ངོས་དང་པོ > ཆེད་དོན། > རིག་གནས་བགྲོ་གླེང་། > ༄༅། །གནའ་དཔེ་ཞུ་དག་དང་ལེགས་སྒྲིག་བྱེད་པར་འཛོམས་དགོས་པའི་ཆ་རྐྱེན།
༄༅། །གནའ་དཔེ་ཞུ་དག་དང་ལེགས་སྒྲིག་བྱེད་པར་འཛོམས་དགོས་པའི་ཆ་རྐྱེན།
རྩོམ་པ་པོ།:རྨེ་རུ་ཡུལ་ལྷ་ཐར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-07-16 08:35:24
ཀློག་གྲངས།:
ཡིག་རྙིང་ལ་ཞུ་དག་གཏན་འབེབས་དང་དག་སྒྲིག་བྱེད་པ་དེ་ཡིག་ཚང་རིག་པའི་རིག་གཞུང་ལས་དོན་ཞིག་ལགས་ན། དེ་ལ་གཞན་དང་མི་མཐུན་པའི་ཕྱི་ནང་གི་ཆ་རྐྱེན་གང་མང་ཞིག་འཛོམས་དགོས་པ་ནི་སྨོས་མེད་ཡིན། ཆ་རྐྱེན་འདི་དག་མ་འཛོམས་ཚེ་ཡིག་རྙིང་ལ་ཞུ་དག་གཏན་འབེབས་དང་དག་སྒྲིག་བྱེད་དཀའ་ཞིང་། བརྒྱ་ལ་ཞུ་དག་གཏན་འབེབས་དང་དག་སྒྲིག་བྱ་བར་ཨུ་ཚུགས་ཀྱིས་ཞུགས་རུང་། ཆོས་ཉིད་ལ་སྒོ་བསྟུན་པའི་གྲུབ་འབྲས་ནི་ལོན་ཁག་པོ་ཡིན་ནོ། །རྒྱུ་མཚན་དེའི་དབང་གིས། ཞུ་དག་གཏན་འབེབས་དང་དག་སྒྲིག་བྱེད་མི་ལེགས་པོ་ཞིག་བྱེད་འདུན་ཡོད་ཚེ་ཕྱི་ནང་གི་མ་མཐའི་ཆ་རྐྱེན་འཛོམས་པར་བྱེད་དགོས་པའི་སྟེང་། བྱང་ཚད་ལྡན་པའི་ཡིག་རྙིང་གི་བྱ་བ་བྱེད་མཁན་ཞིག་གི་ཁྱད་ཆོས་ཡོངས་སུ་རྫོགས་པར་མངོན་དགོས། དེ་ལ་འདིར་ཡིག་རྙིང་ལ་ཞུ་དག་གཏན་འབེབས་དང་དག་སྒྲིག་བྱེད་མཁན་ཞིག་གི་ངོས་ཐད་ནས་ཆ་རྐྱེན་གང་དག་འཛོམས་དགོས་པའི་སྐོར་གླེང་བ་ལ།
གཅིག །རང་ངོས་ཀྱི་ཆ་རྐྱེན།
རང་ངོས་ཀྱི་ཆ་རྐྱེན་ཟེར་བ་ནི་ཞུ་དག་གཏན་འབེབས་དང་དག་སྒྲིག་བྱེད་མི་རང་ངོས་ལ་ངེས་པར་འཛོམས་དགོས་པའི་ཤེས་པའི་ནུས་པ་ལ་ངོས་འཛིན་པ་ཡིན། དེ་ཡང་ཞུ་དག་གཏན་འབེབས་དང་དག་སྒྲིག་བྱེད་མཁན་ལ་ངེས་པར་གནའ་བོའི་དུས་ཀྱི་ཡིག་རྙིང་རྟོགས་ཐུབ་པའི་ནུས་པ་ལྡན་དགོས་པ་སྟེ། ཐོག་མར་གནའ་རབས་སྐད་ཡིག་ལ་ཆ་རྒྱུས་ངེས་ཅན་ཞིག་ལྡན་དགོས། གནའ་རབས་སྐད་ཡིག་ལ་ཆ་རྒྱུས་ངེས་ཅན་ལྡན་པར་བྱེད་པ་ལ་གནའ་བོའི་ཡི་གེ་དང་སྐད་བརྡའི་སྒྲ་གདངས། བརྡ་སྤྲོད་ཆོས་ཉིད་སོགས་ལ་ཤེས་རྟོགས་ལེགས་པོ་ཡོང་བར་བྱེད་དགོས་པ་དང་། དེ་ལ་བརྟེན་ནས་སྐབས་དེའི་སྐད་ཡིག་འཕེལ་རྒྱས་ཀྱི་ཆུ་ཚད་དང་རྣམ་པ་ཤེས་པར་བྱས་ཏེ་ཡིག་རྙིང་ཡོངས་ཁྱབ་ལ་སྤྱི་ཁོག་ནས་གོ་བ་ཡག་པོ་ཞིག་ལོན་དགོས་པ་ཡིན། བོད་ཀྱི་གནའ་བོའི་ཡི་གེར་མཚོན་ན་གནའ་བོའི་བརྡ་ཐབས་རྙིང་བའི་ཡེ་གེ་ལྟ་བུ་དང་བོད་ཆེན་པོའི་རྒྱབ་རབས་དུས་ཀྱི་ཡིག་རྙིང་ལྟ་བུ་ཡོད་པ་ལས། བརྡ་ཐབས་རྙིང་བའི་སྐོར་ལ་ད་དུང་དཔྱད་པར་བྱ་བའི་གནས་གང་མང་ཞིག་ཡོད་པ་ཕུད། བོད་ཆེན་པོའི་རྒྱལ་རབས་དུས་སྐབས་ཀྱི་བོད་ཡིག་ལའང་མགོ་འདོགས་བརྩེགས་གསུམ་དང་རྐྱེན་གྱི་ཡི་གེ་ལྟ་བུར་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་དང་། ཕྲད་སྦྱོར་སྟངས་དང་ཀློག་སྟངས་སོགས་ལ་ད་ལྟའི་བརྡ་སྤྲོད་ཀྱི་ལུགས་དང་མི་མཐུན་པའི་ཆ་མཆིས། དེའི་ཕྱིར། འདི་དག་ལ་ངེས་ཤེས་འདྲོངས་པར་བྱེད་པའང་ཡིག་རྙིང་ལ་ཞུ་དག་གཏན་འབེབས་དང་དག་སྒྲིག་བྱེད་པར་འཛོམས་དགོས་པའི་ཐོག་མའི་ཆ་རྐྱེན་ཡིན་ནོ། །
གཞན། གནའ་རབས་བོད་རང་གི་རིག་གནས་ལོ་རྒྱུས་དང་སྤྱི་ཚོགས་འཕེལ་འགྱུར་ལོ་རྒྱུས་ཏེ་དཔེར་ན་ས་ཁམས་དང་ལོ་རྒྱུས། གནའ་རབས་ཀྱི་དཔོན་གནས་བསྐོ་འཇོག་ལམ་ལུགས། ཁྲིམས་སྲོལ། སྤྱི་ཚོགས་དཔལ་འབྱོར། ཆོས་ལུགས། ཡུལ་སྲོལ་གོམས་གཤིས་སོགས་གང་ཐད་ཀྱི་ཤེས་བྱའང་འཛོམས་པར་བྱེད་དགོས། གོང་སྤྲོས་གནའ་བོའི་སྐད་ཡིག་རང་སྟེང་གི་ཁྱད་ཆོས་དང་སྐབས་དེའི་སྤྱི་ཚོགས་ལོ་རྒྱུས་རིག་གནས་ཁག་ལ་ཤེས་རྟོགས་རྣལ་མ་ཞིག་བྱུང་བ་ཡིན་ན། ཡིག་རྙིང་ལ་ཞུ་དག་གཏན་འབེབས་དང་དག་སྒྲིག་བྱེད་པའི་ཐོག་མའི་ཆ་རྐྱེན་དེ་འཛོམས་སོང་བ་ཡིན།
གཉིས། པར་གཞི་འཚོལ་བར་མཁས་པ།
ཡིག་རྙིང་ལ་ཞུ་དག་གཏན་འབེབས་དང་དག་སྒྲིག་བྱེད་སྐབས་གནས་གཅིག་ཏུ་བསྡད་དེ་པར་གཞི་རིགས་གཅིག་གམ་དཔེ་རྙིང་འགའ་ཁོ་ནར་ཁ་ཕྱོགས་ནས་ཞུ་དག་གཏན་འབེབས་དང་དག་སྒྲིག་བྱས་ན་འབྲས་བུ་ལེགས་པོ་ཞིག་འབྱུང་མི་ཐུབ་པར་མ་ཟད། ཐ་ན་ནོར་འཁྲུལ་འབྱུང་བའི་ཉེན་ཁའང་ཡོད། དེར་བརྟེན་ཡིག་རྙིང་ལ་ཞུ་དག་གཏན་འབེབས་དང་དག་སྒྲིག་བྱེད་མཁན་ཞིག་ཡིན་ཕྱིན། ས་གནས་སོ་སོའི་པར་གཞི་མི་འདྲ་བ་སྣ་ཚོགས་འཚོལ་སྡུད་ལ་མཁས་དགོས་པ་དང་། བརྗོད་བྱ་རིགས་གཅིག་གི་པར་གཞི་མི་འདྲ་བ་མང་པོ་ཕན་ཚུན་གོ་བབ་དཔྱད་བསྡུར་བྱས་ཏེ་པར་ཞུ་ཞུ་དག་གིས་གཏན་འབེབས་བྱ་ཐུབ་དགོས། དེ་དང་ལྷན་དུ་པར་གཞི་དཀོན་རིགས་འཚོལ་བ་ལ་དོ་སྣང་ཆེན་པོ་བྱེད་པ་དང་ཆོས་ལུགས་གྲུབ་མཐའ་རིས་མེད་ཀྱི་པར་གཞི་ཁག་མི་འདྲ་བ་མང་བོ་འདྲི་བརྩད་བྱེད་པ། མ་ཕྱི་གཅོད་པ་དང་པར་ལེན་འདྲ་བཤུས་བྱེད་པ་སོགས་བྱ་བ་ཕྲ་རགས་ཀུན་ལ་འབད་པ་དམ་ལྷོད་མེད་པ་བྱ་དགོས། དེ་ལྟར་བྱས་ན་གཅིག་ནས་ཡིག་རྙིང་ཁང་ནང་ཐོན་པའི་ཆད་པ་དང་རལ་བ། ནོར་བ་སོགས་ཀྱི་སྐྱོན་མཐོང་ཐུབ་པ་དང་། གཉིས་ནས་ཡིག་རྙིང་གི་རྣམ་པ་ངོ་མ་མཐོང་བར་བྱེད་ནུས། དཔེར་ན། ཏུན་ཧོང་གི་ཡིག་རྙིང་ཁྲོད«གདུགས་དཀར»གྱི་པར་གཞི་ཁོ་ན་མི་འདྲ་བ་མང་རབ་ཤིག་ཡོད་པ་ལ། པར་གཞི་དེ་དག་ཕན་ཚུན་དཔྱད་བསྡུར་གྱིས་ཞིབ་འཇུག་བྱས་ན་འགྱུར་མའི་ཁྱད་ཆོས་མི་འདྲ་བ་མཐོང་ཐུབ་པ་ལྟར་རོ། །
གསུམ། འབྲེལ་ཡོད་དཔྱད་ཡིག་འཚོལ་བར་མཁས་པ།
དཔྱད་གཞིའི་ཡིག་ཆ་གཞན་དག་གང་ལའང་མ་བརྟེན་པར་ཡིག་རྙིང་ཁོ་ནར་ཞུ་དག་གཏན་འབེབས་དང་དག་སྒྲིག་བྱས་ན་བྱ་བའི་ལས་རིམ་དལ་ལ་སྤྲོ་འོས་པའི་འབྲས་བུའང་འབྱུང་དཀའ། དུས་རྒྱུན་ང་ཚོས་ཞིབ་འཇུག་གི་བྱ་བ་སྒྲུབ་སྐབས་དཔྱད་ཡིག་འཚོལ་སྡུད་བྱེད་དགོས་པ་ལས་གཞན། ད་དུང་དེ་དང་འབྲེལ་ཡོད་ཀྱི་དཔྱད་གཞིའི་རྒྱུ་ཆ་མང་པོར་འཚོལ་བཤེར་གྱིས་ལྟ་ཀློག་དང་ཉམས་ཞིབ་བྱེད་དགོས། འབྲེལ་ཡོད་དཔྱད་ཡིག་སྐོར་ལ་གནའ་དེང་གི་མཁས་པ་སོ་སོས་མཛད་པའི་ལོ་རྒྱུས་དང་སྐད་ཡིག །ཆོས་ལུགས་སོགས་གསུང་རྩོམ་ཡོད་པར་མ་ཟད། དེང་གི་འབྲེལ་ཡོད་རིག་གཞུང་ཆེད་རྩོམ་ཁག་དང་ཡིག་ཚང་ཐད་ཀྱི་རིག་པའི་གཞུང་ལུགས་ཀྱི་ཤེས་བྱ་སོགས་ཀྱང་ཡོད་པ་ཡིན། ཡིག་རྙིང་ལ་ཞུ་དག་གཏན་འབེབས་དང་དག་སྒྲིག་བྱེད་མཁན་ཞིག་ཡིན་ཕྱིན། སྤྱིར་བཏང་ངེས་པར་བོད་ཀྱི་ཡིག་རྙིང་གི་རྒྱུ་ཆ་དངོས་ལ་ཆ་རྒྱུས་དང་ངོས་ཟིན་མ་ལག་ཚང་བ་ཞིག་དགོས་རྒྱུ་གཞིར་བཞག་ཡིན་ཐོག །ད་ལྟའི་བར་བྱུང་བའི་དེ་འབྲེལ་གྱི་ཞིབ་འཇུག་གི་འབྲས་བུ་རྣམས་ལ་སྤྱི་ཁོག་ནས་ཤེས་རྟོགས་རྣལ་མོ་བྱེད་དགོས་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཞིབ་འཇུག་གི་གནས་ཚུལ་ལ་རྒྱུས་ལོན་ཡང་ཡོང་དགོས།
བཞི། ཞུ་དག་གཏན་འབེབས་དང་དག་སྒྲིག་བྱ་ཡུལ་གྱི་ཡིག་རྙིང་ལ་གོ་བ་ཟབ་མོ་ལོན་དགོས་པ།
ཡིག་རྙིང་གི་ཁག་གང་ཞིག་ལ་ཞུ་དག་གཏན་འབེབས་དང་དག་སྒྲིག་བྱེད་ནའང་། ཞུ་དག་གཏན་འབེབས་དང་དག་སྒྲིག་བྱ་ཡུལ་དེ་ལ་ཡང་སྐོར་བསྐྱར་བསྐོར་གྱིས་ཞིབ་པར་བལྟས་ཏེ་དེའི་བརྗོད་བྱ་དོན་དང་རྗོད་བྱེད་ཚིག་གང་ཐད་ནས་གོ་བ་ལེགས་པར་ལོན་དགོས་པ་དང། དེ་རིགས་དང་ལུས་གང་ཡིན་པ་རྣམ་པ་ཅི་ལྟ་བུར་དགོས་ཤིང་། དེ་འདྲའི་དཔྱད་ཞིབ་གནད་དུ་ཐིངས་པ་བགྱིས་རྗེས་ད་གཟོད་ཞུ་དག་གཏན་འབེབས་དང་དག་སྒྲིག་གི་བྱ་བར་དངོས་སུ་ཞུགས་དགོས། དེ་ལྟར་མ་བྱས་པར་འཚབ་འཚུབ་དང་གོ་རིམ་མེད་པའི་སྒོ་ནས་ཡིག་རྙིང་གི་རྒྱུ་ཆ་གང་ཞིག་ལག་ཏུ་རག་མ་ཐག་རང་གི་མོས་པ་དང་གོ་བ་ལོན་ཙམ་པོ་དེ་ལ་བརྟེན་ནས་ཞུ་དག་གཏན་འབེབས་དང་དག་སྒྲིག་བྱས་པ་ཡིན་ཚེ། ཡིག་རྙིང་གང་དེར་སྲུང་སྐྱོབ་དང་ལེགས་སྒྲིག་བྱས་པ་ཞིག་ཏུ་མི་འགྱུར་བར་དེ་ལ་ཚུལ་མིན་གྱིས་གཏོར་བརློག་གཏོང་བའི་ཉེན་ཁ་ཡོད། སྤྱིར་བཏང་ང་ཚོས་གོ་བ་ཟབ་མོ་ལོན་རིགས་ཀྱི་ཡིག་རྙིང་ཁག་ལ་ཞུ་དག་གཏན་འབེབས་དང་དག་སྒྲིག་བྱེད་དགོས་པ་གཞིར་བྱས། ཁ་ཚོན་གཅོད་དཀའ་ལ་གཏིང་ཐག་མི་ཆོད་པའི་རིགས་རྗེས་སུ་བསྐྱུར་ཏེ་རིམ་པར་ཆ་རྐྱེན་འཛོམས་ཚེ་ཞུ་དག་གཏན་འབེབས་དང་དག་སྒྲིག་བྱེད་པ་ལས་ཧོལ་རྒྱུགས་ཀྱི་ལས་ཀ་སྒྲུབ་མི་རུང་ཞིང་། ཡང་ཡིག་ཚང་མང་བོ་ཞིག་ཁ་ཐོར་དུ་ཉར་ཚགས་བྱས་ཡོད་རྐྱེན། དེ་དག་གི་ཕྱི་མོ་ཆ་ཚང་བར་ལག་ཏུ་རག་ཐབས་བྱས་ཏེ་ཕྱོགས་ཡོངས་ནས་ཞུ་དག་གཏན་འབེབས་བྱས་ན་འགྲིག །
ཡིག་རྙིང་ལ་ཞུ་དག་གཏན་འབེབས་དང་དག་སྒྲིག་བྱེད་མཁན་ལ་གོང་སྨོས་ཆ་རྐྱེན་འདི་དག་འཛོམས་དགོས་པ་ལས་གཞན། ད་དུང་མི་རིགས་རིག་གནས་ཀྱི་མྱུར་སྐྱོབ་བྱ་བར་དུངས་པ་ཟབ་དགོས་པ་དང་། ཆེད་ལས་ཀྱི་བྱང་ཚད་ལྡན་དགོས་ལ། ལས་ཀའི་ཆོས་སེམས་ཆེ་ཞིང་ནན་ཏན་དང་གཟབ་ནན་ཡིན་དགོས། ཆ་རྐྱེན་འདི་དག་འཛོམས་མཁན་གྱིས་མཁས་དབང་རྒན་རབས་པར་བློ་འདྲི་ཞིང་རིགས་མཐུན་ཞིབ་འཇུག་བྱེད་མཁན་ལ་མཉམ་འབྲེལ་བྱས་ཏེ་ཆོད་སེམས་བརྟན་པོའི་སྒོ་ནས་ཞུ་དག་གཏན་འབེབས་དང་དག་སྒྲིག་གི་བྱ་བ་བསྒྲུབ་དགོས་སོ། །
ཡོངས་ཁུངས། རྨེ་རུ་ཡུལ་ལྷ་ཐར། «བོད་ཀྱི་ཡིག་རྙིང་རིག་པའི་རྣམ་གཞག་རབ་གསལ་བཙན་པོའི་ལམ་ཡིག» ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། [M] ༢༠༡༦ལོའི་ཟླ་༨པའི་པར་ཐེངས་དང་པོ། ཤ༢༠༣

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།

青公网安备63252102000006号