ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > དེབ་གསར། «གཙང་གསུམ་གཤིབ་རྒྱུག་ས་ཁུལ་གྱི་བཤད་པའི་ངག་རྩོམ་ཞིབ་འཇུག»
དེབ་གསར། «གཙང་གསུམ་གཤིབ་རྒྱུག་ས་ཁུལ་གྱི་བཤད་པའི་ངག་རྩོམ་ཞིབ་འཇུག»
རྩོམ་པ་པོ།:
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
དུས་ཚོད།:2026-03-31 08:30:40
ཀློག་གྲངས།:
ཉེ་ལམ། ཨ་ཚོགས་དང་བློ་བཟང་དབང་འདུས་ཀྱིས་བརྩམས་པའི་དེབ་གསར«གཙང་གསུམ་གཤིབ་རྒྱུག་ས་ཁུལ་གྱི་བཤད་པའི་ངག་རྩོམ་ཞིབ་འཇུག»ཅེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས།

བོད་ཀྱི་བཤད་པའི་ངག་རྩོམ་ནི་དམངས་ཁྲོད་རྩོམ་རིག་ལས་ཡིད་འགྱུར་མཚོན་པའི་སྙན་རྩོམ་རིང་མོའི་ཁོངས་སུ་གཏོགས་པར་འདོད་ལ། སྙན་རྩོམ་རིགས་འདིའི་ནང་མི་སྣའི་སྣང་བརྙན་འབྲི་བཞེངས་དང་དོན་རྐྱེན་གྱི་བྱུང་རིམ་ཆ་ཚང་ཡིན་མིན་གཙོ་བོར་བཟུང་བ་མིན་ལ། དེས་འཇིག་རྟེན་གྱི་གནས་ལུགས་ཟབ་མོ་སྟོན་ཞིང་ཕྱི་ཡུལ་བྱ་དངོས་ལ་བརྟེན་ནས་མི་རང་ངོས་ཀྱི་ཡིད་ཀྱི་ཉམས་འགྱུར་ཕུན་སུམ་ཚོགས་པ་ཐད་ཀར་སྟོན་ཞིང་གནད་ཀྱི་དམ་པར་བཟུང་གི་ཡོད་པ་རེད། རང་རྒྱལ་གྱི་ལྷོ་ནུབ་ཏུ་མི་རིགས་མང་པོ་འདུས་སྡོད་བྱེད་སའི་གཙང་གསུམ་གཤིབ་རྒྱུག་ས་ཁུལ་ཀྱི་བཤད་པའི་ངག་རྩོམ་ལས་གཉེན་སྟོན་ཐོག་ཏུ་སྤེལ་བའི་གཉེན་བཤད་དང་ཡུལ་ལྷ་གཞི་བདག་གསོལ་མཆོད་བྱེད་དུས་སྤེལ་བའི་རྦད་བཤད་དམ་གྲི་བཤད་ནི་གཙོ་བོར་བཟུང་ནས་སྙན་ཚིག་འཚོལ་སྡུད་དག་སྒྲིག་དང་བཤད་པའི་ངག་རྩོམ་གྱི་ཁྱབ་ཡུལ་དང་གཏམ་མཁན་གྱི་གནས་བབ་སོགས་རྟོག་དཔྱོད་ཉམས་ཞིབ་བྱས་པ་ཡིན། གཏམ་མཁན་གྱི་ཆ་ནས་བཤད་ན། གཙང་གསུམ་གཤིབ་རྒྱུག་ས་ཁུལ་ལ་མིག་སྔར་རང་རྐྱ་འཕེར་བའི་ངང་ནས་གཉེན་སྟོན་མཛད་སྒོ་བསྐྱངས་ཐུབ་པའི་གཏམ་མཁན་རྒན་དར་གཞོན་གསུམ༡༠༠ཡས་མས་ཙམ་འདུག རྦད་བཤད་གཏོང་སྲོལ་ནི་ཡུལ་གྲུ་བྱེ་བྲག་པ་འགའ་ཞིག་ཏུ་མ་གཏོགས། ཡུལ་མང་པོ་ཞིག་ཏུ་ཉམས་དམས་སུ་སོང་ནས་ད་ལྟར་མེད་པར་གྱུར་ཟིན། རྦད་བཤད་གཏོང་ཤེས་མཁན་གྱི་གཏམ་མཁན་ཡང་རེ་ཟུང་མ་གཏོགས་ལྷག་མི་འདུག ང་ཚོས་གཙང་གསུམ་གཤིབ་རྒྱུག་ས་ཁུལ་ལས་འཚོལ་སྡུད་དང་དག་སྒྲིག་བྱས་པའི་བཤད་པའི་ངག་རྩོམ་གྱི་བརྩམས་ཆོས་གཙོ་བོ་ནི་གཉེན་བཤད་ཀྱི་རིགས་ཡིན་པ་དང་རྦད་བཤད་ཀྱི་བརྩམས་ཆོས་ཀྱང་ཉུང་ཙམ་ཡོད། བརྩམས་ཆོས་དེ་དག་གི་ལུས་ཀྱི་ཆ་ནས་བཤད་ན། ཚིགས་བཅད་དང་ཚིགས་ལྷུག བཅད་ལྷུག་སྤེལ་མ་གང་རུང་མཆིས། བརྗོད་བྱའི་ནང་དོན་གྱི་ཆ་ནས་བཤད་ན་གཉེན་བཤད་ལས།ལ་ལས་འཇིག་རྟེན་སྲོལ་ལུགས་ཀྱི་བྱུང་བ་བརྗོད་པ་དང་། ལ་ལས་འཇིག་རྟེན་ཆགས་ལུགས་གཟིགས་མོར་བསྟན་པ། ལ་ལས་ཐོན་སྐྱེད་ཀྱི་བྱུང་རབས་ལ་བསྔགས་བརྗོད་གནང་བ། ལ་ལས་འཇིག་རྟེན་གྱི་གནས་ལུགས་གསལ་བོར་བསྟན་པ། ལ་ལས་བཀྲ་ཤིས་གཡང་འབོད་དང་བསྔོ་བ་སྨོན་ལམ་གྱི་མེ་ཏོག་གཏོར་ཡོད། བརྗོད་བྱའི་དོན་གྱི་ཁྱད་ཆོས་ཆ་ནས་བཤད་ན། གདོད་མའི་རང་བཞིན་ལྡན་པ་དང་། ལོ་རྒྱུས་ཀྱི་རང་བཞིན་ལྡན་པ། ཡུལ་སྲོལ་གོམས་གཤིས་ཀྱི་རང་བཞིན་ལྡན་པ། རོལ་རྩེད་ཀྱི་རང་བཞིན་ལྡན་པ། རྗོད་བྱེད་ཚིག་གི་ཆ་ནས་བལྟས་ན། བརྗོད་བདེ་ཞིང་གོ་སླ་བ། དཔེ་དོན་འབྱོར་བ། རྒྱན་ཕུན་སུམ་ཚོགས་པས་ཕྱུག་པ། ཕྱོགས་ཡོངས་སུ་དར་ཁྱབ་ཆེ་ཞིང་སློབ་གསོའི་རང་བཞིན་ལྡན་པས་མི་རྣམས་ཀྱི་བློ་ཡིད་ཅིག་ཅར་དུ་འགུག་བྱེད་ཀྱི་ལྕགས་ཀྱུ་ལྟ་བུར་གྱུར་ཡོད་པས། གཙང་གསུམ་གཤིབ་རྒྱུག་ས་ཁུལ་གྱི་བཤད་པའི་ངག་རྩོམ་སྡུད་སྒྲིག་དང་ཞིབ་འཇུག་ལ་རིག་གཞུང་ཞིབ་འཇུག་གི་རིན་ཐང་ཕུན་སུམ་ཚོགས་པས་ཕྱུག་པ་མ་ཟད་དེང་དུས་ཀྱི་དངོས་ཡོད་སྤྱི་ཚོགས་ལ་མཛུབ་སྟོན་ཐུབ་པའི་སྙིང་པོ་ཡང་མི་དམན་པ་ལྡན་ནོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།







青公网安备63252102000006号