«བོད་སྨན་གསོ་རིག་བསྟན་བཅོས་རྩ་ཆེན་ཕྱོགས་བསྒྲིགས»པར་སྐྲུན་བྱས།

རྩོམ་པ་པོ།: ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དུས་ཚོད།:2026-07-22 08:40:15 ཀློག་གྲངས།:
       ཉེ་ལམ། ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་བོད་སྨན་ཁང་གིས་བསྒྲིགས་པའི«བོད་སྨན་གསོ་རིག་བསྟན་བཅོས་རྩ་ཆེན་ཕྱོགས་བསྒྲིགས»པོད་ལྔ་ཅན་དེ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།
       དེབ་ཚོགས་འདིར་རྗེ་གཡུ་ཐོག་ཡོན་ཏན་མགོན་པོ་མཆོག་གིས་མཛད་པའི«རྒྱུད་བཞི།»མཆན་ཅན་དང«རྒྱུད་བཞི།»དབུ་མེད་བྲིས་མ་མཆན་ཅན། བློ་བཟང་ཆོས་འཕེལ་མཆོག་གིས་མཛད་པའི«སྨན་གཞུང་གཅེས་བཏུས་སྙིང་ནོར།» དེའུ་དམར་བསྟན་འཛིན་ཕུན་ཚོགས་མཆོག་གིས་མཛད་པའི«མེ་བཙའི་གདམས་པ་རྒྱས་སྤྲོས་གསལ་སྟོན་ཤེལ་དཀར་མེ་ལོང་།» བློ་གྲོས་མཐའ་ཡས་མཆོག་གིས་མཛད་པའི«མན་ངག་ཡོན་ཏན་རྒྱུད་ཀྱི་རྣམ་བཤད།» སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་གིས་མཛད་པའི«མན་ངག་ཡོན་ཏན་རྒྱུད་ཀྱི་ལྷན་ཐབས་ཟུག་རྔུའི་ཚ་གདུང་སེལ་བའི་ཀ་ར་དུས་མིན་འཆི་ཞགས་གཅོད་པའི་རལ་གྲི།» བྱང་པ་རྣམ་རྒྱལ་གྲགས་བཟང་མཆོག་གིས་མཛད་པའི«ཕྱི་མ་རྒྱུད་ཀྱི་བཀའ་འགྲེལ།» ལུང་རིགས་བསྟན་དར་མཆོག་གིས་མཛད་པའི«སྨན་གྱི་རྒྱུད་བཞིའི་བརྡ་དང་དོན་འགའ་ཞིག་བཀྲོལ་བ་རྣམ་རྒྱལ་ཨ་རུ་རའི་འཕྲེང་བའི་མཛེས་རྒྱན།» ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན་མཆོག་གིས་མཛད་པའི«དྲི་མེད་ཤེལ་ཕྲེང་ནས་བཤད་པའི་སྨན་གྱི་འཁྲུངས་དཔེ་མཛེས་རྒྱན།» གྲུབ་ཆེན་ཨུ་རྒྱན་པ་མཆོག་གིས་མཛད་པའི«སྨན་སྦྱོར་དང་དངུལ་ཆུའི་ཕྱག་ལེན་སྐོར།»སོགས་དང་། དེ་མིན་མཛད་པ་པོ་མི་གསལ་བའི་གཞུང«སྨན་གྱི་འཁྲུངས་དཔེ་དཔེ་རིས།»དང་། «འཚོ་བྱེད་ལས་དང་པོ་པ་ལ་ཉེ་བར་མཁོ་བའི་ཟིན་ཏིག་བདུད་རྩི་ཐིག་པའི་སྐབས་ཉེ་བར་མཁོ་བའི་བསྡུ་སྤོད་དགོས་དགུའི་བང་མཛོད་བེེརྱའི་ལྡེའུ་མིག་བིཧརཏིསྨ།» «གསོ་རིག་མན་ངག་གཅེས་བཏུས་ཀུན་འདུས་གཏེར་མཛོད།» «རྗེ་བཙུན་གཡུ་ཐོག་ཡོན་ཏན་མགོན་པོ་རྙིང་མའི་རྣམ་པར་ཐར་པ་བཀའ་རྒྱ་མ་གཟི་བརྗིད་རིན་པོ་ཆེའི་གཏེར་མཛོད།»བཅས་ཡོད་ལ། གཞན་ཡང་། མཁས་པའི་དབང་པོ་མ་ངེ་གྲགས་པ་རྒྱ་མཚོས་མཛད་པའི་གསུང་རྩོམ་ལས་བྱུང་བའི་དཔེ་དེབ་ཁག་ཅིག་ཀྱང་འདིར་བསྡུས་ཏེ། སྲོལ་རྒྱུན་གྱི་དཔེ་གཟུགས་སྣ་རིང་མ་ཇི་བཞིན་སོར་འཇོག་གིས་བཞེངས་ཡོད་ལ།དེར་དབུ་ཅན་དང་དབུ་མེད་ཀྱི་ཡིག་གཟུགས་ཅི་རིགས་དང་། པར་མ་དང་བྲིས་མའི་པར་གཞི་གང་རུང་འདུས་ཡོད་པར་མ་ཟད། གསོ་རིག་གི་བྲིས་ཆ་ཡང་སྣ་ཚོགས་ཤིག་འདུས་ཡོད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།