• མིག་སྔ་ནི་ཀན་སུའུ་ཞིང་ཆེན་ཏུན་ཧོང་གྲོང་ཁྱེར་དུ་ཡུལ་སྐོར་པ་ཆེས་མང་བའི་དུས་ཚིགས་ཡིན་ལ།འཛམ་གླིང་རིག་གནས་ཤུལ་བཞག་མའོ་ཀའོ་བྲག་ཕུག་དང་མིན་ཧྲ་རི་བོའི་ཡུའེ་ཡ་ཆོན་མཛེས་ལྗོངས་ཁུལ་སོགས་མཛེས་ལྗོངས་ཀྱིས་ཡུལ་སྐོར་པ་མང་པོ་བཀུགས་ཡོད།ཟླ6པའི་ཚེས7ཉིན་ཉིན་བར་དུ།ཏུན་ཧོང་གྲོང་ཁྱེར་གྱིས་ད་ལོར་བསྡོམས་པས་ཡུལ་སྐོར་པ་མི་ཐེངས་ཁྲི135.5སྣེ་ལེན་བྱས་ཡོད།...

    2023-06-16 09:17:08 རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར། 16356
  • ད་ལོ་མཚོ་སྔོན་པོས་སྐྱེ་ཁམས་གཞི་གཅིག་སྲུང་སྐྱོང་དང་།སྐྱེ་ཁམས་མ་ལག་བཅོས་སྐྱོང་།ལྗང་མདོག་ཐཱན་ཉུང་འཕེལ་རྒྱས།དོ་དམ་སྒྲིག་སྲོལ་བཅོས་སྒྱུར་སོགས་ཀྱི་ཐད་མུ་མཐུད་ཤུགས་སྣོན་བརྒྱབ་ནས2023ལོར་གསར་གཏོད་ལས་འགན་ལེགས་སྒྲུབ་བྱ་རྒྱུ་མ་ཟད།2024ལོར་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་རེ་ཞུ་བྱས་ནས་འཛུགས་ཐུབ་པར་བརྩོན་ལེན་བྱ་རྒྱུ།རྒྱལ་ཁབ་སྤྱི་གླིང་གཏོད་པའི་གོ་སྐབས་དང་བསྟུན་ནས་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་ཡིས་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་གྱི་སྟོབས་ཤུགས་སྣ་ཚོགས་བསྡུ་སྒྲིལ་བྱས་ཏེ།མཚོ་སྔོན་པོའི་རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་།རི་སྐྱེས་སྲོག་ཆགས་ཀྱི་མྱུར་སྐྱོབ་མ་ལག་དང་རིམས་ནད་འབྱུང་ཁུངས་དང་རིམས་ནད་ལྟ་ཞིབ་ཚད་ལེན་གྱི་འགོག་ཟོན་མ་ལག་འཐུས་ཚང་དུ་གཏོང་བ།སྐྱེ་ཁམས་དྲ་རྒྱའི་ཤེས་ཚོར་མ་ལག་འཛུགས་པ་བཅས་བྱས་ནས“གནམ་ས་མཁའ་དབྱིངས”གཞི་གཅིག་ཅན་གྱི་ལྟ་ཞིབ་ཚད་ལེན་མ་ལག་དང་སྲུང་སྐྱོང་ས་ཚིགས་ཀྱི་ལྟ་ཞིབ་ཚད་ལེན་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་རེད།...

    2023-06-12 09:38:56 མཚོ་སྔོན་པོ་དྲ་བ། 16468
  • 2019ལོའི་ཟླ11པར།མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གྱིས་ཁམས་ར་རྒྱལ་ཁབ་ས་གཤིས་སྤྱི་གླིང་རྨང་གཞིར་བྱས་ཏེ།ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་གསར་འཛུགས་སྙན་ཞུའི་ལས་དོན་སྤེལ་མགོ་བརྩམས།2022ལོའི་ཟླ3པར།མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་གཞུང་ཕྱོགས་དྲ་བས་སྤྱི་བསྒྲགས་སྤེལ་ཏེ།གསར་འཛུགས་སྙན་ཞུ་བྱས་པའི་ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་དེ2021ལོ་ནས2022ལོའི་བར་གྱི་གོ་ལ་ཡོངས་ཀྱི་འཛམ་གླིང་གི་ས་གཤིས་སྤྱི་གླིང་འདེམ་སྒུག་ས་ཁུལ17གྲས་སུ་ཚུད་ཡོད།འཆར་གཞི་ལྟར་ན།མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་འཛམ་གླིང་ས་གཤིས་སྤྱི་གླིང་གི་ཆེད་མཁས་པས་ད་ལོའི་ཟླ7པར་ཡུལ་དངོས་སུ་རྟོག་ཞིབ་དཔྱད་འཇོག་ལས་དོན་སྤེལ་རྒྱུ་རེད།ཁམས་ར་ས་གཤིས་སྤྱི་གླིང་གསར་འཛུགས་སྙན་ཞུ་ལེགས་འགྲུབ་བྱུང་རྗེས་དེ་ནི་ཁུ་ནུ་རི་བོ་འཛམ་གླིང་ས་གཤིས་སྤྱི་གླིང་གི་རྗེས་སུ་མཚོ་སྔོན་ཞིང་ཆེན་གྱི་འཛམ་གླིང་ས་གཤིས་སྤྱི་གླིང་ཨང་གཉིས་པར་འགྱུར་རྒྱུ་རེད།།...

    2023-05-26 09:28:49 རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར། 17026
  • ཉེ་ཆར།པར་ལེན་དགའ་མཁན་གྱིས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མང་ནེ་གྲོང་ཁྱེར་གྱི་ཁོངས་གཏོགས་ནས“སྐར་མ་སྤེན་པའི་སྒོར་རིས”ས་དབྱིབས(“土星环”地貌)ཀྱི་ཡུལ་ལྗོངས་ཆེན་པོ་ཞིག་པར་ལེན་ཐུབ་ཡོད་པ་དང་།པར་རིས་ནང་དུ།ས་དབྱིབས་ཐོག་གི་སྒོར་རིས་དང་སྐར་མ་སྤེན་པའི་སྒོར་རིས་གཉིས་ཀ་ཧ་ཅང་འདྲ་བར་མ་ཟད།ད་དུང“སྐར་མ་སྤེན་པའི་སྒོར་རིས”འགའ་ཞིག་གོ་རིམ་ལྟར་བསྒྲིགས་ནས་ཀྱང་ཡོད་པ་རེད།...

    2023-05-23 10:41:05 མཚོ་སྔོན་པོ་དྲ་བ། 17299
  • སྐྱ་སྡུག་དང་སྔོ་ལྗང་གི་མཛེས་པ་མཉམ་དུ་གནས་པ་དང་།ལུང་སྟོང་དང་ནོར་མཛོད་ལྷན་སྐྱེས་སུ་ལྡན་ཞིང་།བྱེ་ཐང་དང་མཚེའུ་གཅིག་ལ་གཅིག་བརྟེན་དུ་ཆགས་ལ།རྩྭ་ཐང་དང་གངས་རི་ཕན་ཚུན་འབྲེལ་ནས་ཡོད་པ་བཅས་ནི།མེས་རྒྱལ་གྱི་ནོར་གཞོང་དང་ངོ་མཚར་བའི་ཚྭ་འདམ་ཅེས་འབོད་པའི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཡིན།མཚོ་ནུབ་ཀྱི་ས་དབྱིབས་ནི་རྣམ་པ་སྣ་མང་ཡིན་ཞིང་།རང་བྱུང་ཡུལ་ལྗོངས་སྡུག་ཅིང་བརྗིད་ཆགས་ལ།ཡངས་ཤིང་རྒྱ་ཆེ་བའི་བྱེ་ཐང་ནི་མཐའ་ཡས་པ་དང་།ཟངས་རིའི་ས་དབྱིབས་རྣམ་པ་འདྲ་མིན་དུ་ཆགས་ཡོད།ཉེ་བའི་ལོ་འགའི་རིང་།མཚོ་ནུབ་ཁུལ་གྱིས་ཚྭ་མཚོ་དང་ཁུ་ནུ།ཟངས་རི་སོགས་ཀྱིས་མཚོན་པའི་དྲ་གྲགས་ཡུལ་ལྗོངས་དར་སྤེལ་དུ་བཏང་སྟེ།མཁའ་ལམ་ཡུལ་སྐོར་དང་དར་གོས་ཚོང་ལམ།གསར་བརྗེའི་རིག་གནས་ཡུལ་སྐོར་བཅས་ཚྭ་འདམ་གཞོང་གི་ཡུལ་སྐོར་ལམ་ཐིག་ལེགས་ཤོས་ལ་གསོན་ཤུགས་དང་འཕེལ་རྒྱས་གང་ལེགས་བྱུང་ཡོད།།...

    2023-05-04 15:22:36 མཚོ་སྔོན་པོ་དྲ་བ། 18261
  • དཔྱིད་ཀྱི་དཔལ་ཡོན་རྣམ་པར་རྒྱས་པའི་དུས་ཚིགས་སུ།མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གི་ཁྲི་ཀའི་རྒྱལ་ཁབ་ས་གཤིས་སྤྱི་གླིང་གིས་ལྟད་མོ་པའི་ཚོགས་རྣམས་གནས་དེར་བསུས་དང་བསུ་བཞིན་ཡོད་ལ།དཔྱིད་ཀའི་ཁྲ་ཆིལ་མེ་ཏོག་དང་ངོ་མཚར་བྲག་དམར་ས་གཤིས།ཁ་བའི་ལ་ཐོད་འཆིང་བའི་རི་ཚོགས་བཅས་ཀྱིས་ལྟ་ན་སྡུག་པའི་མཐོ་སྒང་གི་དཔྱིད་དཔལ་མཚོན་པའི་རི་མོ་ཞིག་ངང་གིས་བཞེངས་ཡོད།...

    2023-04-28 14:43:03 མཚོ་སྔོན་པོ་དྲ་བ། 18612
  • པདྨ་བཀོད་དམ་མེ་ཏོག་རྫོང་དུ་སྲོག་ཆགས་དང་རྩི་ཤིང་གི་རིགས་ཧ་ཅང་མང་བ་དང་།རྫོང་ཡོངས་ཀྱི་སའི་བརྒྱ་ཆ་བརྒྱད་ཅུ་ནགས་ཀྱིས་ཁེབས་ཤིང་།སྐྱེས་དངོས་རིགས་མི་འདྲ་བ་སུམ་སྟོང་ལྷག་ཡོད་ལ།འཛམ་གླིང་ཅི་ཉི་སིའི་ཟིན་ཐོར་འཁོད་པའི་ཤིང་སྡོང་མཐོ་ཤོས་དེ་ཡང་མེ་ཏོག་ཏུ་ཡོད།རྒྱལ་ཁབ་ཀྱི་སྲུང་སྐྱོབ་གྲས་སུ་ཚུད་པའི་སྐྱེས་དངོས་སྣ་བརྒྱད་ཅུ་དང་སྲུང་སྐྱོབ་རི་དྭགས་ཀྱི་རིགས་ཞེ་གཉིས་ཙམ་ཡོད་ལ།ཆུ་འབྲས་དང་མ་རྨོས་ལོ་ཏོགགྲོ་ནས་དང་།ཇ་རིགས་མང་པོ་དང་།བོད་ཡུལ་གྱི་ས་ཆ་གཞན་དང་མི་འདྲ་བར་དབྱར་ཁའི་དུས་ཚིགས་ཧ་ཅང་རིང་ཞིང་མཛེས་སྡུག་ལྡན་ལ།དཔྱིད་ཀའི་དུས་སུ་མེ་ཏོག་གླིང་དུ་སླེབས་པ་ལྟར་ལྟ་བས་ཆོག་མི་ཤེས་པ་ཞིག་མཆིས།2013ལོར་མེ་ཏོག་རྫོང་གི་ལམ་ཐིག་ཧྲིལ་བོར་དངོས་སུ་གཞུང་ལམ་བཟོས་ནས་ཡུལ་སྐོར་ལྗོངས་རྒྱུ་བ་སྔར་ལས་བར་མ་ཆད་ལ།ཀྲུང་གོ་ཡོངས་སུ་རྫོང་གྲོང་ལ་གཞུང་ལམ་མེད་པའི་ལོ་རྒྱུས་ཀྱང་མཇུག་བསྡུས།...

    2023-04-20 14:50:19 མཚོ་སྔོན་པོ་དྲ་བ། 18957
  • གུ་གེ་རྒྱལ་རབས་གནའ་ཤུལ་ནི་བོད་ལྗོངས་མངས་རིས་ས་ཁུལ་རྩྭ་མདའ་རྫོང་ཁོངས་སུ་གནས་ཤིང་།དེ་ནི་རྒྱལ་ཁབ་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོང་སྡེ་ཚན་ཡིན།ད་ཡོད་གནའ་ཤུལ་རི་ལ་བརྟེན་ནས་འཛུགས་སྐྲུན་བྱས་ཡོད་པ་དང་།དེ་ནི་ཁང་བ300ལྷག་དང་བྲག་ཕུག300ལྷགས་འོག་གི་བགྲོད་ལམ2བཅས་ཀྱིས་གྲུབ་པས།སྤྱིའི་ས་ངོས་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི18ཟིན་ཞིང་།བལྟོས་བཅས་མཐོ་དམའི་བར་ཁྱད་སྨི175ཡོད།གུ་གེ་རྒྱལ་རབས་གནའ་ཤུལ་དེ་ནི་བོད་ལྗོངས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་དང་།ལྷག་པར་དུ་བོད་ཀྱི་གནའ་བོའི་བཟོ་བཀོད་ལོ་རྒྱུས་ཐད་དངོས་རྫས་རྒྱུ་ཆ་གལ་ཆེན་མཁོ་འདོན་བྱས་ཡོད།།...

    2023-04-11 10:02:00 མཚོ་སྔོན་པོ་དྲ་བ། 19449
  • མང་ཡ་གྲོང་ཁྱེར་ལིན་ཧུའུ་གྲོང་རྡལ་ནས་སྤྱི་ལེ13ཙམ་གྱི་མཚམས་སུ།ཟླ་བའི་གོ་ལ་དང་ཤིན་ཏུ་འདྲ་བའི་ས་ཆ་ཞིག་ཡོད།དེ་ནི་ལུང་སྟོང་ཆེན་པོ་ཞིག་ཡིན་པ་དང་།ཁེར་རྐྱང་གི་སྐྱོ་སྣང་ཡོད་ཅིང་ངོ་མཚར་ཆེ་བ་ཞིག་ཡིན།ས་ཆ་དེ་ནི་ཧའེ་ཏུའུ་རི་བོ་རེད།ས་ཆ་དེ་གའི་མིང་དང་འདྲ་བར་རྒྱང་རིང་གི་མཐོང་ལམ་དུ་མངོན་པ་ཡོད་ཚད་ནི་རི་བོ་ནག་སྐྱ་ཡིན་ཞིང་།རི་འབུར་ཆེ་ཆུང་ཚང་མ་བྱེ་རྡོ་ནག་པོས་གཡོགས་ཡོད།མི་རྣམས་ཀྱིས་རྒྱུན་པར་མི་ཡུལ་གྱི་ཟླ་བའི་གོ་ལ་ཞེས་འབོད་ཀྱི་ཡོད།མཚོ་སྔོན་དུ་དེ་ལྟའི་ངོ་མཚར་ཆེ་བའི་ས་ཆ་ཞིག་ཡོད་པ་ནི་ཡིད་ཆེས་དཀའ་བ་ཞིག་རེད།དེ་རུ་ཡིད་འོང་གི་མཛེས་ལྗོངས་མེད་ཅིང་ནམ་རྒྱུན་མི་མེད་ལུང་སྟོང་དུ་གནས་ཤིང་ཁེར་རྐྱང་དང་དབེན་འཇགས་ཀྱིས་ཁེངས་ཡོད།གང་སར་རི་ནག་ཁོ་ནས་ཁེངས་ཡོད་པར་ལྗང་མདོག་གི་སྐྱེ་དངོས་ཤིག་རྩ་བ་ནས་མཐོང་དུ་མེད།མཛེས་ལྗོངས་གཞན་ཡང་མཐོང་མི་ཐུབ།དེ་རུ་མིའི་རིགས་དང་སྲོག་ཆགས་འཚོ་གནས་བྱས་པའི་རྗེས་ཤུལ་མེད་ཅིང་།གདོད་མའི་རང་མདངས་མ་ཡལ་བར་གནས་ཡོད།ཉེ་སར་བཅར་ནས་བལྟས་ཚེ་ཟླ་བའི་གོ་ལའི་ཕྱི་ངོས་དང་གཉིས་སུ་མེད་པ་དང་།ཟླ་བའི་གོ་ལར་སླེབས་པ་དང་མཚུངས།མྱུལ་དཔྱད་དགའ་མོས་མཁན་དག་ས་ཆ་འདི་རུ་ཡོང་རྒྱུར་དགའ་བའི་རྒྱུ་མཚན་ཡང་དེ་རེད།ཧའེ་ཏུའུ་རི་བོའི་གཏེར་རྡོ་ལ་ཉི་རླུང་གི་བྱེད་ནུས་འོག་དབྱང་འགྱུར་བྱུང་རྗེས།རྡོ་ནག་ཏུ་གྱུར་ཞིང་རྡོ་ནག་ཆེན་པོ་དག་གིས་ད་ལྟའི་རྣམ་པ་འདི་གྲུབ།མི་མེད་ལུང་སྟོང་ནི་འདི་གའི་ཡུན་གཏན་གྱི་བརྗོད་གཞི་ཡིན།...

    2023-03-30 10:18:56 དྲ་བའི་རྩོམ་སྒྲིག་པ། 20092
  • བོད་དབུས་གཙང་རུ་བཞིའི་ཁོངས་གཡོ་རུའི་ཤར་ཕྱོགས་སུ་ཉང་པོ།ལོང་པོ།ཀོང་པོ་གསུམ་ཞེས་ཉང་ཆུའི་སྟོད་སྨད་བར་གསུམ་གྱི་ཡུལ་ལུང་ཁག་གསུམ་ཡོད་ཅིང་།ཉང་ཆུའི་སྟོད་རྒྱུད་དེ་ཉང་ཆུ་ཆེ་ཆུང་གཉིས་འབབ་པའི་རྒྱུད་ནས་ཆུ་གཉིས་འདྲེས་མཚམས་སུ་ཀོང་པོ་རྒྱ་མདའ་ཆགས་ཡོད།ཀོང་པོ་རྒྱ་མདའ་རྫོང་ནི་ཉིང་ཁྲི་གྲོང་ཁྱེར་གྱི་ནུབ་བྱང་དང་།ལྷ་ས་གྲོང་ཁྱེར་གྱི་ཤར་ལྷོའི་རྒྱུད་དུ་གནས་ཡོད།རྫོང་མི་དམངས་སྲིད་གཞུང་ནི་རྒྱ་མདའ་གྲོང་རྡལ་གྱི་ཀོ་གྲུ་ཁར་ཡོད་ཅིང་།རྫོང་དེའི་བྱང་དུ་གཉན་ཆེན་ཐང་ལའི་རི་རྒྱུད་དང་།ལྷོ་རུ་རི་བོ་ཧི་མ་ལའི་རི་རྒྱུད།ནུབ་ཏུ་དབུས་དང་ཀོང་ཡུལ་གཉིས་ཀྱི་ས་མཚམས་ཀོང་པོ་བར་ལའི་རི་རྒྱུད་བཅས་ཀྱིས་བསྐོར་ནས་ཡོད།...

    2023-03-28 08:31:54 མཚོ་སྔོན་པོ་དྲ་བ། 19901

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།