«མང་ཚོགས་ལམ་ཕྱོགས་ནི་ཏང་གི་སྲོག་རྩ་དང་རྩ་བའི་ལས་ཀའི་ལམ་ཕྱོགས་ཡིན།»

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-05-14 07:58:49 ཀློག་གྲངས།:
       སྤྱོད་ཚུལ་བཟང་པོ་ཞེས་པ་ག་འདྲ་ཞིག་ཡིན་ནམ་ཞེ་ན། སྤྱོད་ཚུལ་བཟང་པོ་ནི་ང་ཚོའི་ཏང་གིས་ཐོག་མ་ཉིད་ནས་རྒྱུན་འཁྱོངས་བྱེད་པའི་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་དང་། མང་ཚོགས་དང་འབྲེལ་འདྲིས་དམ་ཟབ། སྐྱོན་བརྗོད་དང་རང་སྐྱོན་རང་རྗོད་བཅས་བྱེད་པ་དང་། དེ་བཞིན་དཀའ་སྤྱད་འབད་བརྩོན་དང་བདེན་འཚོལ་དོན་གཉེར་བྱེད་པ་སོགས་ཀྱི་སྤྱོད་ཚུལ་ཡིན། གསར་བརྗེ་འཛུགས་སྐྲུན་བསྒྱུར་བཅོས་གསུམ་བྱེད་པའི་དུས་ཡུན་རིང་པོའི་ལག་ལེན་ནང་དུ། ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཏང་ཡོངས་ཀྱི་བློ་མཐུན་ཚོར་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུན་འཁྱོངས་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་དགོས་པའི་བླང་བྱ་བཏོན་ནས། ཏང་དང་མི་དམངས་ཀྱི་བྱ་གཞག་རྒྱུན་ཆད་མེད་པར་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་པར་འགན་སྲུང་གལ་ཆེན་འདོན་སྤྱོད་བྱས་ཡོད།
—«མང་ཚོགས་ལམ་ཕྱོགས་ནི་ཏང་གི་སྲོག་རྩ་དང་རྩ་བའི་ལས་ཀའི་ལམ་ཕྱོགས་ཡིན།» (༢༠༡༣ལོའི་ཟླ༦ཚེས༡༨ཉིན།) «ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ།» པོད་དང་པོ། ཕྱི་ཡིག་དཔེ་སྐྲུན་ཁང་གི༢༠༡༨ལོའི་རྒྱ་ཡིག་པར་གཞི། ཤོག་ངོས༣༦༦པ།
  什么是优良作风?优良作风是我们党历来坚持的理论联系实际、密切联系群众、批评和自我批评以及艰苦奋斗、求真务实等作风。在革命、建设、改革长期实践中,我们党始终要求全党同志坚持光荣传统、发扬优良作风,为党和人民事业不断从胜利走向胜利提供了重要保障。
—《群众路线是党的生命线和根本工作路线》 2013年6月18日 《习近平谈治国理政》第一卷 外语出版社2018年版 第366页
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།