...

    2023-10-11 09:41:47 ཧྲོང་བོ་ཚེ་བརྟན་རྒྱལ། 29671
  • ཕོ་འབྲས་འབྱུང་བར་གོ་རིམ་རིང་པོ་ཞིག་དགོས་ཏེ།སྔ་གཞུག་ཏུ་ཕོ་བའི་འབྱར་སྐྱི་དང་དལ་གཤིས་ཕོ་ཚད།རྙིད་འཁུམ་རང་བཞིན་གྱི་ཕོ་ཚད།རྒྱུ་མའི་སྟེང་པགས།སྟེང་པགས་ནང་སྐྲན།སྦངས་སིམ་རང་བཞིན་གྱི་འབྲས་སྐྲན་སོགས་ཀྱི་གོ་རིམ་མང་པོ་བརྒྱུད་དགོས་ལ།གོ་རིམ་གང་ཞིག་གི་སྐབས་སུ་གསོ་བཅོས་ལེགས་པོ་བྱས་ན་ཕོ་འབྲས་སྔོན་འགོག་བྱེད་པར་ཕན།...

    2023-10-07 16:08:58 མཚོ་སྔོན་པོ་དྲ་བ། 27337
  • དེ་གཉིས་ཀྱི་ཁྲག་གསོ་མི་ཐུབ།གལ་ཏེ་ཁྲག་གསོ་དགོས་ན།གཞི་རྒྱུ་ལྕགས་ཁ་གསབ་བྱེད་དགོས་པ་དང་།ལྕགས་ནི་ལུས་ཕུང་གི་ཁྲག་དམར་སྤྲི་དཀར་བཟོ་བའི་མ་རྒྱུ་གཙོ་བོ་ཡིན།སིལ་ཏོག་དམར་པོ་དང་ཀ་ན་ནག་པོའི་བྱེད་ནུས་ཅུང་ཆུང་།རྒྱུ་མཚན་ནི་ཀ་ར་ནག་པོ་དང་སིལ་ཏོག་དམར་པོའི་ལྕགས་འདུས་ཚད་མི་མཐོ་ལ།དམར་ཟས་ཁྲོད་ཀྱི་ཕག་མཆིན་དང་དེ་མཆིན་དང་བསྡུར་ན།ཀ་ར་ནག་པོ་དང་སིལ་ཏོག་དམར་པོའི་ལྕགས་འདུས་ཚད་ཧ་ཅང་དམའ།མི་ལུས་ཀྱིས་ཟས་འདི་གཉིས་ཁྲོད་ཀྱི་ལྕགས་བསྡུ་ལེན་བྱེད་ཚད་ཅུང་དམའ།དེར་བརྟེན།སིལ་ཏོག་དམར་པོ་དང་ཀ་ར་ནག་པོ་ནི་ཁྲག་གསོའི་ཟས་མཆོག་མིན་ལ།ཁྲག་གསོ་དགོས་ན།སྲོག་ཆགས་ཀྱི་ཁྲག་དང་ནང་ཁྲོལ་ཟས་ན་དེ་ལས་བཟང་ངོ་།།...

    2023-08-11 16:09:20 མཚོ་སྔོན་པོ་དྲ་བ། 27378
  • ཁྱེད་ཀྱིས་བཏུང་བྱ་ཁུ་ནག་གི་གནོད་སྐྱོན་འདི་དག་ཤེས་སམ།

    བཏུང་བྱ་ཁུ་ནག་འཐུངས་དྲགས་ན་ཕོ་བ་དང་རྒྱུ་མར་གནོད་པ་ཆེ།དེ་སྔ་མི་ཞིག་གིས་བཏུང་བྱ་ཁུ་ནག་གི་ལྕགས་ཀྲིན་ནང་ལྕགས་གཟེར་གཅིག་བླུགས་ནས་ཚོད་ལྟ་བྱེད་སྐབས།དུས་ཚོད་གང་འཚམ་སོང་རྗེས་ལྕགས་གཟེར་དེ་ཞུར་འདུགདེར་བརྟེན་གལ་སྲིད་ང་ཚོས་རྒྱུན་དུ་བཏུང་བྱ་ཁུ་ནག་འཐུངས་དྲགས་ན་ཕོ་བ་དང་རྒྱུ་མར་གནོད་པ་ཆེན་པོ་བཟོ་གི་འདུག།བཏུང་བྱ་ཁུ་ནག་གིས་མངལ་འཁོར་བའི་སྦྲུམ་མར་གནོད་པ་ཆེ།བཏུང་བྱ་ཁུ་ནག་ནང་གི་ཀོག་ཧྥེ་དབྱིན་གྱིས་ཕྲུ་གུའི་ཀླད་པ་དང་སྙིང་སོགས་ལ་གནོད་འཚེ་ཆེ་བས་ཕྲུ་གུ་ཡ་མ་གཟུགས་སྐྱེས་པའམ་ལྷན་སྐྱེས་རང་བཞིན་གྱི་ནད་ཕོག་ཉེན་ཆེ།...

    2023-08-10 08:41:25 མཚོ་སྔོན་པོ་དྲ་བ། 26451
  • སྤྲེལ་འབྲུམ་ནི་སྤྲེལ་འབྲུམ་གྱི་ནད་དུག་མི་ཕྱུགས་གཉིས་ཀར་འགོས་པའི་ནད་ཅིག་ཡིན་ལ།ནད་དུག་དེ་ཕོགས་ཚེ་ལུས་པོར་ཚ་རྒྱས་པ་དང་ལུས་སྟེང་ལ་རྨ་འབུད་པ།རྨེན་མདུད་སྐྲངས་པ་བཅས་ཀྱི་ནད་རྟགས་གཙོ་བོ་མངོན་པའི་འགོས་ནད་རང་བཞིན་ཅན་ཞིག་ཡིན།ད་ཆར་སྤྲེལ་འབྲུམ་མུ་མཐུད་དུ་མི་མང་པོར་འགོ་པ་བཀག་འགོག་བྱས་སྟེ་སྤྱི་དམངས་ཀྱི་ངོས་འཛིན་ཇེ་མཐོར་གཏོང་ཆེད།རྒྱལ་ཁབ་རིམས་ནད་གསོ་རིག་ལྟེ་གནས(ཧྥུ་ཏན་སློབ་ཆེན་ཁོངས་གཏོགས་ཧྭ་ཧྲན་སྨན་ཁང་།)དང་ཀྲུང་ཧྭ་སྔོན་འགོག་གསོ་རིག་ལྷན་ཚོགས་འགོས་ནད་འགོག་ཟོན་ཡན་ལག་ཚོགས་པས་མཉམ་འབྲེལ་སྒོས«སྤྲེལ་འབྲུམ་སྔོན་འགོག་ཐད་ཀྱི་སྤྱི་དམངས་ཀྱི་འགོག་ཟོན་ཕྱོགས་སྟོན(2023)»གཏན་འབེབས་ཀྱི་ལས་དོན་སྤེལ་བ་དང་།དེའི་དམིགས་ཡུལ་ནི་སྤྱི་དམངས་ཀྱིས་སྤྲེལ་འབྲུམ་གྱི་ནད་དུག་ལ་ཤེས་རྟོགས་ཐུབ་ཚད་མཐོ་རུ་བཏང་ནས་སྤྱོད་གོ་ཆོད་ལ་ཕན་ནུས་ལྡན་པའི་སྔོན་འགོག་ཐབས་ཇུས་དང་དེ་བཞིན་ཁ་གཏད་གཅོག་ཐབས་མཁོ་འདོན་བྱ་རྒྱུ་རེད།...

    2023-07-28 09:57:11 མཚོ་སྔོན་པོ་དྲ་བ། 27448
  • དོ་ཕ་ཨེན་ཞེས་པ་ནི་ཀླད་ཆེན་ནང་གི་དབང་རྩའི་བརྡ་རྒྱུ་གལ་ཆེན་ཞིག་ཡིན་ལ།1957ལོར་སྨན་པ་ཁེ་སེ་ལིན·མོང་ཐ་ཀུའུ་ཡིས་ལོན་ཏོན་དང་ཐག་ཉེ་བའི་སྨན་ཁང་ཞིག་གི་ཚོད་ལྟ་ཁང་དུ་མིའི་ལུས་སྟེང་དུ་དོ་ཕ་ཨེན་ཟེར་བའི་དངོས་པོ་ཞིག་ཡོད་པ་ཤེས།མིའི་རིགས་ཀྱི་ཀླད་ཆེན་ནང་གི་ཕྲ་ཕུང་ཁྲི་ཉི་ཤུ་ཆའི་གཅིག་གིས་མ་གཏོགས་དོ་ཕ་ཨེན་ཟགས་ཐོན་བྱེད་མི་ཐུབ་པས།དོ་ཕ་ཨེན་གྱི་ཟགས་ཐོན་ཚད་ཧ་ཅང་དམའ་ནའང་དོ་ཕ་ཨེན་གྱི་ཤུགས་རྐྱེན་ཧ་ཅང་ཆེ་བས།མིའི་རིགས་ཀྱི་བསམ་བློ་དང་བརྩེ་དུང་སོགས་སྙོམས་སྒྲིག་བྱེད་ཐུབ་ལ།མིའི་རིགས་ཀྱི་དགའ་སྐྱོ་ཆགས་སྡང་སོགས་དང་འབྲེལ་བ་དམ་པོ་ཡོད།...

    2023-07-26 16:48:41 མཚོ་སྔོན་པོ་དྲ་བ། 27459
  • ནུས་མཐོ་མིས་བཟོས་བདར་གཟུགས་བཀོལ་སྤྱོད་བྱེད་པར་སྔོན་འགྲོའི་ཆ་རྐྱེན་ཡོད་དེ།མི་ཁ་ཤས་ཀྱི་མིག་ལ་བདར་གཟུགས་འདིའི་རིགས་མི་འཕྲོད་པས།བཙན་གྱིས་བཀོལ་ན་མིག་ཤུགས་ལ་གནོད་པ་ཚབས་ཆེན་ཐེབས་སྲིད།དེ་བས་མིས་བཟོས་བདར་གཟུགས་འདེམས་པའི་སྐབས་སུ་རང་ཉིད་དང་འཚམ་མིན་ལ་བསམ་བློ་གཏོང་བ་ལས།རིན་གོང་ཁོ་ནར་བལྟ་མི་རུང་།གཤག་བཅོས་མ་བྱས་པའི་སྔོན་ལ་ནད་པས་མིས་བཟོས་བདར་གཟུགས་འདེམས་པའི་ཐད་ནས་སྨན་པ་དང་བསམ་བློ་བརྗེ་རེས་བྱས་ཤིང་།རང་ཉིད་ཀྱི་འཚོ་བའི་དགོས་མཁོ་སྨན་པར་བཤད་པ་དང་།དེ་ནས་གཤག་བཅོས་སྔོན་གྱི་བརྟག་དཔྱད་མཇུག་འབྲས་དང་ཟུང་དུ་སྦྲེལ་ཏེ།རང་ཉིད་ལ་ཆེས་འཚམ་པའི་མིས་བཟོས་བདར་གཟུགས་བདམ་དགོས་སོ།།...

    2023-07-10 09:24:10 མཚོ་སྔོན་པོ་དྲ་བ། 28114
  • ད་ནི་དབྱར་ཁའི་ཚ་གདུག་ཆེ་བའི་དུས་ལ་སླེབས་པས།ཉི་འགོག་བྱུག་རྫས་འབྱུག་པའི་དུས་སྐབས་སུ་སླེབས་ཤིང་།ཉི་འགོག་བྱུག་རྫས་གདམ་གསེས་བྱེད་སྟངས་ལ་མཉམ་འཇོག་ལེགས་པོ་བྱེད་དགོས།“ཉི་འགོག་བྱུག་རྫས་ནི་སྐྱེ་ལྡན་ཉི་འགོག་བྱུག་རྫས(རྫས་འགྱུར་ཉི་འགོག་བྱུག་རྫས)དང་སྐྱེ་མེད་ཉི་འགོག་བྱུག་རྫས(དངོས་ལུགས་ཉི་འགོག་བྱུག་རྫས)གཉིས་སུ་དབྱེ་ཞིང་།ཉི་འགོག་བྱུག་རྫས་འབྱུག་ཚུལ་ཡང་དག་ཡིན་ན།དེས་སྐྱི་པགས་ཀྱི་ངོས་ལ་སྲུང་ཡོལ་སྲབ་མོ་ཞིག་བཀབ་པ་ལྟར་སྨུག་ཕྱིའི་འོད་ཐིག་གི་ལྡོག་འཕྲོ་ཇེ་ཉུང་དུ་གཏོང་ཐུབ”ཅེས་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་གི་ལས་བྱེད་པས་དེ་ལྟར་མཚམས་སྦྱོར་བྱས།...

    2023-07-05 08:48:30 མཚོ་སྔོན་པོ་དྲ་བ། 28223

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།