ངོས་དང་པོ > ཆེད་དོན། > བྱ་འགུལ་སྣ་ཚོགས། > རྒྱལ་ཁབ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་དཔའ་རིས་དམངས་གླུའི་བརྒྱུད་ཁྲིད་བྱེད་སྒོ་སྤེལ།
རྒྱལ་ཁབ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་དཔའ་རིས་དམངས་གླུའི་བརྒྱུད་ཁྲིད་བྱེད་སྒོ་སྤེལ།
རྩོམ་པ་པོ།:དཔའ་རིས་བོད་རང་སྐྱོང་རྫོང་བོད་
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-07-07 08:30:44
ཀློག་གྲངས།:
དབྱར་ཟླ་ལྔ་བའི་དཔའ་རིས་འབྲོག་པའི་རྩྭ་ཐང་ནི་སྤྲིན་འབྱུང་བུ་མོས་ལྗང་མདོག་གི་གོས་ཆེན་བཀླུབས་པ་དང་ཀུན་ནས་མཚུངས་ལ། ཡུལ་གྱི་མཛེས་ཉམས་ལ་བལྟས་ན་དག་བྱེད་ཟླ་བ་ཡང་གསེར་ལྡན་མར་ཕུལ་བའི་སེམས་ཅན་གསོན་ཤུགས་རྒྱས་ནས་ལང་ཚོ་དཔལ་ལ་རོལ་བའི་དུས་ཁྱད་པར་བ་ཞིག་རེད་ཨང་སྙམ། དེ་ཡང་ཀྲུང་གོ་གུང་ཁྲན་ཏང་ཚུགས་ནས་ལོ་འཁོར105ལོན་པའི་བསྐལ་བ་རྫོགས་ལྡན་ལ། དཔའ་རིས་རྫོང་བོད་སྐད་ཡིག་ཁྲིད་སྟོན་ལྟེ་བས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཞེས་པར་རྒྱ་བོད་སྐད་གཉིས་ཀྱི་ལམ་ནས་དྲིལ་གྲགས་དང་ཆབས་ཅིག རྒྱལ་ཁབ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་དཔའ་རིས་དམངས་གླུའི་བརྒྱུད་ཁྲིད་བྱེད་སྒོ་གཉིས་ཅིག་ཅར་དུ་དཔའ་རིས་རྫོང་མཆོད་རྟེན་ཐང་གྲོང་རྡལ་ཟོག་པ་སྡེ་བའི་དམངས་གླུ་བརྒྱུད་ཁྲིད་ཁང་ནས་གཟབ་རྒྱས་ངང་སྤེལ།

ཐེངས་འདིར་དཔའ་རིས་དམངས་གླུས་ཏང་དྲིན་བསྟོད་པ་དང་མི་རིགས་འགྲིག་མཐུན་ཏང་སྐར་བསུ་ཞེས་པ་བྱེད་སྒོའི་བརྗོད་གཞི་གཙོ་བོར་བཟུང་བ་ཡིན། བྱེད་སྒོ་རུ་ཕྱོགས་གཅིག་ནས་ཏང་གི་མཚར་སྡུག་འོད་སྟོང་འབར་བའི་ལོ་བརྒྱའི་བྱུང་རབས་རླབས་པོ་ཆེར་བསྟོད་བསྔགས་བྱས་ཏེ་དམངས་བྱིངས་ལ་རྒྱལ་གཅེས་ཏང་དགའ་ཡུལ་ཞེན་གྱི་འདུ་ཤེས་བརྟན་པོ་བསྐྱེད་པ་དང་གཅིག ཕྱོགས་གཞན་ཞིག་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཞེས་པ་དྲིལ་གྲགས་དང་། དེ་ལས་ཡུལ་དངོས་ཀྱི་དམངས་གླུ་རྒྱུན་འཛིན་པ་དང་དམངས་བྱིངས་ལ་བཅའ་ཁྲིམས་སུ་གཏན་ལ་བབ་པའི་མི་རིགས་འདྲ་མཉམ་དང་མི་རིགས་མཐུན་སྒྲིལ། རིགས་སོ་སོའི་མི་རིགས་ཁག་ཐུན་མོང་ཐོག་ཡར་རྒྱས་ཀྱི་དོན་ཚན་དང་ཁེ་དབང་སོགས་འགྲེལ་བཤད་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་ཡོང་བར་སྐུལ་སྤེལ་བྱས་ཡོད།

ཡང་དཔའ་རིས་དམངས་གླུ་ནི་ཡུལ་གྲུ་འདིའི་གཟུགས་མེད་ཤུལ་བཞག་རིག་གནས་གལ་ཆེན་ཞིག་ཡིན་པ་དང་། ས་ཁུལ་གཞན་དང་བསྡུར་ན་ས་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་ལ། ཡུལ་འདིའི་སྐད་དང་ཡི་གེ དམངས་སྲོལ་དང་ལོ་རྒྱུས་རིག་གནས་སོགས་ཀྱི་སྙིང་བཅུད་གང་མང་འདུས་ཡོད། ཐེངས་འདིའི་བྱེད་སྒོ་ལ། དམངས་གླུའི་གནའ་ངག་གི་དབྱངས་རྟ་གྱེར་ལུགས་དང་། ཚིག་གི་སྡེབ་སྦྱོར་ལུགས་སོགས་ཀྱི་ཐད་ནས་གླུ་ལ་བྱང་མཁན་དག་གིས་སྦྱང་ཁྲིད་བྱས། དེ་མིན་བསྟོད་གླུ་དང་། སྨྲེང་གཞས། རྟོག་པ་ཆོས་འཁོར། ཤགས་གླུ། ཆང་གཞས་སོགས་ཀྱི་དབྱེ་བ་གསལ་བོར་ཕྱེ་ནས་རྒྱུན་འཛིན་པར་སེམས་ལ་འཇགས་སུ་གཏོང་ཅི་ཐུབ་བྱས་ཡོད།

ཐེངས་འདིའི་བྱེད་སྒོ་ནི་རྒྱལ་གཅེས་ཏང་གཅེས་ཀྱི་སློབ་གསོ་དང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་སྲུང་སྐྱོབ་མཉམ་སྤེལ་བྱས་པའི་ལག་ལེན་ཞིག་ཡིན་ལ། ཡང་མི་རིགས་མཐུན་སྒྲིལ་བརྗོད་བྱར་བཟུང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཞེས་པ་དྲིལ་གྲགས་བྱེད་པའི་བྱེད་སྒོ་ཞིག་ཀྱང་ཡིན། དེ་ལས་ཀྱང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གོང་སྤེལ་དང་ས་གནས་ཀྱི་རིག་གནས་གལ་ཆེན་སྲུང་སྐྱོབ། དམངས་བྱིངས་ཀྱི་བསམ་པའི་དཔལ་ཡོན་ཡར་ངོའི་ཟླ་ལྟར་འཕེལ་བ་མཚོན་ཐུབ་པའི་ལག་ལེན་གལ་ཆེན་ཞིག་ཀྱང་ཡིན་ནོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号