ངོས་དང་པོ > ཆེད་དོན། > བྱ་འགུལ་སྣ་ཚོགས། > གཏེར་འབྱུང་ཀུན་འདུས་ཆེན་མོའི་པར་སྐྲུན་འགྲེམ་སྤེལ་དང་དཔེ་ཕུད་འབུལ་བའི་མཛད་སྒོ་སྤོས་ལྡན་གྲོང་ཁྱེར་ནས་གཟབ་རྒྱས་ངང་འཚོགས།
གཏེར་འབྱུང་ཀུན་འདུས་ཆེན་མོའི་པར་སྐྲུན་འགྲེམ་སྤེལ་དང་དཔེ་ཕུད་འབུལ་བའི་མཛད་སྒོ་སྤོས་ལྡན་གྲོང་ཁྱེར་ནས་གཟབ་རྒྱས་ངང་འཚོགས།
རྩོམ་པ་པོ།:
ཡོང་ཁུངས།:ཁམས་པའི་བརྙན་འཕྲིན།
དུས་ཚོད།:2026-05-20 08:30:56
ཀློག་གྲངས།:
ཟླ༥པའི་ཚེས༡༧ཉིན། སི་ཁྲོན་ཞིང་ཆེན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གིས་ལེགས་སྒྲིག་བྱས་ཤིང་། བསྟན་འཛིན་སྐ་བྲིས་རིག་གནས་སྒྱུ་རྩལ་ལས་སྒྲུབ་ཁང་གིས་མཐུན་རྐྱེན་སྦྱར་ཏེ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་གསང་ཆེན་སྔ་འགྱུར་བའི་བཀའ་གཏེར་དག་སྣང་གསུམ་གྱི་ཡ་གྱལ། ཉེ་བརྒྱུད་གཏེར་མའི་ཕྱོགས་ཀྱི་གཏེར་འབྱུང་ཕྱོགས་བསྒྲིགས་ཏེ་གཏེར་འབྱུང་ཀུན་འདུས་ཆེན་མོ་ཞེས་པ་པར་སྐྲུན་འགྲེམ་སྤེལ་དང་དཔེ་ཕུད་འབུལ་བའི་མཛད་སྒོ་སྤོས་ལྡན་གྲོང་ཁྱེར་ནས་གཟབ་རྒྱས་ངང་འཚོགས།

དཔེ་རྙིང་གི་ཁྲོད་ཀྱི་ཡིག་འབྲུ་རེ་རེ་ལ་གསོན་ཤུགས་རྒྱས་སུ་འཇུག་པ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་དུས་རབས་ཀྱི་བླང་བྱ་ལྟར། ཚོགས་འདུའི་ཐོག་ས་ཕྱོགས་མང་པོ་ནས་ཕེབས་པའི་འབྲེལ་ཡོད་འགོ་ཁྲིད་དང་མཁས་དབང་། སྐུ་མགྲོན་སོགས་མི་མང་པོ་གདན་ཐོག་གཅིག་ཏུ་འཛོམས་ནས། དུས་རབས་གསར་པའི་ནང་ལ་མེས་པོའི་ཤེས་རབ་ལས་འཁྲུངས་པའི་གསུང་རབ་བསྟན་བཅོས་སྤྱི་དང་། ནང་སྒོས་སུ་ཉེ་བརྒྱུད་ཟབ་མོ་གཏེར་གྱི་ཆོས་འབྱུང་དག་གི་ཁྲོད་ཀྱི་ཡིག་འབྲུ་རེ་རེ་ཇི་ལྟར་འཛིན་སྐྱོང་སྤེལ་གསུམ་བྱེད་པ་སོགས་ཀྱི་སྐོར་ནས་བགྲོ་གླེང་གནང་།

རྒྱུས་ལོན་བྱུང་བ་ལྟར་ན། གཏེར་འབྱུང་ཀུན་འདུས་ཆེན་མོ་ཞེས་པ་ལ་བསྡོམས་པའི་གླེགས་བམ་གསུམ་ཡོད་དེ། གླེགས་བམ་དང་པོ་ལ། དགའ་ཐང་པ་ཉང་རིག་འཛིན་ལྷུན་གྲུབ་འོད་ཟེར་གྱི་མངའ་བདག་མྱང་ཉི་མ་འོད་ཟེར་གྱི་རྣམ་ཐར་གསལ་བའི་མེ་ལོང་སོགས་ཆོས་ཚན་བཅུ་དང་། གླེགས་བམ་གཉིས་པ་ལ། གུ་རུ་རཏྣ་གླིང་པའི་གཏེར་འབྱུང་ཆེན་མོ་གསལ་བའི་སྒྲོན་མེ་སོགས་ཆོས་ཚན་ལྔ་བཅུ་ང་གསུམ། གླེགས་བམ་གསུམ་པ་ལ། བྱང་བདག་བཀྲ་ཤིས་སྟོབས་རྒྱལ་གྱི་སྤྲུལ་སྐུ་གཏེར་སྟོན་བཀྲ་ཤིས་གྲངས་ངེས་ཀྱི་མཚན་བསྡོམས་གསོལ་འདེབས་ཐུགས་རྗེའི་ཉིན་བྱེད་སོགས་ཆོས་ཚན་བདུན་ཅུ་དོན་དྲུག་བཞུགས་ཡོད།

འབྲེལ་ཡོད་ཆེད་མཁས་པས་ངོ་སྤྲོད་བྱས་པ་ལྟར་ན། གཏེར་འབྱུང་ཀུན་འདུས་ཆེན་མོ་འདི་པར་སྐྲུན་འགྲེམ་སྤེལ་བྱས་པ་ཡིས་བོད་ཀྱི་གཏེར་ཆོས་རིག་གནས་འཛིན་སྐྱོང་སྤེལ་གསུམ་དང་། སྒོས་སུ་བོད་ཀྱི་གཏེར་ཆོས་རིག་གནས་ལ་དོ་སྣང་བྱེད་པའི་རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་ཞིབ་འཇུག་པ་རྣམས་ལ་ཞིབ་འཇུག་གི་མཐུན་རྐྱེན་གང་ལེགས་བསྐྲུན་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号