ངོས་དང་པོ > ཆེད་དོན། > ཉིན་རེའི་ཞལ་གསུང་། > «མང་ཚོགས་ལམ་ཕྱོགས་ནི་རང་གི་སྲོག་རྩ་དང་རྩ་བའི་བྱ་བའི་ལམ་ཕྱོགས་ཡིན»
«མང་ཚོགས་ལམ་ཕྱོགས་ནི་རང་གི་སྲོག་རྩ་དང་རྩ་བའི་བྱ་བའི་ལམ་ཕྱོགས་ཡིན»
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-07-15 08:09:42
ཀློག་གྲངས།:
ཕྱི་ཚུལ་རིང་ལུགས་ཀྱི་མངོན་ཚུལ་ནི། གཙོ་བོར་ཤེས་པ་དང་ཉམས་ལེན་ཐ་དད་དུ་གྱུར་པ་དང་། དོན་འབྲས་ལྷུར་ལེན་མི་བྱེད་པ། ཚོགས་འདུ་དང་ཡིག་ཆ་མང་བ། ལྟར་སྣང་མཛེས་ལམ་ལ་དགའ་བ། མིང་གྲགས་ལ་རྔམ་པ། མི་བདེན་རྫུན་སྒྲིག་བྱེད་པ་བཅས་ཡིན། འགའ་ཞིག་གིས་ཏང་གི་རིགས་པའི་གཞུང་ལུགས་དང་། བྱ་བ་ཡག་པོར་སྒྲུབ་པར་མཁོ་བའི་ཤེས་བྱ་ཡོན་ཏན་སློབ་སྦྱོང་ནན་ཏན་མི་བྱེད་པ་དང་། སློབ་སྦྱོང་བྱས་ཀྱང་ཁ་ཁྲལ་ཁ་ཆོས་ཙམ་གྱི་དོན་དུ་ལྟ་ཙམ་བྱེད་པ་ལས། སྦྱོང་བ་ཡུན་མི་བརྟན་པ་དང་། གོ་བ་རྣལ་མ་མི་ལེན་ལ། ལག་ལེན་ཁྲོད་དུ་ནན་ཏན་གྱིས་བེད་སྤྱོད་བྱེད་མི་འདོད་ལ་བྱེད་ཡང་མི་ནུས་པ། ལ་ལ་ཞིག་ཚོགས་འདུར་བརྟེན་ནས་ཚོགས་འདུ་དོན་འཁྱོལ་དང་། ཡིག་ཆར་བརྟེན་ནས་ཡིག་ཆ་དོན་འཁྱོལ་བྱེད་པར་གོམས་པ། འུད་ཤོབ་དང་ཀྲོག་ཀྲོག་ལ་དགའ་བ། མགོ་ཁྲིད་གདན་འདྲེན་ཞུས་ནས་གསུང་བཤད་བཀོད་སྒྲིག་བྱེད་པ་དང་། གསར་འགྱུར་ཡིག་རིགས་འགྲེམས་པ། བརྙན་འཕྲིན་ནང་ནས་གདོང་བསྟན་རྒྱུ་སོགས་ནི་དོནཆེན་ནང་གི་དོན་ཆེན་ལ་འཛིན་པ་དང་། མཇུག་མཐར་ལས་མཐའ་མི་འཁྱོངས་བར་རང་སོར་བསྐྱུར་འགྲོ་བ་རེད། ཁ་ཅིག་གིས་བྱ་བ་འཛིན་དུས་དོན་འབྲས་མི་གཉེར་བ་དང་། འགལ་བ་དང་གནད་དོན་ཐག་གཅོད་ལ་འབད་བརྩོན་མི་བྱེད་པ། མགོ་ཁྲིད་ལ་བག་ཆགས་ཟབ་མོ་འཇོག་མི་ཐུབ་པའི་བྱ་བ་མི་སྒྲུབ་པ། ཤུགས་རྐྱེན་ཆེན་པོ་ཐེབས་མི་ཐུབ་པའི་བྱ་བ་མི་སྒྲུབ་པ། བྱ་བའི་སྙན་ཞུའམ་ལོ་མཇུག་ཕྱོགས་བསྡོམས་ཀྱི་སྐབས་སུ་ངོ་མི་ཐོན་པའི་བྱ་བ་མི་སྒྲུབ་པ། མཛད་སྒོ་གཅིག་རྗེས་གཉིས་མཐུད་དང་། ཕྱོགས་བསྡོམས་གཅིག་རྗེས་གཉིས་མཐུད། བྱ་དགའ་གཅིག་རྗེས་གཉིས་མཐུད་ཡིན་ཀྱང་། མཐའ་མཇུག་ཚང་མ“ཁོ་ལེ་ཁུང”ཆགས་ཀྱི་ཡོད། ཡང་འགའ་ཞིག་གཞི་རིམ་དུ་བརྟག་དཔྱད་ཞིབ་འཇུག་ལ་འགྲོ་དུས་ཁྲལ་མངོན་སླ་བཅོས་བྱས་ཏེ། གཞི་རིམ་དུ་འགྲོ་བ་ནི་པར་རེ་ལེན་པ་དང་གདོང་རེ་སྟོན་ཆེད་ཡིན་པ་དང་། རླངས་འཁོར་ལ་བསྡད་ནས་སྐོར་བ་རྒྱག་པ་དང་། ཤེལ་སྒོའི་ནང་ནས“ཕྱི་ངོས”དང“སྒེའུ་ཁུང”ཙམ་ལ་ལྟ་བ་ལས“སྦུག”དང“གྲུ་ཟུར”ལ་མི་ལྟ་བས། མང་ཚོགས་ཀྱིས་དེ་ལ“བརྟག་དཔྱད་ཞིབ་འཇུག་ཤོག་བུས་བཅད།། སྲིད་ཇུས་ལག་བསྟར་རི་བོས་བཅད།”ཅེས་ཟེར་གྱི་ཡོད། ཁ་ཅིག་གིས་གོང་ཞུ་བྱས་དོན་དེ་གནས་ཚུལ་རྫུན་མ་དང་། གྲངས་ཀ་རྫུན་མ། དཔེ་མཚོན་རྫུན་མ་བཅས་ཡིན་པ་ཤེས་བཞིན་དུ་སྣང་མེད་ཟོལ་འཇོག་བྱེད་པ་དང་། ཐ་ན་བློ་ངན་ཡོད་རྒུ་རྩལ་སྤྲུགས་ཀྱིས་བྱས་འབྲས་རྫུན་མ་བཟོས་ཏེ་བདེ་མདོག་བཟང་མདོག་བྱེད།
—«མང་ཚོགས་ལམ་ཕྱོགས་ནི་རང་གི་སྲོག་རྩ་དང་རྩ་བའི་བྱ་བའི་ལམ་ཕྱོགས་ཡིན» (༢༠༡༣ལོའི་ཟླ༦པའི་ཚེས༡༨ཉིན) «ཞི་ཅིན་ཕིང་གི་གསུང་རྩོམ་གཅེས་བསྒྲིགས་ཀློག་དེབ» (པོད་དང་པོ) མི་དམངས་དཔེ་སྐྲུན་ཁང་གི༢༠༢༣ལོའི་པར་གཞི། ཤོག་ངོས༡༢༥པ།

在形式主义方面,主要是知行不一、不求实效,文山会海、花拳绣腿,贪图虚名、弄虚作假。有的不认真学习党的理论和做好工作所需要的知识,学了也是为应付场面,蜻蜓点水,浅尝辄止,不求甚解,无心也无力在实践中认真运用。有的习惯于以会议落实会议、以文件落实文件,热衷于造声势、出风头,把安排领导出场讲话、组织发新闻、上电视作为头等大事,最后工作却不了了之。有的抓工作不讲实效,不下功夫解决存在的矛盾和问题,难以给领导留下印象的事不做,形不成多大影响的事不做,工作汇报或年终总结看上去不漂亮的事不做,仪式一场接着一场,总结一份接着一份,评奖一个接着一个,最后都是“客里空”。有的下基层调研走马观花,下去就是为了出出镜、露露脸,坐在车上转,隔着玻璃看,只看“门面”和“窗口”,不看“后院”和“角落”,群众说是“调查研究隔层纸,政策执行隔座山”。有的明知报上来的是假情况、假数字、假典型,也听之任之,甚至通过挖空心思造假来粉饰太平。
—《群众路线是党的生命线和根本工作路线》(2013年6月18日),《习近平著作选读》第一卷,人民出版社2023年版,第125页
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།