«མང་ཆུ»རྩོམ་རིག་ལོ་དེབ་སྤེལ་ནས་བགྲང་བྱ་བཅུ་ལོན་པའི་བཞུགས་མོལ་ཚོགས་འདུ་འཚོགས།

རྩོམ་པ་པོ།:རྩོམ་སྒྲིག་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-07-25 17:26:51 ཀློག་གྲངས།:
       2025ལོའི་ཟླ7ཚེས23ཉིན། «མང་ཆུ»རྩོམ་རིག་ལོ་དེབ་སྤེལ་མགོ་བརྩམས་ནས་བགྲང་བྱ་བཅུ་ལོན་པའི་བཞུགས་མོལ་ཚོགས་འདུ་ཀོས་ནན་རྫོང་དུ་གཟབ་རྒྱས་ངང་འཚོགས། ཀོས་ནན་རྫོང་ཨུ་དང་རྫོང་སྲིད་གཞུང་སོགས་ཀྱི་འབྲེལ་ཡོད་མགོ་ཁྲིད་དང་རྒྱལ་ཕྱི་ནང་དུ་སྐད་གྲགས་ཆོད་པའི་རྩོམ་པ་པོ་དང་སྒྱུ་རྩལ་པ། དེ་མིན་ཞིང་ཆེན་ཕྱི་ནང་གི་རྩོམ་པ་པོ་དང་ཀློག་པ་པོ་སོགས་གདན་ཐོག་གཅིག་ཏུ་འཛོམས་ཏེ། «མང་ཆུ»རྩོམ་རིག་ལོ་དེབ་ཀྱི་འདས་མ་ད་གསུམ་གྱི་འཕེལ་རྒྱས་དང་གྲུབ་འབྲས། ཁ་ཕྱོགས་སོགས་ཕྱོགས་མང་པོ་ནས་བགྲོ་གླེང་གནང་།
ཚོགས་འདུའི་ཡུལ་དངོས།
       «མང་ཆུ»རྩོམ་རིག་ལོ་དེབ་ནི་ཀོས་ནན་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་གཟིགས་སྐྱོང་དང་ཐུགས་ཁུར་བླ་མེད་འོག ཀོས་ནན་རྫོང་བོད་སྐད་ཡིག་བྱ་བའི་ལྟེ་གནས་ཀྱིས་མང་ཡུལ་གྱི་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ཁྱད་སྟོབས་ཐོན་ཁུངས་སྔོག་འདོན་དང་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་པའི་དགོས་པར་དམིགས་ཏེ་གཉེར་མགོ་བརྩམས་པ་དང་། ལོ་དེབ་ཀྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཀྲུང་ཧྭ་མི་རིགས་ཆིག་སྒྲིལ་གྱི་འདུ་ཤེས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་དེབ་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཤིང་། བློ་བརྟན་འགྱུར་མེད་ཀྱིས་རིག་གནས་ཡིད་རྟོན་འཕེར་བའི་ལམ་བུར་བསྐྱོད་དེ། ད་ལྟའི་བར་འདོན་ཐེངས་བཅུ་ཕྲག་གཅིག་པར་སྐྲུན་འགྲེམས་སྤེལ་བྱས་པ་མ་ཟད། བགྲང་བྱ་བཅུའི་རིང་ཕུལ་བྱུང་རྩོམ་པ་པོ་གསོ་སྐྱོང་དང་ཕུལ་བྱུང་རྩོམ་རིག་བརྩམས་ཆོས་མང་པོ་འདོན་སྤེལ་བྱས་ཡོད།
ཕུལ་བྱུང་རྩོམ་པ་པོར་བྱ་དགའ་གནང་བ།
       རིག་གནས་དང་སྒྱུ་རྩལ་གྱི་གཤིན་ས་འདིར་སྐད་ཡིག་གི་ས་སྲུང་དང་གཞོན་སྐྱེས་རྩོམ་པ་པོ་སྙོར་སྐྱེད་ཐད་ལ«མང་ཆུ»རྩོམ་རིག་ལོ་དེབ་ཀྱིས་གཞན་གྱིས་བསྒྲུན་དུ་མེད་པའི་བྱས་རྗེས་བཞག་པར་མ་ཟད། བགྲང་བྱ་བཅུ་ཕྲག་གཅིག་གི་ཡུན་ལ། མང་ཡུལ་གསེར་གཞོངས་རིང་མོའི་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་མིག་གིས་འཚོས་ཤིང་མདུན་སྐྱོད་ཀྱི་གོམ་སྒྲར་སེམས་ཀྱིས་བླག་བཞིན་འོངས་པ་དང་། འབབ་རྒྱུན་རིང་མོ་དང་བཞུར་སྒྲ་སྙན་མོས་མང་ཡུལ་གྱི་སྐྱེ་དགུར་འཛད་མེད་ཀྱི་བསམ་པའི་ལོངས་སྤྱོད་གྱ་ནོམ་པ་ཞིག་བསྟབས་ཡོད་དོ། །
༢༠༢༤ལོའི«མང་ཆུ»ལོ་དེབ།
       གཞན་ཡང་དགའ་འོས་པའི་དོན་བཟང་ཞིག་ནི། «མང་ཆུ»རྩོམ་རིག་ལོ་དེབ་སྤེལ་མགོ་བརྩམས་ནས་བགྲང་བྱ་བཅུ་ལོན་པའི་དུས་བཟང་འདིར«(མང་ཆུ)རྩོམ་རིག་ལོ་དེབ་སྤེལ་ནས་བགྲང་བྱ་བཅུ་ལོན་པའི་ལེགས་རྩོམ་ཉིང་བཏུས»ཞེས་པའི་དེབ་ཕྲེང་བཞི་ཡི་བདག་ཉིད་ཅན་ཞིག་ཀྱང་པར་དུ་བསྐྲུན་ཏེ་མི་འགྱངས་པར་རྒྱ་ཆེའི་ཀློག་མཁན་དག་གི་སྤྱན་ལམ་དུ་བསྟར་རྩིས་ཡོད་དོ། །
ཚོགས་ཞུགས་མཉམ་པར།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།