སི་ཁྲོན་ཞིང་ཆེན་སྤོས་ལྡན་བོད་ཡིག་གཙུག་ལག་རྟེན་མཛོད་གླིང་གིས་རྒྱལ་སྤྱིའི་རྟེན་མཛོད་གླིང་གི་ཉིན་མོའི་བྱ་འགུལ་སྤེལ།

རྩོམ་པ་པོ།: ཡོང་ཁུངས།:ཁམས་པའི་བརྙན་འཕྲིན། དུས་ཚོད།:2026-05-19 08:52:41 ཀློག་གྲངས།:
       ཟླ༥པའི་ཚེས༡༨ཉིན་ཏེ། ཐེངས༥༠པའི་རྒྱལ་སྤྱིའི་རྟེན་མཛོད་གླིང་གི་ཉིན་མོ་དང་བསྟུན་ཏེ། སི་ཁྲོན་ཞིང་ཆེན་སྤོས་ལྡན་བོད་ཡིག་གཙུག་ལག་རྟེན་མཛོད་གླིང་དབུ་བརྙེས་ནས་བགྲང་བྱ་གཅིག་འཁོར་བའི་དགའ་སྟོན་དང་། མི་རིགས་ཡིག་ཚང་འགྲེམས་སྟོན་ཁང་གི་སྒོ་འབྱེད་མཛད་སྒོ་གཉིས་དུས་ཐོག་གཅིག་ཏུ་སྤེལ་བ་རེད།
       མཛད་སྒོའི་སྟེང་དུ་པེ་ཅིང་དང་སི་ཁྲོན། བོད་ལྗོངས། མཚོ་སྔོན། ཡུན་ནན། ཀན་སུའུ། ཧུའུ་པའེ། ཀོང་ཞི། ནང་སོག་ལ་སོགས་པའི་ས་ཁུལ་སོ་སོ་དང་། གྲོང་ཁྱེར་གྱི་རིག་དངོས་གཙོ་སྐྱོང་སྡེ་ཁག་དང་ཞིང་ཆེན་གྱི་འབྲེལ་ཡོད་དབུ་ཁྲིད། དེ་བཞིན་དུ་ཆེད་མཁས་པ་དང་ལས་རིགས་སོ་སོའི་འཐུས་ཚབ་པ་དག་མཉམ་ཞུགས་བྱས་ཡོད། 
       གསར་དུ་སྒོ་འབྱེད་པའི་མི་རིགས་ཡིག་ཚང་འགྲེམས་སྟོན་ཁང་དུ་རང་རྒྱལ་གྱི་རྒྱ་རིགས་དང་བོད་རིགས། སོག་རིགས། ཡུ་གུར་རིགས། ཁྲའོ་ཞན་རིགས། མན་ཇུ་རིགས། དབྱིས་རིགས། ཏའེ་རིགས། འཇང་རིགས་སོགས་མི་རིགས་ང་དྲུག་གི་རྩ་ཆེ་བའི་གཙུག་ལག་ཡིག་ཚངས་དག་འགྲེམས་སྟོན་བྱས་ཏེ། འགྲེམས་སྟོན་གྱི་མ་ལག་ཆ་ཚང་བ་ཞིག་གྲུབ་ཡོད་ལ། དེའི་ཁྲོད་དུ་རུའུ་ཤཱཀ་ཏའོ་གསུམ་གྱི་གསུང་རབ་དང་། གསོ་རིག་ཡིག་ཚངས། ལོ་རྒྱུས་ཡིག་ཆ། གནམ་རིག་སྐར་རྩིས། རྩོམ་རིག་དང་དམངས་སྲོལ་གཙུག་ལག་ཡིག་ཚང་སོགས་འདུས་ཡོད།
       མཛད་སྒོའི་སྟེང་དུ་འབྲེལ་ཡོད་ཆེད་མཁས་པ་ཉི་ཤུ་ལྷག་གིས་མི་རིགས་ཀྱི་ཡིག་ཚང་འཚོལ་བསྡུ་དང་། ལེགས་སྒྲིག །གྲངས་འཛིན་ཅན་གྱི་སྲུང་སྐྱོབ། གསར་སྤེལ་དང་བེད་སྤྱོད་སོགས་ཀྱི་བརྗོད་དོན་ལ་དམིགས་ནས་བགྲོ་གླེང་གནང་ཞིང་། ཚོགས་ཞུགས་ཆེད་མཁས་པ་རྣམས་ཀྱིས་མི་རིགས་ཀྱི་ཡིག་ཚང་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་པ་ནི་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་པའི་ངོས་འཛིན་གཅིག་མཐུན་དུ་བྱུང་།
       ཐེངས་འདིའི་མཛད་སྒོའི་སྟེང་དུ་ད་དུང་ཁམས་པའི་བརྙན་འཕྲིན་ཁང་གི་ལེའུ་བཅུ་ཅན་གྱི་དངོས་ཟིན་གྱི་དངོས་ཟིན་གློག་བརྙན«རྟེན་མཛོད་གླིང་གི་མཉམ་དབྱངས»ཞེས་པ་འཕྲུལ་སྒོ་འབྱེད་པའི་མཛད་སྒོ་སྤེལ་ཡོད། དངོས་ཟིན་གློག་བརྙན་དེ་ནི་སི་ཁྲོན་ཞིང་ཆེན་གྱི༢༠༢༥ལོའི་ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་བེད་སྤྱོད་ཀྱི་རྒྱང་སྒྲོག་བརྙན་འཕྲིན་གྱི་རོགས་སྐྱོར་ལས་གཞིའི་ནང་ཚུད་ཡོད་ཅིང་། དངོས་ཟིན་གློག་བརྙན་འདི་ཡི་ཁྲོད་དུ་སི་ཁྲོན་ཞིང་ཆེན་སྤོས་ལྡན་བོད་ཡིག་གཙུག་ལག་རྟེན་མཛོད་གླིང་སོགས་རིག་གནས་རྟེན་མཛོད་གླིང་བཅུ་ནི་ཕབ་སྐྲུན་བྱ་ཡུལ་དུ་བཟུང་ནས། མི་རིགས་རིག་གནས་སྲུང་སྐྱོང་དང་། ཞིབ་འཇུག། བེད་སྤྱོད་སོགས་ལ་དོ་སྣང་བྱ་རྒྱུ་ཡིན་ལ། འཆར་གཞི་ལྟར་ན། ༢༠༢༦ལོའི་ཟླ༡༢པར་སྐད་རིགས་སྣ་མང་གི་ལམ་ནས་རྒྱལ་ཡོངས་སུ་གཏོང་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།