-
བསམ་ཚད་ཁ་རུ་འདོན་པ་དེར།།གཏད་སོ་མེད་ཅེས་ཀུན་གྱིས་བསྙས།།ཤག་ཤག་འབབ་པའི་ཆུ་བོ་ལ།།བྱིས་པ་རྣམས་ཀྱང་རྒལ་བར་བྱེད།།...
2025-09-03 08:23:59 གུང་ཐང་བསྟན་པའི་སྒྲོན་མེ། 18689 -
མཁས་པ་ཀུན་ལ་སྙོམས་ལྡན་ཞིང་།།ཕྱོགས་རེའི་མིག་ཅན་ཆགས་སྡང་ཆེ།།བུམ་པ་གང་བ་བཀུར་བར་སླ།།ཕྱེད་ཙམ་གང་བ་ཡོ་འཁྱོམ་མང་།།...
2025-09-02 08:08:18 གུང་ཐང་བསྟན་པའི་སྒྲོན་མེ། 18658 -
ལེགས་བྱས་སྲོལ་བྱེད་མཁས་པ་སྟེ།།དེ་ཡི་རྗེས་སུ་འཇུག་པ་སླ།།ཅང་ཤེས་རྟ་ཡིས་རབ་བཙལ་བའི།།ཕྱི་བཞིན་ཁྱི་ཡང་འབྲང་བར་བྱེད།།...
2025-09-01 08:15:43 གུང་ཐང་བསྟན་པའི་སྒྲོན་མེ། 18688 -
ཁ་བཤད་མང་ཡང་ཉུང་ཡང་རུང་།།དགོས་དོན་ལག་ཏུ་བླངས་ན་གོ།ཆུ་ཞེང་ཆེ་ཆུང་ཅི་འདྲ་ཡང་།།ཟབ་དང་མི་ཟབ་བརྒལ་ན་ཤེས།།...
2025-08-29 08:23:15 གུང་ཐང་བསྟན་པའི་སྒྲོན་མེ། 18682 -
བསོད་ནམས་མཐུ་དང་དགེ་བའི་བློ།།ཕན་ཚུན་རྒྱུར་གྱུར་སྐལ་བ་བཟང་།།ཆུ་ཡིས་ཆར་དང་ཆར་གྱིས་ཆུ།།རྒྱས་བྱེད་རེས་མོས་གྲོགས་སུ་འགྱུར།།...
2025-08-28 08:07:02 གུང་ཐང་བསྟན་པའི་སྒྲོན་མེ། 18742 -
འབྱོར་ལྡན་བསོད་ནམས་གསོག་དགོས་ཏེ།།བསོད་ནམས་ཉམས་ན་རྒུད་པ་སླ།།ལྗོན་ཤིང་ཡལ་ག་རྒྱ་ཆེ་ཡང་།།ཆུ་དང་བྲལ་ན་སྐམ་པར་འགྱུར།།...
2025-08-27 08:03:02 གུང་ཐང་བསྟན་པའི་སྒྲོན་མེ། 18635 -
བླུན་རྨོངས་འབྱོར་པ་རྒྱ་ཆེ་ཡང་།།སྡུག་བསྔལ་རྒྱུ་ལས་མ་འདས་ཏེ།།གསེར་རིའི་བར་གྱི་རོལ་མཚོ་རྣམས།།རྟག་ཏུ་མུན་པའི་སྨག་གིས་ནོན།།...
2025-08-26 08:08:56 གུང་ཐང་བསྟན་པའི་སྒྲོན་མེ། 18577 -
ལོངས་སྤྱོད་སྤེལ་བར་འདོད་པས་ཀྱང་།།ཅུང་ཟད་གཏོང་ཚུལ་ཤེས་དགོས་ཏེ།།ཁྲོན་ཆུ་བཅུས་ན་འཕེལ་འགྱུར་ཞིང་།།བཞག་ན་སྙིགས་སམ་སྐམ་པར་འགྱུར།།...
2025-08-25 08:15:19 གུང་ཐང་བསྟན་པའི་སྒྲོན་མེ། 18698 -
རང་གཞན་སུ་ལའང་མི་ཕན་པའི།།ནོར་དེ་མེད་པ་ཉིད་དང་མཚུངས།།ཆུ་མེད་ས་གཞི་རྒྱ་ཆེ་ཡང་།།མྱ་ངམ་ཐང་ཞེས་ཀུན་གྱིས་འདོར།།...
2025-08-22 08:03:27 གུང་ཐང་བསྟན་པའི་སྒྲོན་མེ། 18852 -
བློ་དང་མི་ལྡན་སྐྱེ་བོ་ཡིས།།འབྱོར་པ་རྙེད་ཀྱང་སྤྱོད་མི་ཤེས།།ཁྱི་ནི་སྐོམ་ཡང་ཆུ་ཀླུང་ལ།།ཧུབ་ཀྱིས་མི་འཐུང་ལྡག་པར་བྱེད།།...
2025-08-21 08:14:08 གུང་ཐང་བསྟན་པའི་སྒྲོན་མེ། 18841 -
བརྒྱ་ཡི་ནང་ནས་དཔའ་བོ་དང་།།སྟོང་གི་ནང་ནས་མཁས་པ་སྟེ།།མ་དྲོས་མཚོ་ལས་ཆུ་གསེར་དང་།།རྒྱ་མཚོ་ཆེ་ལས་ནོར་བུ་འབྱུང་།།...
2025-08-20 08:39:17 གུང་ཐང་བསྟན་པའི་སྒྲོན་མེ། 18795 -
མཁས་པ་ཕལ་ཆེར་དབུལ་འགྱུར་ལ།།བླུན་པོའི་སྐྱེ་བོ་ནོར་གྱིས་ཕྱུག།རྙོག་མ་ཅན་གྱི་ཆུ་བོ་ལ།།སྦལ་ལྕོང་འབུ་སྲིན་ལྷག་པར་མང་།།...
2025-08-19 08:36:04 གུང་ཐང་བསྟན་པའི་སྒྲོན་མེ། 18737 -
དབུལ་ཕྱུག་དར་རྒུད་མཐོ་དམན་ཀུན།།སྔོན་སྤྱད་ལས་ཀྱི་གོ་རིམ་སྟེ།།ཆུ་ཡི་དཀྱིལ་འཁོར་བསྲུབས་པ་ལས།།རི་གླིང་ཁོར་ཡུག་རིམ་པར་ཆགས།།...
2025-08-18 08:42:10 གུང་ཐང་བསྟན་པའི་སྒྲོན་མེ། 18682 -
རང་ལས་བསོད་ནམས་མ་ཉམས་ན།།དགྲ་བོ་ཁོ་ནས་མི་ཐུབ་སྟེ།།ཆུ་མིག་རང་བཞིན་མ་སྐམ་པར།།ས་ཡིས་མནན་ཀྱང་འགོག་མི་ནུས།།...
2025-08-15 08:43:11 གུང་ཐང་བསྟན་པའི་སྒྲོན་མེ། 18650 -
དེ་བས་དགྲ་ལས་རྒྱལ་འདོད་ན།།ཡོན་ཏན་སྒྲུབ་ལ་འབད་པར་བྱ།།ཆུ་བོ་ཆེ་ལ་བརྒལ་བའི་ཐབས།།ཐང་ནས་གྲུ་གཟིངས་འཆོས་པ་ཡིན།།...
2025-08-14 08:31:39 གུང་ཐང་བསྟན་པའི་སྒྲོན་མེ། 18550 -
གཞན་ཕྱོགས་འབྱོར་པ་ལ་སྡང་བས།།རང་གི་བསོད་ནམས་ཉམས་པར་ཟད།།ཆུ་ཀླུང་དྲག་པོར་མཆོངས་པ་ན།།བདག་ཉིད་འཆི་ཡི་དེར་མི་གནོད།།...
2025-08-13 08:28:49 གུང་ཐང་བསྟན་པའི་སྒྲོན་མེ། 18517 -
དགྲ་བོ་འདུལ་བར་འདོད་ན་ཡང་།།སྤྱོད་ཚུལ་དལ་ཞིང་འཇམ་པར་བྱ།།ཆུ་སྐྱར་འཇབ་ཅིང་འགྲོ་བ་ཡིས།།ཉ་ལ་སོགས་པ་འཛིན་ལ་ལྟོས།།...
2025-08-12 08:19:52 གུང་ཐང་བསྟན་པའི་སྒྲོན་མེ། 18507 -
དོན་མེད་ལས་ལ་ཕོད་བཙུགས་ནས།།རང་ཉིད་ཉམས་བྱེད་དཔའ་བོ་མིན།།ཆུ་ཡི་ནང་གི་གཟུགས་བརྙན་ལ།།མཆོངས་པས་སེང་གེ་ཤི་དང་འདྲ།།...
2025-08-11 08:33:20 གུང་ཐང་བསྟན་པའི་སྒྲོན་མེ། 18552 -
དོན་ཆེན་ཐོག་ཏུ་མ་བབས་པའི།།དུས་ནས་ཐབས་དང་རིམ་གྲོ་བྱ།།ཆུ་ལོན་སྔར་ནས་མ་བརྩིགས་ན།།བྲུབས་ནས་འོལ་ཁ་བསྒྱུར་བ་དཀའ།།...
2025-08-08 07:53:49 གུང་ཐང་བསྟན་པའི་སྒྲོན་མེ། 18338 -
མངའ་ཐང་བློ་རྒྱ་སྐྱེད་ཆེས་པས།།བསོད་ནམས་ཚད་ལས་འགོང་མི་རུང་།།མཚོ་ཆུང་རང་གི་ཁྲོན་པ་ཡི།།ཚད་ལས་རྒྱས་ན་བོ་བར་འགྱུར།།...
2025-08-07 08:12:48 གུང་ཐང་བསྟན་པའི་སྒྲོན་མེ། 18278 -
ནོར་མེད་འཕྱོར་དང་ཁ་ཞིམ་འདོད།།གཞུང་ལུགས་མ་སྦྱངས་མཁས་ཁུར་འཛིན།།ཆུ་རྐྱལ་མི་ཤེས་མཚོ་བརྒལ་བ།།བསམ་བཞིན་རང་སྡུག་ཉོས་པ་ཡིན།།...
2025-08-06 14:22:33 གུང་ཐང་བསྟན་པའི་སྒྲོན་མེ། 18269 -
བློ་དང་རྩོལ་བ་ཞན་པའི་མིས།།ཕུན་ཚོགས་ཐོབ་ཀྱང་མོད་ལ་འགྲིབ།།རྫིང་ཆུང་ལྟག་ཆུ་ཆད་པ་དེ།།གང་ཡང་མྱུར་དུ་སྐམ་པར་འགྱུར།།...
2025-08-05 07:44:44 གུང་ཐང་བསྟན་པའི་སྒྲོན་མེ། 18385 -
ཆེན་པོ་རེ་ཞིག་རྒུད་ན་ཡང་།།སླད་ནས་གཟི་བྱིན་རྒྱས་པར་འགྱུར།།འཁྱག་པའི་སྦུབས་སུ་ཆུད་པའི་མཚོ།།སོ་ག་རིམ་གྱིས་འཕྱུར་ནས་འོང་།།...
2025-08-04 07:51:58 གུང་ཐང་བསྟན་པའི་སྒྲོན་མེ། 18248 -
དགེ་སྦྱོར་བརྩོན་པར་འདོད་པ་དང་།།ལོག་པའི་འཚོ་བ་སྒྲུབ་པ་འགལ།།མེ་ཏོག་སྐྱེད་པར་འདོད་པ་ཡིས།།ཆུ་ཚན་བླུགས་ན་ཕན་འགྱུར་རམ།།...
2025-07-31 07:50:35 གུང་ཐང་བསྟན་པའི་སྒྲོན་མེ། 18384 -
དམ་པའི་སྐྱེ་བོ་ཉམས་དག་ཀྱང་།།ཆོས་དང་འགལ་བའི་ལས་མི་བྱེད།།ཆར་འདོད་བྱིའུ་སྐོམ་ན་ཡང་།།ས་ལ་འབབ་པའི་ཆུ་མི་འཐུང་།།...
2025-07-30 07:50:47 གུང་ཐང་བསྟན་པའི་སྒྲོན་མེ། 18438








青公网安备63252102000006号