འཁྲབ་ཁྲིད་པ་ཀླུ་རྒྱལ་རཱ་ཏིའི་གློག་བརྙན་འཁྲབ་གཞུང་ལ་བྱ་དགའ་ཐོབ་པ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། དུས་ཚོད།:2026-03-31 08:40:24 ཀློག་གྲངས།:
       འཁྲབ་ཁྲིད་པ་ཀླུ་རྒྱལ་རཱ་ཏིའི་གློག་བརྙན་འཁྲབ་གཞུང«ཧོར་གླིང་གཡུལ་འགྱེད»ལ་སྐབས་དང་པོའི་གསེར་གྱི་སེ་འབྲུའི་གློག་བརྙན་དུས་ཆེན་ཁྲོད་ཕུལ་བྱུང་ལས་གཞིའི་བྱ་དགའ་ཐོབ། ཐེངས་འདིའི་གཙོ་སྒྲུབ་ལས་ཁུངས་ནི་ཀྲུང་གོའི་གློག་བརྙན་ཐེབས་རྩ་ཚོགས་པ་དང་། ཀྲུང་གོའི་མི་རིགས་གློག་བརྙན་འཕྲིན་སྒྱུ་རྩལ་དར་སྤེལ་ཡར་སྐུལ་ཚོགས་པ་ཡིན་ལ། གསེར་གྱི་སེ་འབྲུ་གློག་བརྙན་དུས་ཆེན་གྱི་དགོངས་དོན་ནི། མི་རིགས་སོ་སོའི་ཕུལ་བྱུང་གློག་བརྙན་སྒྱུ་རྩལ་པ་བསྐྱེད་བསྲིངས་དང་། མི་རིགས་ཀྱི་ཤེས་རིག་བརྗོད་བྱ་བྱས་པའི་གློག་བརྙན་སྒྱུ་རྩལ་གསར་རྩོམ་བརྒྱུད་དེ། ཀྲུང་ཧྭ་མི་རིགས་ཀྱི་ཤེས་རིག་གོང་སྤེལ་གཏོང་བའོ། །
       ཐེངས་འདིའི་གསེར་གྱི་སེ་འབྲུའི་གློག་བརྙན་དུས་ཆེན་ཁྲོད་དུ། རྒྱལ་ཡོངས་ནས་མི་རིགས་སོ་སོའི་གློག་བརྙན་འཁྲབ་གཞུང200ལྷག་ཙམ་འབྱོར་ཡོད་ཅིང་། འཁྲབ་ཁྲིད་པ་ཀླུ་རྒྱལ་རཱ་ཏིའི་གློག་བརྙན«ཧོར་གླིང་གཡུལ་འགྱེད»ནི་དེའི་ཁྲོད་ནས་བདམས་པའི་ཕུལ་བྱུང་ལས་གཞའི་བརྩམས་ཆོས་ཤིག་སྟེ། འཁྲབ་ཁྲིད་པ་ཁོང་གིས་མི་ལོ་བཅུ་ཕྲག་རིང་ལ་གླིང་སྒྲུང་གློག་བརྙན་དུ་ཕབ་སྐྲུན་བྱེད་པར་དཀའ་ཁག་དུ་མ་བརྒྱུད་མྱོང་བ་རེད།
འཁྲབ་ཁྲིད་པ་ཀླུ་རྒྱལ་རཱ་ཏི།
       ཀླུ་རྒྱལ་རཱ་ཏི། གློག་བརྙན་འཁྲབ་གཞུང་རྩོམ་པ་པོ་དང་འཁྲབ་ཁྲིད་པ། ཕ་ཡུལ་ཞུན་ཧྭ་རྡོ་སྦིས་དཔའ་ཚང་འཚོ་བ་ནས་སྐྱེས་ཤིང་། སྔ་གཞུག་ཏུ་མཚོ་སྔོན་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭ་དང་། པེ་ཅིན་གློག་བརྙན་སློབ་གླིང་གི་འཁྲབ་ཁྲིད་པའི་སྡེ་ཁག་ནས་མཐར་ཕྱིན།ཕབ་ཟིན་པའི་གློག་བརྙན་བརྩམས་ཆོས་ལ། «བུ་ཡུག་དང་ཟླ་འོད»(བོད་ཀྱི་ཆེས་ཐོག་མའི་བརྙན་རིས་གཅིག་ལས་གྲུབ་པའི་སྒྱུ་རྩལ་གློག་བརྙན)ཅེས་པ་ཡོད་ཅིང་། ཉིས་སྟོང་ཉེར་ལྔ་ལོའི་དབྱིན་ཇིའི་མིས་ཨར་ཏོན་ཁད་ཨིན་སིའི་རྒྱལ་སྤྱིའི་གློག་བརྙན་རྩེ་གྲའི་བྱ་དགའ་ཐོབ། «སྲིད་པའི་མེ་ཏོག»(འཁྲབ་ཚིག་གཅིག་ཀྱང་མེད་པའི་སྒྱུ་རྩལ་གློག་བརྙན)2019ལོའི་ཁ་ན་ཏ་བུན་ཀི་ཧ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དང་། སྐབས16པའི་འཛམ་གླིང་མི་རིགས་གློག་བརྙན་དུས་ཆེན། 2019ལོའི་དབྱིན་ཇིའི་བྱང་མའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སོགས་སུ་ཚུད། «འབྲི་མོ་དུང་ཆུང་དཀར་མོ»ལ་སྐབས25པའི་ཀྲུང་གོའི་གསེར་བྱ་རྟགས་མའི་ནང་རྒྱལ་གློག་བརྙན་འགྲེམས་སྟོན་བྱ་དགའ་དང་། སྐབས7པའི་པེ་ཅིན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཁྲོད་རྩེ་གྲའི་བྱིས་པའི་གློག་བརྙན་གྱི་བྱ་དགའ་ཐོབ་པ་མ་ཟད། ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྟེང་འགྲེམས་སྟོན་མཛད། མིག་སྔར་སྒྲིག་སྦྱོར་བྱེད་བཞིན་པའི་གློག་བརྙན«ཨ་མའི་སེམས་ཀྱི་རི་མོ»དང«བྱམས་པ་གདོན་གྱིས་བསླུས་པའི་ཟློས་གར»ཡོད།གློག་བརྙན་འཁྲབ་གཞུང«རྟ་རྒྱུགས་རྒྱལ་འཇོག» «ཧོར་གླིང་གཡུལ་འགྱེད» «རྗེ་བཙུན་མི་ལ་རས་པ» «བྱང་ཕྱོགས་ཤམ་བྷ་ལ» «གངས་རིའི་རྔ་སྒྲ» «ལྷ་ཡུལ་ལ་གཤེགས་པའི་སྤྲིན་དཀར»སོགས་འཁྲབ་གཞུང20ལྷག་ཡོད་པ་མ་ཟད། གློག་བརྙན་གཞུང་ལུགས«གློག་བརྙན་སྒྱུ་རྩལ་ལ་འཇུག་པའི་སྒོ»དང་། སྒྲུང་རིང«ལྷ་ལྡན་གྲོང་གི་བརྩེ་བ»(བོད་ཡིག) «ཤམ་བྷ་ལ» «འཆི་བ་བསྒོམ་པ»(རྒྱ་ཡིག)དང་། རིག་གཞུང་གི་ཕྱོགས་ལ་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་བྱ་བཞིན་པའི«ཧི་མ་ལ་ཡའི་རྣམ་དཔྱོད་དང་སྙིང་སྟོབས»སོགས་ཡོད་དོ། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།