ངོས་དང་པོ > ཆེད་དོན། > བྱ་འགུལ་སྣ་ཚོགས། > རབ་མཛེས་མཚོ་སྔོན་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་རྒྱུག་སྐབས་ཉེར་བཞི་པ་འགོ་བརྩམས།
རབ་མཛེས་མཚོ་སྔོན་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་རྒྱུག་སྐབས་ཉེར་བཞི་པ་འགོ་བརྩམས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།
དུས་ཚོད།:2025-07-07 08:48:27
ཀློག་གྲངས།:
ཟླ7པའི་ཚེས5ཉིན་གྱི་སྔ་དྲོར། 2025ལོའི“ཀྲུང་གོ་བཟོ་ཞིང་དངུལ་ཁང་རྟགས་མའི”རབ་མཛེས་མཚོ་སྔོན་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་རྒྱུག་སྐབས་ཉེར་བཞི་པ་མཚོ་སྔོན་ལུས་རྩལ་ལྟེ་གནས་སུ་འགོ་བརྩམས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་འགོ་བརྩམས་པ་ཁྱབ་བསྒྲགས་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཤིས་ཚིག་ཕུལ། མགོན་པོ་བཀྲ་ཤིས་འགོ་རྩོམ་མཛད་སྒོར་ཞུགས།

ཟླ7པའི་ཚེས5ཉིན་གྱི་སྔ་དྲོར། 2025ལོའི“ཀྲུང་གོ་བཟོ་ཞིང་དངུལ་ཁང་རྟགས་མའི” རབ་མཛེས་མཚོ་སྔོན་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་རྒྱུག་སྐབས་ཉེར་བཞི་པ་མཚོ་སྔོན་ལུས་རྩལ་ལྟེ་གནས་སུ་འགོ་བརྩམས།
ལུའོ་ཏུང་ཁྲོན་གྱིས་ཤིས་ཚིག་འབུལ་སྐབས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ས་ཡ་དྲུག་བཅས་ཀྱི་ཚབ་བྱས་ཏེ་སྐུ་མགྲོན་དང་། ལུས་རྩལ་པ། རྩལ་ཁྲིད་པ། ཤན་འབྱེད་པ། སྨྱན་བྱད་ལས་རིགས་ཀྱི་གྲོགས་པོ་བཅས་ལ་དགའ་བསུ་ཞུས་པ་དང་། རྒྱལ་སྤྱིའི་ལྕགས་རྟའི་མནའ་འབྲེལ་དང་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤྱི་ཚོགས་ལས་རིགས་སོ་སོ་བཅས་ཀྱིས་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཁོས་བཤད་རྒྱུར། མཚོ་སྔོན་སྐོར་བའི་འགྲན་རྒྱུག་གསར་འཛུགས་བྱས་པ་ནས་བཟུང་། ཐོག་མཐའ་བར་གསུམ་དུ“ལྗང་མདོག་དང་མི་གཞུང་། འཆམ་མཐུན། ཉམས་ལེན”བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས། “སྔར་ལས་མགྱོགས་ཤིང་མཐོ་ལ། སྟོབས་ཆེ་ཞིང་མཐུན་སྒྲིལ་ཡིན་པའི”ཨོ་ལིམ་ཕིག་གི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ། མཚོ་འཕང་མཐོ་བ་དང་འགྲན་ལམ་ལ་ཉེན་ཁ་ཆེ་བ། ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་བཅས་ལ་བརྟེན་ནས་འཛམ་གླིང་གི་འགྲན་སློང་རང་བཞིན་ཆེ་བ་དང་ལྟ་རོལ་རང་བཞིན་ལྡན་པའི་གཞུང་ལམ་ལྕགས་རྟའི་འགྲན་རྒྱུག་གི་གྲལ་དུ་སླེབས་ནས། ཀྲུང་གོ་ལྕགས་རྟའི་ལུས་རྩལ་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ཚད་ཤིང་འགྲན་སྡུར་ཞིག་ཏུ་གྱུར་པ་དང་། མཛེས་པའི་ཀྲུང་གོ་དང་ལུས་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་གྱི་ངོ་མཚར་ཆེ་བའི་སྒེའུ་ཁུང་ལྟ་བུ་ཞིག་ཏུ་གྱུར་ཡོད། ད་ལྟའི་མཚོ་སྔོན་སྐོར་བའི་ལྕགས་རྟའི་འགྲན་རྒྱུག་ནི་འཛམ་གླིང་ལྕགས་རྟའི་ལུས་རྩལ་གྱི་གར་སྟེགས་རྩེ་གྲས་ཡིན་པ་དང་། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལྗང་མདོག་མིང་བྱང་ཡིན་ལ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་བྱེད་འཕྲུལ་འཁོར་ཡིན་པ་དང་། མི་རིགས་མཐུན་སྒྲིལ་དང་མི་གཞུང་བརྗེ་རེས་ཀྱི་མཛའ་བརྩེའི་ཟམ་པ་ཡིན། ལུས་རྩལ་པ་རྣམས་ཀྱིས་འགྲན་སྡུར་ཁྲོད་སྟོབས་ཤུགས་མངོན་པ་དང་། དཀའ་སྡུག་གི་འགྲན་སློང་ཁྲོད་དུ་སྙིང་རུས་བསྐྱེད་པ། གངས་རིའི་འགྲུལ་བཞུད་ཁྲོད་རང་ཉིད་ལས་བརྒལ་ནས་འཛམ་གླིང་ལ་མྱུར་ཚད་དང་ངར་སེམས་ལས་གྲུབ་པའི་མིག་གི་དགའ་སྟོན་ཆེན་པོ་ཞིག་འབུལ་རྒྱུའི་རེ་བ་ཡོད། ཚང་མས་འགྲན་སྡུར་ཁྲོད་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པའི་མཚོ་སྔོན་གྱི་ལག་ལེན་ཉམས་སུ་མྱོང་བ་དང་། “ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་ལས”བཅས་མཉམ་འདྲེས་འཕེལ་རྒྱས་ཁྲོད་ཀྱི་མཛེས་སྡུག་མཉམ་སྤྱོད་བྱེད་པ། སྣ་མང་རིག་གནས་འཆམ་མཐུན་མཉམ་གནས་ཀྱི་འགུག་ཤུགས་ངང་གིས་ཚོར་བ་བཅས་ཀྱི་དགའ་བསུ་ཞུ།འགོ་རྩོམ་མཛད་སྒོའི་སྟེང་རྒྱལ་སྤྱིའི་ལྕགས་རྟའི་མནའ་འབྲེལ་གྱི་ཀྲུའུ་ཞི་ཏ་ཝེ·ལཱ་ཕ་ཏེ་ཨན་གྱི་རྟེན་འབྲེལ་ཤིས་ཚིག་སྒྲོག་འདོན་བྱས། ཁོས་བཤད་རྒྱུར། 2002ལོར་བསྒྲུབས་འགོ་བརྩམས་པ་ནས་བཟུང་། རབ་མཛེས་མཚོ་སྔོན་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟའི་འགྲན་རྒྱུག་ནི་རྒྱལ་སྤྱིའི་ལྕགས་རྟའི་མནའ་འབྲེལ་གྱི་འགྲན་སྡུར་ལོ་རྒྱུས་སྟེང་གི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། ལོ་མང་པོའི་རིང་། འགྲན་སྡུར་དེ་འགྲན་སློང་རང་བཞིན་དང་མཚོ་འཕང་མཐོ་བའི་དབང་གིས་སྐད་གྲགས་ཆོད་ཡོད། འགྲན་སྡུར་ལ་ཞུགས་མཁན་ཚང་མས་དཀའ་ངལ་དང་མཛེས་ལྗོངས་གཉིས་ཀར་བདེན་དཔང་བྱས་པ་མ་ཟད། ཉམས་ལེན་བྱེད་རིན་ཡོད་པའི་འགྲན་ལམ་ཡིན་པ་བདེན་དཔང་བྱས་ཡོད། འགྲན་སྡུར་གཙོ་སྒྲུབ་ཕྱོགས་ཀྱིས་འཛམ་གླིང་ནས་ཡོང་བའི་ལྕགས་རྟའི་རུ་ཁག་ལ་ཐེངས་འདིའི་འགྲན་སྡུར་གྱི་གོ་སྐབས་འདོན་སྤྲོད་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ། སྐབས་འདིའི་འགྲན་སྡུར་ལ་ཞུགས་པའི་ལུས་རྩལ་པ་ཚང་མ་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ།
འགོ་རྩོམ་མཛད་སྒོའི་སྟེང་། འཛམ་གླིང་གི་གླིང་ཆེན་བཞིའི་རྒྱལ་ཁབ11གི་ལྕགས་རྟའི་རུ་ཁག་ཉེར་གཉིས་ཀྱི་འགྲན་སྡུར་པ་རྣམས་ལྕགས་རྟར་ཞོན་ནས་གར་སྟེགས་སུ་བསྐྱོད་པ་དང་། ཡུལ་དངོས་སུ་དགའ་བསུ་ཆེན་པོ་ཐོབ། ལུས་རྩལ་པ་དང་ཤན་འབྱེད་པའི་འཐུས་མིས་སྔ་རྗེས་སུ་དམ་བཅའ་བཞག་པ་དང་། དེའི་རྗེས་སུ་ལྟད་མོ་ཆེ་བའི་འཁྲབ་སྟོན་གྱི་འགོ་བརྩམས།
ཝང་ལིས་མེན་དང་ཝང་ཝེ་ཏུང་། ཚེ་རིང་ཐར། ཁྲིན་ཅི་ཝེ། རྣམ་རྒྱལ་སོགས་དང་། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ། ཀྲུང་གོ་བཟོ་ཚོང་དངུལ་ཁང་། ཀྲུང་གོ་ལྗང་སྒྱུར་ཐེབས་རྩ་ཚོགས་པ། ཀྲུང་གོ་ཁོར་ཡུག་ཚན་རིག་སློབ་ཚོགས། ཀྲུང་གོ་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་མཐུན་ཚོགས་སོགས་ཀྱི་སྡེ་ཁག་དང་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་འགོ་རྩོམ་མཛད་སྒོར་ཞུགས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།