• གཞན་གྱི་སྐྱོན་ཡོན་མཐོང་སླ་ཡང་།།རང་གི་སྤྱོད་ཚུལ་མཐོང་བར་དཀའ།།མཚོ་ནང་ནམ་མཁའི་ཟླ་སྐར་ཀུན།།གསལ་ཡང་རང་གི་གཏིང་མི་མཐོང་།།...

    2025-07-21 08:04:54 གུང་ཐང་བསྟན་པའི་སྒྲོན་མེ། 9156
  • ལུས་ཅན་ནང་གི་སྐྱོན་ཡོན་རྣམས།།ཕྱི་རོལ་སྤྱོད་པས་མཚོན་ནུས་ཏེ།།ཆུ་སྐྱར་ལྡིང་བས་ཆུ་བོ་དང་།།དུ་བ་ལས་ནི་མེར་ཤེས་བཞིན།།...

    2025-07-18 08:23:18 གུང་ཐང་བསྟན་པའི་སྒྲོན་མེ། 9359
  • མི་བསྲུན་སྐྱེ་བོ་གདམས་པ་ལས།།ནན་ཏུར་ལས་ཀྱིས་གདུལ་བར་སླ།།གོས་ཀྱི་དྲི་མ་འཁྲུད་པ་ལ།།གཙང་མའི་ཆུ་ལས་འགྱུར་བྱེད་བཟང་།།...

    2025-07-17 08:27:54 གུང་ཐང་བསྟན་པའི་སྒྲོན་མེ། 9391
  • དམ་པ་མཐོ་དམན་འབྱོར་རྒུད་སོགས།།ཅིས་ཀྱང་རང་བཞིན་མི་འགྱུར་ཏེ།།ཆུ་བོ་བསིལ་ལམ་ཚ་ན་ཡང་།།རླན་གྱི་རང་བཞིན་ག་ལ་འདོར།།...

    2025-07-16 07:59:29 གུང་ཐང་བསྟན་པའི་སྒྲོན་མེ། 9414
  • སྐྱེ་བོ་ངན་པ་བཅོས་ན་ཡང་།།རྐྱེན་དང་འཕྲད་ཚེ་རང་འཚང་སྟོན།།ཆུ་ཀླུང་འོལ་ཁ་བསྒྱུར་བ་དེ།།བྲུབས་ཚེ་སྔར་གྱི་ལམ་དུ་འགྲོ།།...

    2025-07-15 08:09:54 གུང་ཐང་བསྟན་པའི་སྒྲོན་མེ། 9466
  • དམུ་རྒོད་སྐྱེ་བོས་སུན་ཕྱུང་རྣམས།།དམ་པ་ལ་ཡང་ཡིད་མི་ཆེས།།ཆུ་ཟླས་བསླུས་བྱས་ངང་པ་ཡིས།།ཉིན་མོའང་པད་རྩ་ཟ་མི་བྱེད།།...

    2025-07-14 08:38:05 གུང་ཐང་བསྟན་པའི་སྒྲོན་མེ། 9587
  • མི་ངན་རེ་རེའི་བྱེད་པས་ཀྱང་།།ཡུལ་ཁམས་ཆེན་པོ་ཕུང་བར་བྱེད།།དྲང་སྲོང་གདུག་པ་མཆོངས་པ་ཡིས།།སི་ཏ་ཚལ་བརྒྱར་གྱེས་ཞེས་གྲགས།།...

    2025-07-11 08:28:48 གུང་ཐང་བསྟན་པའི་སྒྲོན་མེ། 9690
  • ཁྲེལ་མེད་རྣམས་ལ་ཕན་བཏགས་ཀྱང་།།བྱ་བ་ཟིན་ན་བརྗེད་པར་འགྱུར།།ཆུ་བོའི་ཕ་རོལ་བརྒལ་བ་ན།།གྲུ་གཟིངས་ལྟོས་པ་མེད་པར་འདོར།།...

    2025-07-10 08:11:12 གུང་ཐང་བསྟན་པའི་སྒྲོན་མེ། 9746
  • དམ་པ་རྣམས་ལ་གནོད་བྱས་ཀྱང་།།ཁྲོ་མེད་བཟོད་པས་བདེ་བར་གནས།།བཙོ་ཡི་སྔགས་ཀྱིས་བཏབ་པའི་ཆུ།།ཁོལ་བཞིན་པ་ཡིས་བྲན་ཀྱང་བསིལ།།...

    2025-07-09 08:17:04 གུང་ཐང་བསྟན་པའི་སྒྲོན་མེ། 9798
  • མ་རབས་གཅེས་པར་བསྐྱངས་ན་ཡང་།།དྲིན་དུ་མི་ཚོར་འཁྲུག་པར་བྱེད།།བསིལ་བའི་ཆུ་ཡིས་བྲན་ན་ཡང་།།རྡོ་ཞུན་ལྷག་པར་ཁོལ་ཞིང་ཚ།།...

    2025-07-07 08:14:24 གུང་ཐང་བསྟན་པའི་སྒྲོན་མེ། 9910
  • ཐ་ཤལ་རྣམས་ནི་མགུ་སླ་ཞིང་།།མགུ་བའི་མོད་ལ་ཁྲེལ་ཡང་སླ།།ཕུ་ཐག་ཐུང་བའི་ཆུ་ཕྲན་དེ།།བྲུབས་དང་བྲི་བ་ཡུད་ཙམ་ཡིན།།...

    2025-07-03 07:46:09 གུང་ཐང་བསྟན་པའི་སྒྲོན་མེ། 10148
  • ཡངས་པའི་རྒྱལ་ཁམས་མ་མཐོང་བ།།ས་མཐའི་བློན་པོ་རང་མཐོང་ཆེ།།ཁྲོན་པའི་ཆུ་ལ་འགྱིངས་པ་ཡི།།རུས་སྦལ་རྒྱ་མཚོའི་གཏམ་གྱིས་ཤི།།...

    2025-07-02 07:38:27 གུང་ཐང་བསྟན་པའི་སྒྲོན་མེ། 10237
  • རིགས་ངན་ཅུང་ཟད་འབྱོར་ན་ཡང་།།རྒྱལ་པོ་ལྟ་བུའི་ཁེངས་དྲེགས་འཛིན།།གཅོང་རོང་དོག་མོའི་ཆུ་ཕྲན་འདི།།འུར་སྒྲ་རྒྱ་མཚོའི་རྦ་ཀློང་འདྲ།།...

    2025-07-01 09:43:50 གུང་ཐང་བསྟན་པའི་སྒྲོན་མེ། 10265
  • ཉམ་ཆུང་སྟེང་དུ་དཔའ་ཐལ་ན།།ཉམ་ངའི་གཡང་དུ་ལྷུང་འགྱུར་ཏེ།།ཆུ་ལ་རྐྱལ་གྱིས་དྲེགས་པའི་ཉ།།སྐམ་ལ་ཡར་ན་འཆི་བར་འགྱུར།།...

    2025-06-30 07:16:58 གུང་ཐང་བསྟན་པའི་སྒྲོན་མེ། 10307
  • ཁེངས་དྲེགས་སྤྱོད་པ་རྩིང་བ་ལ།།དོན་མེད་རྣམས་ཀྱང་དགྲ་རུ་སྡང་།།རྒྱགས་ཤིང་འཕྱར་བའི་གངྒཱ་མ།།ཛ་ཧཱུ་ཁྲོས་པས་ཧུབ་ཀྱིས་བཏུངས།།...

    2025-06-27 07:43:54 གུང་ཐང་བསྟན་པའི་སྒྲོན་མེ། 10596
  • བློ་ལྡན་རང་བཞིན་བཟང་པོ་དེ།།མཆོག་དམན་བར་མ་ཀུན་གྱིས་བསྟེན།།འཇུག་ངོགས་བདེ་བའི་རྫིང་བུ་ལ།།སྐྱེ་བོ་ཐམས་ཅད་དགའ་བཞིན་འཇུག།...

    2025-06-26 08:56:11 གུང་ཐང་བསྟན་པའི་སྒྲོན་མེ། 10528
  • སྡིག་གྲོགས་གཡེམ་མའི་འཛུམ་དཀར་ལས།།ཤ་ཚའི་གདུག་རྩུབ་ཁྲོ་གཉེར་བཟང་།།ཐན་ཁྱེར་སྤྲིན་གྱི་མདོག་དཀར་ཡང་།།ཆུ་ལྡན་སྤྲིན་ནག་ཞིང་པའི་གསོས།།...

    2025-06-25 07:57:31 གུང་ཐང་བསྟན་པའི་སྒྲོན་མེ། 10583
  • འགྲོགས་ན་ལེགས་སྤྱོད་འཕེལ་འགྲིབ་ལས།།དགེ་དང་སྡིག་པའི་གྲོགས་འགྱུར་ཏེ།།དྭངས་བསིལ་འདྲ་ཡང་ཕན་གནོད་ལས།།སྨན་གྱི་ཆུ་དང་དུག་ཆུ་འཇོག།...

    2025-06-24 08:06:44 གུང་ཐང་བསྟན་པའི་སྒྲོན་མེ། 10628
  • མཁས་པས་བདེན་རྫུན་བརྟགས་ནས་བྱེད།།བླུན་པོ་གྲགས་པའི་རྗེས་སུ་རྒྱུག།ཆུ་ནང་ཅལ་གྱི་སྒྲ་བསྒྲགས་པས།།གཅན་གཟན་རི་དྭགས་ཕལ་ཆེར་བྲོས།།...

    2025-06-23 08:08:00 གུང་ཐང་བསྟན་པའི་སྒྲོན་མེ། 10748
  • རྣ་བ་སྲབ་པའི་མཛའ་གཅུགས་དེ།།རིང་མིན་དབྱེན་གྱིས་སོ་སོར་གཏོང་།།ཆུ་དང་འོ་མ་རོ་གཅིག་དུ།།འདྲེས་པ་ངང་པའི་མཆུ་ཡིས་འབྱེད།།...

    2025-06-20 08:12:46 གུང་ཐང་བསྟན་པའི་སྒྲོན་མེ། 10925
  • རྒྱུས་མེད་མི་ལ་གསར་འགྲོགས་ཀྱིས།།ཡིད་བརྟན་བྱེད་པ་ཉམས་པའི་རྒྱུ།།རྒྱལ་སྲས་ངང་པའི་སྡེ་དཔོན་ཡང་།།མཚོ་གསར་བརྟེན་པས་རྙི་ཡིས་ཟིན།།...

    2025-06-19 08:20:29 གུང་ཐང་བསྟན་པའི་སྒྲོན་མེ། 11025
  • ཆེ་མཐོ་བརྟེན་པས་དཔལ་ཐོབ་ཀྱང་།།དེ་ལས་ལྷག་པའི་འཇིགས་པ་འབྱུང་།།རྒྱ་མཚོ་རིན་ཆེན་འབྱུང་གནས་དེ།།གདུག་ཅན་ན་ཀྲའི་གྲོང་ཡང་མིན།།...

    2025-06-18 08:12:12 གུང་ཐང་བསྟན་པའི་སྒྲོན་མེ། 11089
  • བརྩེ་ཞིང་ཕན་གདགས་ནུས་པ་དེར།།སྐྱེ་བོ་ཐམས་ཅད་ངང་གིས་འདུ།།ཡིད་བཞིན་གྱི་ནི་རྒྱ་མཚོའི་ངོགས།།འགྲོ་བ་ཀུན་གྱིས་བརྟེན་པར་བྱེད།།...

    2025-06-17 08:15:07 གུང་ཐང་བསྟན་པའི་སྒྲོན་མེ། 11195
  • ཁེངས་དྲེགས་གདུག་རྩུབ་ཆེ་བ་ཡིས།།སྤུན་ལ་སུ་ཡང་བརྟེན་མི་སྤྲོ།།ཤིན་ཏུ་འཁྲུགས་པའི་རྦ་ཀློང་དུ།།ཉ་ལ་སོགས་ཀྱང་སྡོད་མི་བྱེད།།...

    2025-06-16 08:48:28 གུང་ཐང་བསྟན་པའི་སྒྲོན་མེ། 11177
  • གཙོ་བོ་ངན་པ་རྟག་བཀུར་ཡང་།།གསུག་དང་བྲལ་བ་ཙམ་གྱིས་སྡང་།།ཆུ་བོ་ཉིན་ཞག་མང་བསྐོལ་ཡང་།།མེ་དང་བྲལ་བའི་མོད་ལ་གྲང་།།...

    2025-06-13 08:31:19 གུང་ཐང་བསྟན་པའི་སྒྲོན་མེ། 11370

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།