• ཁོང་མཛངས་བསོད་ནམས་བསགས་པའི་མི།།གཅིག་པུ་ཡིན་ཡང་ཀུན་ལས་རྒྱལ།།རི་དྭགས་རྒྱལ་བོ་སེང་གེ་དང་།།འཁོར་ལོས་སྒྱུར་ལ་གྲོགས་མི་དགོས།།...

    2025-04-03 07:56:11 ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། 21393
  • བློ་གྲོས་ལྡན་པ་གཉིས་བགྲོས་ན།།བློ་གྲོས་ལེགས་པ་གཞན་འབྱུང་སྲིད།།ཡུང་བ་དང་ནི་ཚ་ལ་ལས།།ཁ་དོག་གཞན་ཞིག་སྐྱེ་བར་འགྱུར།།...

    2025-04-02 08:13:33 ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། 21595
  • ཤེས་རབ་ལྡན་པར་མགོ་བསྐོར་ཡང་།།བྱ་བའི་ཆ་ལ་རྨོངས་མི་འགྱུར།།སྲོག་ཆགས་གྲོག་མར་མིག་མེད་ཀྱང་།།མིག་ལྡན་གཞན་ལས་ལྷག་པར་མགྱོགས།།...

    2025-04-01 08:20:39 ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། 21945
  • མཁས་པ་ཇི་ལྟར་ཐབས་བརྡུགས་ཀྱང་།།བླུན་པོ་འཇུག་པའི་ལམ་མི་འགྲོ།།ཆར་སྡོད་བྱིའུ་སྐོམ་ན་ཡང་།།ས་ལ་བབས་པའི་ཆུ་མི་འཐུང་།།...

    2025-03-27 08:19:42 ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། 22430
  • བློ་ཆུང་གྲོས་ཉེས་འཁྲུགས་པའི་ཚེ།།བློ་ལྡན་ཐབས་ཀྱིས་བདེ་བར་གསོ།།ཆུ་ཀླུང་རྙོག་པས་ཆུད་གཟན་པ།།ཆུ་དྭངས་ནོར་བུས་དྭངས་པར་བྱེད།།...

    2025-03-26 08:16:03 ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། 22239
  • མཁས་པ་ཤེས་རབ་ཀྱིས་བསྲུངས་ན།།དགྲ་བོ་མང་ཡང་ག་ལ་ཚུགས།།འཕགས་རྒྱལ་གྱི་ནི་བྲམ་ཟེའི་བུ།།གཅིག་པུས་དགྲ་བོའི་ཚོགས་ཀུན་བཅོམ།།...

    2025-03-25 08:21:45 ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། 22266
  • མཁས་པ་ཡོན་ཏན་དཔག་མེད་ཀྱང་།།གཞན་གྱི་ཡོན་ཏན་ཆུང་ངུའང་ལེན།།དེ་ལྟར་རྒྱུན་དུ་སྤྱད་པ་ཡིས།།མྱུར་དུ་ཐམས་ཅད་མཁྱེན་པར་འགྲོ།།...

    2025-03-24 08:34:01 ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། 22400
  • མཁས་པའི་ཡོན་ཏན་ཀུན་བསླབས་པ།།མཐར་ཕྱིན་གཅིག་གིས་འཇིག་རྟེན་གསལ།།བློ་ངན་ཤེས་པ་མང་ན་ཡང་།།རྒྱུ་སྐར་བཞིན་དུ་གསལ་མི་ནུས།།...

    2025-03-21 08:13:27 ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། 22705
  • ཡོན་ཏན་ལྡན་ན་སྐྱེ་བོ་ཀུན།།མ་བསྡུས་པར་ཡང་རང་ཉིད་འདུ།།དྲི་ལྡན་མེ་ཏོག་རྒྱང་རིང་ཡང་།།བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར།།...

    2025-03-20 08:22:03 ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། 22764
  • མཁས་པ་བརྩད་ཅིང་མ་དྲིས་པ།།དེ་ཡི་བར་དུ་གཏིང་མི་དཔོགས།།རྔ་ལ་དབྱུ་གུས་མ་བསྣུན་པར།།དེ་སྲིད་གཞན་དང་ཁྱད་ཅི་ཡོད།།...

    2025-03-19 08:12:07 ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། 22984
  • བདག་ཉིད་ཆེན་པོ་གནས་པའི་སར།།མཁས་པ་གཞན་དག་སུ་ཡིས་བརྩི།།མཁའ་ལ་ཉི་མ་ཤར་བ་ན།།རྒྱུ་སྐར་མང་ཡང་མཐོང་མི་འགྱུར།།...

    2025-03-18 08:34:41 ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། 23227
  • ཇི་ལྟ་ཇི་ལྟར་རྗེ་དཔོན་གྱིས།།འཁོར་ལ་དྲིན་གྱིས་བསྐྱངས་གྱུར་པ།།དེ་ལྟ་དེ་ལྟར་འཁོར་གཡོག་རྣམས།།རྗེ་དཔོན་ཉིད་ཀྱི་བྱ་བ་སྒྲུབ།།...

    2025-03-17 08:24:54 ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། 23491
  • བསྟོད་པས་དགའ་བར་མི་འགྱུར་ལ།།སྨད་པས་མི་དགར་མི་འགྱུར་ཞིང་།།རང་གི་ཡོན་ཏན་ལེགས་གནས་པ།།སྐྱེ་བོ་དམ་པའི་མཚན་ཉིད་ཡིན།།...

    2025-03-14 08:16:31 ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། 23939
  • བདག་ཉིད་ཆེ་ལ་སྐྱེ་བོ་རྣམས།།སྐྱོན་འཚོལ་འགྱུར་གྱི་དམན་ལ་མིན།།འཕན་ཟེལ་རིན་ཆེན་ལ་ལྟ་ཡི།།མགལ་དུམ་ལ་ནི་སུ་ཞིག་སྤྱོད།།...

    2025-03-13 08:14:59 ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། 24171
  • སྐྱེས་མཆོག་རྣམས་ལ་དམན་པ་རྣམས།།ཁྲོ་ཡང་ལན་དུ་ག་ལ་ཁྲོ།།ཅེ་སྤྱང་དྲེགས་པས་སྐད་འབྱིན་ཡང་།།རི་དྭགས་རྒྱལ་པོས་སྙིང་རྗེས་སྐྱོང་།།...

    2025-03-12 08:27:08 ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། 24202
  • དམ་པ་སྲོག་ལ་བབ་ན་ཡང་།།རང་བཞིན་བཟང་པོ་ག་ལ་འདོར།།ས་ལེ་སྦྲམ་ནི་བསྲེགས་བཅད་ཀྱང་།།དེ་ཡི་ཁ་དོག་ཉམས་མི་འགྱུར།།...

    2025-03-11 09:21:32 ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། 24641
  • དམ་པ་ཇི་ལྟར་རྒུད་གྱུར་ཀྱང་།།སྡིག་དང་འདྲེས་པའི་ཟས་མི་ཟ།།སེང་གེ་བཀྲེས་ཀྱང་མི་གཙང་བའི།།ངན་སྐྱུགས་ཟ་བར་མི་བྱེད་དོ།།...

    2025-03-07 08:24:42 ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། 24741
  • ཆེན་པོས་དགྲ་ལ་བྱམས་བྱས་ན།།དགྲ་ཉིད་དེ་ཡི་དབང་དུ་འགྱུར།།མང་པོས་བཀུར་བས་ཀུན་བསྐྱངས་པས།།ཀུན་གྱིས་རྒྱལ་པོར་དབང་བསྐུར་རོ།།...

    2025-03-06 08:00:47 ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། 24735
  • ཆེན་པོ་རེ་ཞིག་རྒུད་གྱུར་ཀྱང་།།དེ་ལ་གདུང་བ་བསྐྱེད་མི་དགོས།།ཟླ་བ་རེ་ཞིག་གཟས་ཟིན་ཡང་།།དེ་མ་ཐག་ཏུ་གྲོལ་བར་འགྱུར།།...

    2025-03-05 08:01:14 ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། 24721
  • བཟང་པོའི་ཆོ་རིགས་སྤྱོད་པས་བསྲུང་།།སྤྱོད་པ་ཉམས་ན་རིགས་དོན་མེད།།ཙན་དན་དྲི་བཟང་སྐྱེ་བོ་དགའ།།དེ་བསྲེགས་སོལ་བ་སུ་ཞིག་ལེན།།...

    2025-03-04 08:31:27 ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། 24699
  • བདག་ཉིད་ཆེ་ལ་ཕན་བཏགས་ན།།ཅུང་ཟད་ཙམ་ལའང་འབྲས་བུ་འབྱིན།།སྐྱུ་རུ་ར་གཅིག་བྱིན་པ་ལ།།ཆོས་རྒྱལ་བུ་དང་སྙོམས་ལ་ལྟོས།།...

    2025-03-03 08:33:27 ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། 24796
  • དམ་པ་རྣམས་དང་ཕལ་པ་ལ།།བྱས་པ་མཉམ་ཡང་དྲིན་མི་འདྲ།།ཞིང་ལ་ས་བོན་ཁྱད་མེད་ཀྱང་།།ལོ་ཏོག་ཁྱད་པར་དཔག་ཏུ་མེད།།...

    2025-02-27 08:17:18 ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། 24874
  • ལྗོན་ཤིང་དུད་པ་འབྲས་བུ་མང་།།རྨ་བྱ་དུལ་བ་མཇུག་སྒྲོ་བཟང་།།རྟ་མཆོག་དུལ་བ་འགྲོས་མགྱོགས་ཏེ།།དམ་པ་དུལ་བ་མཁས་པའི་རྟགས།།...

    2025-02-26 08:09:11 ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། 24912
  • རྒྱལ་པོ་རང་ཡུལ་ཆེ་བ་ཙམ།།དམ་པ་གང་དུ་ཕྱིན་པར་བཀུར།།མེ་ཏོག་ཕལ་ཆེར་ཉིན་རེའི་རྒྱན།།གཙུག་གི་ནོར་བུ་གང་དུའང་མཆོད།།...

    2025-02-25 07:39:33 ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། 24834
  • དམ་པའི་ཡོན་ཏན་སྦས་གྱུར་ཀྱང་།།འཇིག་རྟེན་ཀུན་ལ་ཁྱབ་པར་འགྱུར།།སྣ་མའི་མེ་ཏོག་ལེགས་བཀབ་ཀྱང་།།དྲི་ཞིམ་ཀུན་ཏུ་ཁྱབ་པར་འགྱུར།།...

    2025-02-24 08:26:17 ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། 24858

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།