• བྱིས་པའི་དུས་ལ་ཕྱིར་འདང་རེ་བརྒྱབ་ན།ཁྱོད་ཀྱིས་སྐར་ཚོགས་རྣམ་པར་བཀྲ་བའི་དགུང་སྔོན་ལ་ལྟ་དུས།འཇིག་རྟེན་གྱི་གསང་བ་ནི་ལྐོག་གྱུར་ཞིག་ཏུ་འདོད་ལ།ངེས་པར་འཆི་བ་རྟོགས་དུས།མི་ཚེ་ཡི་སྙིང་པོ་ལ་དོགས་པ་སྐྱེ་ངེས།གང་ཞིག་འཇིག་རྟེན་གྱི་ཁམས་ཆེན་པོར་མཚར་སྣང་མི་སྐྱེ་བ་དང་།ཚེ་མི་རྟག་པ་ལ་དོགས་པ་མི་སྐྱེ་བའི་སྐྱེ་བོ་དེ་ནི་ལུང་མ་བསྟན་དུ་འཚོ་བ་མ་ཡིན་ནམ།དེར་བརྟེན།མཚན་ཉིད་རིག་པའི་དྲི་བ་ནི་མཚན་ཉིད་མཁན་པོ་མགོ་མཁྲེགས་ཁ་ཅིག་གིས་རྟོག་པས་བཏགས་པ་ཞིག་མ་ཡིན་པར།གང་དེ་ནི་སོ་སོའི་མི་ཚེ་ལ་རང་ཆས་སུ་མངའ་འོ།།ཁྱོད་ལ་ད་དུང་བྱིས་པ་བཞིན་གྱི་བསམ་པ་རྣམ་པར་དག་པ་ཞིག་ཡོད་ན།གང་དེ་དག་སྔར་བཞིན་ཁྱོད་ཀྱི་དོགས་གནས་སུ་གྲུབ་ཡོད་དོ།།...

    2022-12-28 09:12:17 སྒྲོལ་དཀར་ཚེ་རིང་། 14060
  • བཙན་པོ་ཆོས་ཞུ་བ་ཕེབས་པའི་ལྡེབས་རིས་འདི་ནི་ཏུན་ཧོང་གི་ཕུག་པ༢༣༧དུ་བཞུགས།དུས་རབས་བརྒྱད་པའི་ནང་བོད་བཙན་པོས་ཏུན་ཧོང་ཕྱོགས་སུ་དབང་བསྒྱུར་བའི་སྐབས་སུ་བཞེངས་སྐད།ལྡེབས་རིས་འདིའི་ནང་ངོས་སུ་གསལ་བའི་བཙན་པོའི་ཆ་ལུགས་ནི་དམིགས་བསལ་བ་ཞིག་ཡིན་པས།དེ་ནི་བཙན་པོ་མཆོག་ཆོས་ཞུ་སར་ཕེབས་པའི་དགའ་སྟོན་གྱི་རྣམ་པ་སྟོན་པའི་རྒྱུ་མཚན་ནས་སོ།།...

    2022-12-21 15:11:26 ལྟག་ཨོ་རྒྱན་ཆོས་འཕེལ། 15505
  • སྤྱིར་རྩིས་ཀྱི་ལག་ལེན་ནི་སྐར་རྩིས་ཀྱི་རིག་གཞུང་མ་དར་བའི་ཡར་སྔོན་གྱི་མི་ལོ་ཉིས་སྟོང་ལྷག་གི་གོང་རོལ་ནས་བོད་རང་གི་གདོད་མའི་འཚོ་བའི་ཁྲོད་ན་གནམ་གྱི་ཉི་ཟླ་སྐར་གསུམ་ལ་བརྟག་པའི་ཐབས་དང་།གཞན་གནའ་རབས་རྒན་པོའི་ངག་རྒྱུན་ལས་བྱུང་བའི་རྩིས།བལ་མོ་ཟླ་རྩིས།བར་སྣང་སྤྲིན་དང་རླུང་གི་རྒྱུ་བ་ལ་བརྟེན་ནས་གནམ་གཤིས་ཀྱི་འགྱུར་ལྡོག་བརྟག་པ།འདབ་ཆགས་དང་རྩི་ཤིང་ལ་བརྟེན་ནས་དུས་བཞིའི་ཁྱད་པར་བརྟག་པ།ཉི་ཟླ་སྐར་གསུམ་གྱི་འཁོར་བགྲོད་ལ་བརྟེན་ནས་ཉི་མའི་ལྡོག་གཉིས་དང་ཟླ་བའི་འཕེལ་འགྲིབ་བརྟག་པ།སྐར་མའི་བགྲོད་པས་དུས་ཚིགས་ཀྱི་འགྱུར་བ་བརྟག་པ་སོགས་འཚོ་བར་གོམས་ཞིང་འདྲེས་པར་གྲུབ་ཡོད་ལ།རྗེས་སུ་བོད་རྗེ་མེས་དབོན་རྣམ་གསུམ་གྱི་སྐུ་རིང་ལ་རྒྱ་གར་དང་རྒྱ་ནག་སོགས་ཀྱི་རྩིས་གཞུང་མང་པོ་བོད་ཡིག་ཏུ་བསྒྱུར་ནས་རྩིས་ཀྱི་གཞུང་ལུགས་དར་རྒྱས་སུ་བཏང་ཞིང་།སྔ་རབས་བོད་ཀྱི་རྩིས་སྲོལ་སྟེང་ལ་མ་ཧཱ་ཙི་ནའི་ལུགས་ཀྱི་ཧོང་ལེ་བརྩི་སྲོལ་ཡང་དེའི་སྐབས་སུ་ཆགས་ཞེས་བཤད།...

    2022-12-13 14:42:54 མཚོ་སྔོན་པོ་དྲ་བ། 15155
  • བོད་ཀྱི་གནའ་རབས་ཆིག་རྙིང་ཡིག་ཆ་རྣམས་ནི་རང་ཅག་དོན་གཉེར་བ་རྣམས་ཀྱིས་བོད་ཀྱི་ལོ་རྒྱུས་འཕེལ་འགྱུར་ལ་རྒྱུས་ལོན་བྱེད་པ་དང་།བོད་ཀྱི་མེས་པོ་གོང་མའི་གཞི་རྩའི་གྲུབ་འབྲས་ལ་ནང་བྱན་ཆུད་པ།བོད་ཀྱི་ལོ་རྒྱུས་ཧྲིལ་པོའི་ཁྲོད་དེ་དག་གི་གོང་ཐང་ཇི་ལྟར་ཡིན་ཚུལ་ལ་ངོས་ཟིན་ཐོབ་པར་བྱས་ཏེ།སྐབས་དེའི་ཆབ་སྲིད་དཔལ་འབྱོར་དང་།སྐད་དང་ཡི་གེཡུལ་སྲོལ་གོམས་གཤིས།ཆོས་ལུགས་དད་མོས།ཕྱི་སྲིད་འབྲེལ་བ།རིག་གནས་སྒྱུ་རྩལ་སོགས་ལ་བསླབ་སྦྱོང་བགྱིས་ནས།རང་བཀུར་རང་རྟོན་གྱི་བསམ་བློ་ཇེ་མཐོར་གཏོང་བ་དང་།མི་རིགས་ཕར་ཚུར་དབར་གཅིག་ལ་གཅིག་བརྟེན་དུ་གྲུབ་པའི་འཕྲེད་གཞུང་གི་འབྲེལ་བས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་།མེས་རྒྱལ་མཐུན་སྒྲིལ་སྲུང་ཞིང་སྐྱོབ་པ་ལའང་རྔོ་ཐོགས་པར་ཐེ་ཚོམ་མེད་དོ།།...

    2022-12-12 10:21:08 འདམ་ཤོད་ཚེ་རིང་བསམ་གྲུབ། 16339
  • མཚུར་ཕུར་དགོན་པའི་ལྕང་བུའི་རྡོ་རིང་གི་ཐོག་མའི་གནས་ཡུལ།

    ཀུན་མཁྱེན་ཅན་མང་པོས་རྙག་རྙོག་རྐྱང་བྲིས་ནས་ཅི་ཡོང་ཞེས་བཀའ་སློབ་ནན་པོ་གནང་བའང་ཤ་ཚའི་ཐུགས་འཁུར་དུ་ཤེས་ཀྱི་ཡོད་ལ།འདི་ནི་རང་ཉིད་ཀྱི་དཔེ་ཀློག་དང་འབྲེལ་བའི་བསམ་ཚུལ་ཙམ་ཡིན་གྱི།དཔྱད་གཏམ་དང་མཐའ་དཔྱོད་གང་ཡང་མ་ཡིན་པས།མཐའ་གཅིག་འདི་ལྟར་ཡིན་ངེས་དང་།ཡིན་དགོས་པའི་ཨུ་ཚུགས་ཡང་ཞུ་གི་མེད།ལོ་རྒྱུས་ལ་དགའ་བ་དག་གིས་འདི་ཉིད་དཔྱད་གཞིར་བཟུང་བས་སྔར་བས་ཁ་གསལ་ཁུངས་དག་ཀུན་གྱིས་ཡིད་རྟོན་རུང་བ་ཡོང་བར་འབད་རྩོལ་བགྱི་བའི་རྟིང་སྐུལ་དུ་ཕུལ་བ་ལགས་སོ།།...

    2022-12-02 10:37:48 ར་སེ་དཀོན་རྒྱམ། 12959
  • ལོ་རྒྱུས་ཀྱི་རིན་ཐང་ཆེ་ཞིང་མི་རབས་ནས་མི་རབས་སུ་ཉམས་མེད་ཡིད་རྟོན་རུང་བའི་གནའ་ཤུལ་དང་།གནའ་རྫས།སྒྲུང་དཔེ།ངག་རྒྱུན།ཆེད་ལས་མཁས་པའི་དཔྱད་རྩོམ་སོགས་ཀྱི་ངོས་འཛིན་གྱི་ལྟ་བའི་རྡོག་ཁ་གཅིག་ཏུ་འབབ་པའི་ཆ་ནས་ཁོ་བོས་གླིང་མ་བཞི་དཔོན་པོ་ཁྲོ་ཐུང་གི་ས་བཙན་པོ་རྫ་མ་ཡར་འགག་ནི་མདོ་སྨད་དར་མཚོ་རུ་མཆིས་པ་སྤོབས་པ་ཆེན་པོས་ཁ་ཚོན་གཅོད་ནུས་སྙམ་མོ།།...

    2022-11-25 09:01:12 ཧྲོང་བོ་ཚེ་བརྟན་རྒྱལ། 18067
  • བོད་སོག་སྒྲུང་དཔེའི་ནང་གི་མི་སྣ་དང་གཏམ་རྒྱུད་སོགས་ལ་འགྱུར་ལྡོག་ཅུང་ཙམ་ཡོད་པ་དེ་ཡང་གེ་སར་སྒྲུང་འདི་མི་རིགས་རང་གི་མང་ཚོགས་ཁྲོད་དུ་སྤེལ་བའི་བརྒྱུད་རིམ་ནང་བྱུང་བའི་སྣང་ཚུལ་གསར་པ་ཞིག་རེད།མདོར་ན་སོག་པོའི་གེ་སར་སྒྲུང་འདི་བོད་སོག་མི་དམངས་ཡུན་རིང་འབྲེལ་འདྲིས་ལྷོད་མེད་བགྱིས་པའི་འབྲས་བུ་ཁྱད་འཕགས་ཅན་ཞིག་ཀྱང་རེད།...

    2022-11-24 17:30:36 གཅོད་པ་དོན་གྲུབ། 16560
  • ད་ལྟ་མཇལ་དུ་ཡོད་པའི་ལེགས་སྦྱར་གགྱི་ཡིག་གཟུགས་རྣམས་ནི་ཆོས་རྒྱལ་ཨ་ཤྭ་ཀའི་དུས་ནས་བཟུང་བའི་རྒྱ་གར་གྱི་རྒྱལ་རབས་རིམ་བྱུང་གི་དུས་སུ་བྱུང་།རྩོམ་འདིར་ལོ་རྒྱུས་ཀྱི་དུས་སྐབས་སོ་སོའི་ཐུན་མིན་ཁྱད་ཆོས་མངོན་པའི་གནའ་བོའི་ཡི་གེ་ཁག་ཅིག་དཔྱད་གཞིར་བཟུང་སྟེ།བོད་ཡིག་གི་བསྟན་བཅོས་རྣམས་སུ་འཕགས་ཡུལ་གྱི་ལེགས་སྦྱར་གྱི་ཡིག་གཟུགས་དང་མིང་འདོགས་མི་འདྲ་བ་བཀོད་པ་རྣམས་ལ་བདེན་པའི་ཆ་ཡོད་མེད་དང་།ལོ་རྒྱུས་ཀྱི་བྱུང་བ་དངོས་ལ་སྦྱོར་བཏུབ་མིན།བོད་ཀྱི་ཡི་གེ་གང་ལ་བྱས་པའི་དཔེའི་ངོས་འཛིན་སོགས་ལ་དཔྱད་བསྡུར་ཅུང་ཙམ་བྱས་ཡོད།...

    2022-11-23 13:02:07 ཁ་སྒང་བཀྲ་ཤིས་ཚེ་རིང་། 15635
  • འདིར་བོད་ཀྱི་རྣམ་ཐར་དང་རྟོགས་བརྗོད་རྩོམ་རིག་སྐོར་གྱི་བྱུང་རབས་དང་དེའི་གོ་དོན།བསྟན་པ་སྔ་དར་དང་ཕྱི་དར་གཉིས་ཀྱི་རྣམ་ཐར་འབྲི་སྟངས་ཀྱི་འགྱུར་མཚམས།གཞན་ཡང་།རང་རྣམ་གྱི་བྱུང་རིམ་དང་དེའི་དགེ་མཚན་སོགས་དཔྱད་གཞི་ཁུངས་མ་དང་བསྡུར་ནས་དཔྱད་འཇོག་བྱས་ཡོད།...

    2022-11-17 09:48:49 འབྲོག་དཀོན་མཆོག་རྒྱ་མཚོ། 15172
  • དེ་ཡང་བཅོམ་ལྡན་རིག་རལ་གྱིས་མཛད་པའི་བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད་དང་བསྟན་པ་རྒྱན་གྱི་མེ་ཏོག་གཉིས་ནི་བོད་ཀྱི་བཀའ་བསྟན་གྱི་ལོ་རྒྱུས་སྤྱི་དང་ལྷག་པར་བོད་ཀྱི་ཡིག་ཚང་དང་དཀར་ཆག་རིག་པར་ཞིབ་འཇུག་བྱེད་པའི་བསྟན་བཅོས་མེད་དུ་མི་རུང་བ་གཉིས་ཡིན་ཞིང་།དེ་ལ་མཁས་པ་ཁ་ཅིག་གིས་བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད་ནི་སྣར་ཐང་བཀའ་འགྱུར་བྲིས་མའི་དཀར་ཆག་ཡིན་པར་སྨྲ་བ་དང་།ཁ་ཅིག་གིས་དེ་གཉིས་ནི་ཡི་གེའི་དག་ཆ་དང་ཚིག་སྣ་རྒྱས་བསྡུས།དུས་སྔ་ཕྱི་ཙམ་ལ་བརྩམས་པ་ལས་དོན་ལ་བསྟན་བཅོས་གཅིག་ཏུ་འདོད་པ་སོགས་གླེང་ཕྱོགས་སྣ་ཚོགས་པ་ཞིག་བྱུང་བར་དམིགས་ཏེ།འདིར་སྨོན་བཟང་དཔེ་རྙིང་འཚོལ་བསྡུ་ཁང་གིས་བསྒྲིགས་ཤིང་།བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་རྒྱ་བོད་ཡིག་ཚང་འབྲིང་པོ་སོགས་བཞུགས་ཞེས་པར་བཞུགས་པའི་བསྟན་བཅོས་གཉིས་གཞིར་བཟུང་སྟེ།གཞུང་གི་མཆོད་བརྗོད་དང་གཞུང་དངོས།མཛད་བྱང་སོགས་ཕན་ཚུན་བསྡུར་དཔྱད་ཀྱིས་བསྟན་བཅོས་དེ་གཉིས་ནི་བརྗོད་བྱ་མི་འདྲ་བའི་བསྟན་བཅོས་སོ་སོ་བ་ལས་བསྟན་བཅོས་གཅིག་མ་ཡིན་པར་བརྗོད་འདུག...

    2022-11-14 15:08:50 མོག་ཀྱཱ་བསོད་ནམས་རྒྱལ། ཤ་འབྲུག 15517

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།