སྦྲུལ་དུག་འགོག་བཅོས།
རྩོམ་པ་པོ།:ཧྲོང་བོ་ཚེ་བརྟན་རྒྱལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-02-19 08:21:51
ཀློག་གྲངས།:1692
གཅིག སྦྲུལ་གྱིས་ཟིན་རྟགས།
ལུས་ཀྱི་ཕྱོགས་གང་དུ་ཁ་ཆུའམ་བཤེར་བ་ཙམ་ལས་མཆེ་བའི་རྗེས་མི་མངོན་པ་དེ་ལ་མཆུས་གནོད་པ་ཞེས་པ་དང་། མཆེ་བ་གཅིག་གི་རྗེས་གཉིས་མངོན་ཞིང་ཁྲག་མེད་པ་ནི་བལྡགས་པ་ཞེས་བྱ་བ། མཆེ་བའི་རྗེས་གཉིས་ཁྲག་དང་བཅས་པར་སྣང་བ་ནི་རྣམ་པར་བཅད་པ་ཞེས་བྱ་བ། མཆེ་བའི་རྗེས་བཞི་སྣང་ཞིང་ཁྲག་རྒྱུན་མི་ཆད་པར་སྣང་བ་ནི་སོས་ཤ་ཁྲག་བཙིར་བ་ཞེས་བྱ་བ་དེ་དག་ལས་སྔ་མ་གཉིས་ནི་དུག་མེད་ཅིང་། ཕྱི་མ་གཉིས་ལ་དུག་ཆེ་བས་གསོ་དཀའ་བ་ཡིན་ཏེ། སྦྲུལ་གྱི་དུག་ནི་ཁྲག་ལ་མ་བརྟེན་པར་ལུས་ལ་གནོད་པ་མི་བྱེད་ཅིང་། ཁྲག་ལ་བརྟེན་ནས་གནོད་པར་བྱེད་པ་སྟེ། སྦྲུལ་དུག་དེ་ཁྲག་ཅུང་ཟད་ལ་བརྟེན་ཡང་ཏིལ་མར་གྱི་ཐིགས་པ་ཆུ་ལ་བླུགས་པ་བཞིན་དུ་མཆེད་པར་འགྱུར་བའི་ཕྱིར་རོ། །①
གཉིས། སྦྲུལ་དུག་བཅོས་ཐབས།
དུག་སྦྲུལ་གྱི་མཆེ་བས་བཏབ་པའི་རྨའི་སོར་བཞིའི་གོང་འོག་ཏུ་སྨན་པས་རས་སམ་སྐུད་པས་དུག་དེ་རྩ་སྒོ་ལས་མི་འགྱུར་ཞིང་། ལུས་འཁྱིལ་བ་མ་གཏོགས་པའི་གཞན་རྣམས་ཀྱི་དུག་ལ་ལྕགས་ཏེལ་དང་གསེར་ཏེལ་གང་རུང་གིས་བསྲེགས་ན་དུག་དེ་གཞོམ་པར་འགྱུར། ཡང་ན་རྨ་དེ་བཙིར་ནས་ཁྲག་དབྱུང་བའམ་རྔབས་རྭ་བཙུགས་ཏེ་རྨ་ནང་གི་བཙོག་རིགས་དང་ཁྲག་སོགས་འཇིབ་ཅིང་། ཡང་ན་རྨའི་སོར་བཞིའི་གོང་འོག་ཏུ་བཅིངས་པའི་ནང་དུ་ཤ་ཆོ་བའི་ཕྱོགས་སུ་ཞལ་ཞལ་བྱས་ལ་བྱུག་སྨན་བསྐུ་ཞིང་། དུག་གིས་ལུས་ཟུངས་ཁྱབ་ཅིང་ཁྲག་ལ་གནས་པའི་ཕྱིར་རྨ་དང་གང་ཉེ་ནས་གཏར་ཏེ་ཁྲག་འདོན་པ་ནི་གསོ་བའི་མཆོག་ཡིན་ཏེ། ཁྲག་འཕྱུངས་པ་དང་དུག་དབྱུང་བའི་ཕྱིར་རོ། ། སྨན་ལ་རྒྱ་སྤོས་ལྔ་པ་དང་། གུ་གུལ་བཞི་པ་ལ་བཏབ་པས་སྦྲུལ་དུག་འཇོམས།②ཞེས་པ་ལྟར་དང་། ལོ་འགའི་སྔོན་དུ་མགོ་ལོག་པདྨའི་སྨན་པ་ཞིག་དང་ཁ་བརྡ་བྱས་པ་ལས། ཁོས་བཤད་པ་ལྟར་ན་པདྨ་ས་ཁུལ་གྱི་ཉམས་མྱོང་ནི་སྦྲུལ་གྱིས་མི་ལ་རྨུགས་པ་ན། དེ་མ་ཐག་མི་དེ་མགྱོགས་པོར་ཆུ་ཁར་བརྒྱུགས་ཏེ་ཆུ་བཏུང་དགོས་ཤིང་ཁོང་དུ་གླ་རྩི་བསྟེན་དགོས་ཟེར། དེ་ལྟར་མི་དེས་སྦྲུལ་གྱི་སྔོན་དུ་ཆུ་འཐུང་བ་ཡིན་ན་སྦྲུལ་དུག་གིས་མི་གནོད་ཟེར། དེ་ལྟར་མ་ཡིན་པར་དུས་ཚོད་འགོར་ན་སྦྲུལ་དེ་ཆུ་འགྲམ་དུ་ཐོན་ཏེ་ཆུ་སྔོན་དུ་བཏུང་ཚེ་མིའི་ལུས་ཀྱི་སྦྲུལ་དུག་རྒྱས་ནས་ཚེ་སྲོག་ལ་ཉེན་ཁ་ཆེ་ཟེར། གླ་རྩིའི་ནུས་པ་ནི་ཤེལ་གོང་ཤེལ་ཕྲེང③ལས། གླ་རྩིས་དུག་སྲིན་མཁལ་ནད་གཉན་ཚད་སེལ། །ཞེས་པར། རིན་སྤུངས་ལས། གླ་རྩི་ཤིན་ཏུ་བསིལ་བའི་མཆོག །ཅེས་པར། གླ་རྩི་ནི་སྦྲུལ་དུག་གི་གཉེན་པོ་ཡིན་པ་གསལ་པོར་གསུངས་འདུག་པ་ལས་ཀྱང་། སྨན་པ་འདིས་བཤད་པའི་གླ་རྩི་བསྟེན་ན་སྦྲུལ་དུག་སེལ་ཞེས་པའང་དོན་ལ་གནས་པར་སེམས་སོ། །
གཞན་དུ་ཆུ་མྱུར་དུ་བཏུང་ན་ཡང་སྦྲུལ་དུག་སེལ་ཚོད་རེད། 2024ལོའི་ཟླ3པའི་ཚེས26ཉིན་ཀྲུང་གོའི་གླིང་ཕྲན་ཤར་མཐའ་རྒུ་མཐའ་རུ་འབོད་པའི་ཧྲན་ཡ་རུ་སོང་དུས། གོ་ཡུའི་ལུང་པ་ནས་ལི་རིགས་ཀྱི་གསར་བུ་ཞིག་གིས་ཁོ་ཚོའི་ཁྱད་ནོར་དམངས་སྲོལ་གསོ་བཅོས་སྐོར་ཞིག་ངོ་སྤྲོད་བྱེད་དུས་སུ། སྦྲུལ་གྱིས་རྨུགས་པ་ན་དེ་མ་ཐག་སྲིན་བུ་པདྨས་རྨ་ཁ་དེ་རུ་ཁྲག་གཞིབ་ཏུ་འཇུག་རྒྱུ་ཐབས་མཆོག་ཡིན་པ་དང་། སྦྲུལ་གྱིས་སོ་བཏབ་པའི་གནས་དེ་ནས་སྲིན་བུ་པདྨས་ཁྲག་གཞིབ་རྗེས་སྦྲིད་ཟུག་གི་ཚོར་བ་མེད་ན་དེས་ཆོག་ཟེར།
གསུམ། སྔོན་འགོག
སྦྲུལ་ཡོད་པའི་ས་ཆ་རུ་བྱིས་པ་སོགས་ཀྱིས་སྦྲུལ་བཟུང་སྟེ་རྩེད་མོ་རྩེད་པའམ། སྦྲུལ་ཁུང་སློག་པ། སྦྲུལ་སྒོང་འཁྱེར་བ་བཅས་ཀྱི་བྱ་སྤྱོད་ལ་འཛེམ་པ་དང་། གཞན་ཡང་མི་རྒན་དར་ཡིན་ཡང་སྦྲུལ་མང་ས་ནས་སྦྲུལ་གྱིས་རྨུགས་པར་དོགས་ཟོན་བྱ་དགོས་སོ། །
ལུང་ཁུངས།
①② ཀྲུང་གོའི་གསོ་རིག་ཀུན་འདུས་ལས་བོད་ཀྱི་གསོ་བ་རིག་པ། (སྨད་ཆ) བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས2000ལོའི་ཟླ4པར་བོད་དུ་པར་ཐེངས2པ་བཏབ། p408 p410-411
③ ཤེལ་གོང་ཤེལ་ཕྲེང་། དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་བརྩམས། p169

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
འོས་སྦྱོར།
བརྗེ་སྒྱུར།