ཁྲི་ཀའི་མཛེས་ཉམས་ལས་འཕྲོས་པའི་ཡུལ་སྐོར་རིག་གནས།
རྩོམ་པ་པོ།:བུ་མོ་མཆོག དོན་འགྲུབ་སྒྲོལ་མ།
ཡོང་ཁུངས།:མཚོ་ལྷོ་ཁུལ་སྨྱན་སྦྱོར་ལྟེ་གནས།
དུས་ཚོད།:2025-10-11 08:41:47
ཀློག་གྲངས།:
ཁྲི་ཀའི་ཀྲུང་ཧྭའི་མ་ཎི་ཆུ་འཁོར་གྱི་འགྲམ་ནས་ཡར་དགྱེས་ནས་བལྟ་དུས། སྲིན་པོ་རི་རྩེ་ནས་འོད་ལམ་ལམ་འཚེར་ཡོང་བའི་ཉི་འོད་དེ་ཡུལ་གྲུ་དེའི་ཕྱོགས་བཞིར་འཕྲོས་ཤིང་། རྨ་ཀླུང་རིང་མོ་བག་ཕེབས་ངང་དལ་གྱིས་བཞུར་ཞིང་། དེ་དང་ཐག་ཉེ་བའི་གཞུང་ལམ་གྱི་ཕ་རོལ་དུ་ཤིང་ཏོག་ཁམ་བུ་དང་ཆང་བ་ལི་སོགས་སིལ་སྡོང་གང་སར་མཐོང་ཐུབ་པས། དེ་ནི་བྱིས་སྒྲུང་ནང་གི་ལྡུམ་རའི་འཇིག་རྟེན་ཞིག་ཏུ་སླེབས་པ་དང་གཉིས་སུ་མ་མཆིས།
གྲོང་ཁྱེར་གྱི་ཁོར་ཡུག་ཧ་ཅང་གྲལ་དག་ཞིང་རིག་གནས་ཀྱི་བྱ་འགུལ་ཕུན་སུམ་ཚོགས་ཤིང་། ཤང་སྡེ་ཡུལ་སྐོར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བཞིན་ཡོད། འདི་ནི་ད་ལྟའི་ཁྲི་ཀ་རྫོང་གིས་འཛམ་གླིང་གི་སྐྱེ་བོ་ཀུན་ལ་བཞག་པའི་བག་ཆགས་ཟབ་མོ་དེ་རེད།
གྲོང་ཁྱེར་གྱི་ཁོར་ཡུག་ཧ་ཅང་གྲལ་དག་ཞིང་རིག་གནས་ཀྱི་བྱ་འགུལ་ཕུན་སུམ་ཚོགས་ཤིང་། ཤང་སྡེ་ཡུལ་སྐོར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བཞིན་ཡོད། འདི་ནི་ད་ལྟའི་ཁྲི་ཀ་རྫོང་གིས་འཛམ་གླིང་གི་སྐྱེ་བོ་ཀུན་ལ་བཞག་པའི་བག་ཆགས་ཟབ་མོ་དེ་རེད།
ཁྲི་ཀ་རྫོང་གིས་གནམ་འོག་རྨ་ཆུ་ཁྲི་ཀར་དྭངས་ཞེས་པའི་མིང་དེར་བརྟེན་ནས་རྒྱལ་ཡོངས་སུ་གྲགས་པ་ཡིན། གནས་འདིའི་མཚལ་ལྗོངས་མཛེས་ཤིང་ལྟ་ན་སྡུག་ཅིང་རྨ་ཆུ་དྭངས་ཤིང་གཙང་། གནས་འདིའི་ཤིང་ཏོག་སྣ་མང་གིས་མི་རྣམས་ལ་འགྲམ་ཆུ་ལྡང་དུ་འཇུག་པས། ཚང་མས་གནས་དེར་འབྲི་ཆུའི་ལྷོ་རྒྱུད་ཀྱི་ཡུལ་གྲུ་ཆུང་བ་ཅེས་འབོད་བཞིན་འདུག་པ་དེ་འུད་བརྗོད་ཀྱི་སྐད་ཆ་ཞིག་གཏན་ནས་མ་ཡིན།

ལོ་ན་དྲུག་ཅུ་རེ་བརྒྱད་ལ་སོན་ཡོད་པའི་ཡུན་ནན་གྱི་ཡུལ་སྐོར་བ་ཉིང་ཁྲུན་ཁྲི་ཀའི་མ་ཎི་ཆུ་འཁོར་ཐང་ཆེན་དུ་ལྟ་སྐོར་དུ་ཕྱིན་དུས་ཆར་བ་འབབ་བཞིན་འདུག་ལ། ཁོང་གིས་གསར་འགོད་པར་ཆར་བ་བབས་པའི་རྐྱེན་གྱིས་རྨ་ཆུ་ཁོས་ལོ་ངོ་བཅུ་གཉིས་ཡར་སྔོན་ལ་མཐོང་བ་དང་གཏན་ནས་མི་འདྲ། ཡིན་ནའང་ཁོས་རྨ་ཆུ་སྔོན་མོའི་རང་མདངས་དེ་མཐོང་མ་ཐུབ་པར་འགྱོད་པ་གཏན་ནས་མ་སྐྱེས། ད་ལྟ་ཁྲི་ཀའི་འགྲུམ་འགྲིལ་ཧ་ཅང་འཕེལ་རྒྱས་སུ་ཆེན་པོ་སོང་ཡོད་ལ། རྫོང་མཁར་དང་ཤང་སྡེར་གནམ་ས་བླ་འོག་བརྗེས་པའི་འགྱུར་ལྡོག་བྱུང་ཡོད། ལྷག་པར་དུ་ལྗོངས་ཁུལ་གྱི་སྒྲིག་ཆས་འཐུས་ཚང་ཡིན་ཞིང་། ཞབས་ཞུའི་རྣམ་འགྱུར་ཡང་ཧ་ཅང་བཟང་། ལོ་འདི་འདྲ་མང་པོ་འགོར་ནའང་ཁྲི་ཀའི་རི་ཆུའི་མཛེས་ལྗོངས་ལ་ཡང་བསྐྱར་ལྟ་སྐོར་ཅིག་བྱེད་འདོད་པའི་སེམས་འདུན་ནམ་ཡང་ཡལ་མེད་པས། ད་ཐེངས་གནས་འདིར་ལོག་སྟེ་རང་ཉིད་ཀྱི་བསམ་འདུན་དེ་འགྲུབ་སོང་ཟེར།
ཁྲི་ཀ་གླེང་ཚེ། མཚོ་སྔོན་གྱི་མི་ཚང་མས་ཤེས་གསལ་ལྟར། ཟླ་བཞི་བ་ནས་ལྔ་བ་ནི་ཁྲི་ཀ་ཆེས་མཛེས་པའི་དུས་ཚིགས་ཡིན་ལ། མཚོན་མདོག་ལྡན་པའི་མཚམས་སྤྲིན་འོག་སིལ་སྡོང་སྣ་ཚོགས་ལ་མེ་ཏོག་རྣམ་པར་བཞད་ཚེ་ཡུལ་གྲུ་འདིའི་མཛེས་ཉམས་རྣམ་པར་མངོན་ཡོད་པས། ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་མང་པོ་རང་དབང་མེད་པར་གནས་འདིར་བཀུག་ཡོད།

ཁྲི་ཀ་རྫོང་གིས་གོ་སྐབས་དེ་དང་བསྟུན་ནས། ཁྲི་ཀར་ལོག་ནས་སིལ་སྡོང་མེ་ཏོག་གི་དྲི་ཞིམ་ལ་རོལ་བ་དང་རྨ་ཆུ་སྔོན་མོའི་གཟི་དཔལ་ལ་བལྟ་བ། མཛེས་ཉམས་དོད་པོའི་མཚལ་ལྗོངས་ལོངས་སུ་སྤྱོད་པ་སོགས་རྨ་ཆུའི་རིག་གནས་ཡུལ་སྐོར་གྱི་བྱ་འགུལ་སྣ་ཚོགས་སྤེལ་ཏེ་ཡུལ་སྐོར་དང་བཟའ་བཏུང་། མགྲོན་ཁང་སོགས་འཛད་སྤྱོད་ཚོང་ར་དར་སྤེལ་དུ་གཏོང་བར་ཕན་ནུས་གལ་ཆེན་ཐོན་ཡོད།
གནས་མཆོག་ཁྲི་ཀའི་མཛེས་པ་ནི་རང་བྱུང་མཛེས་ལྗོངས་ཁོ་ན་མ་ཡིན་པར་ད་དུང་དར་ཁྱབ་ཆེ་བའི་ཁྱད་ལྡན་ཐོན་ལས་དང་ནང་རྫོང་མཐུག་པའི་དམངས་སྲོལ་རིག་གནས་ཀྱི་ཁྱད་ཆོས་འབུར་ཐོན་ཡིན་པས། ཡུལ་སྐོར་བ་ཚོ་ཁྲི་ཀར་ལོག་ཐེངས་རེར། གནས་འདིའི་མཐོང་མྱོང་མེད་པའི་འགྱུར་ལྡོག་གསར་པ་མཐོང་ཐུབ་ལ། གནས་འདིར་དེ་བས་སྤྲོ་བ་ཚད་མེད་སྐྱེས་སྲིད།

ཁྲི་ཀ་རྫོང་གིས་ནང་སྙིང་དམར་པོའི་ཁམ་བུའི་སིལ་ཏོག་དང་དྲོ་བ་ཞིམ་པའི་ལུག་གི་ཕོ་བ། ཞིམ་མངར་ལྡན་པའི་སྦྲང་རྩི་བསིལ་མ་བཅས་གྲོང་གསེབ་ཀྱི་ཐོན་རྫས་འདི་དག་ལ་བརྟེན་ནས་གནས་འདིའི་ཁྱད་ཆོས་ལྡན་པའི་ཐོན་ལས་དར་སྤེལ་དུ་གཏང་དང་གཏོང་བཞིན་མཆིས་ལ། ད་དུང་བསྙལ་ཐུག་དང་རྟ་ཐོག་བ་མ། ཀ་རིང་མཐེབ་ཐུག་སོགས་ནི་ཡུལ་སྐོར་བ་རྣམས་གནས་འདིར་ལོག་དུས་ངེས་པར་དུ་རོལ་མྱོང་བྱེད་འདོན་པའི་ཟས་མཆོག་ཅིག་ཏུ་གྱུར་ཡོད། དེ་མིན་ཡུལ་སྐོར་བ་ཚོ་ཁྲི་ཀའི་རྨ་ཆུའི་འགྲམ་གྱི་མགྲོན་ཁང་དུ་བསྡད་ཆོག་ལ། ཞིང་ཁྱིམ་གྱི་ཟ་མའི་དྲོ་བ་ཞིམ་པར་མ་ཟད། ཤིང་ཏོག་དང་སྔོ་ཚལ་བཏོག་པ་དང་། དམངས་སྲོལ་རིག་རྩལ་ལེ་ཚན་ལ་ལྟ་བ། མཐོ་སྒང་གི་མི་རིགས་ཡུལ་སྲོལ་ལ་རོལ་མྱོང་བྱེད་པ་བཅས་ལ་བརྟེན་ནས་ལྷོད་གཡེང་དང་བག་ཕེབས། སྤྲོ་གསེང་གི་རྣམ་པའི་ཡུལ་སྐོར་གྱི་འཚོ་བར་ཉམས་ལེན་ཀྱང་བྱས་ཆོག
ཁྲི་ཀས་རིག་གནས་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་བའི་དོན་སྙིང་ནི་རང་བྱུང་མཛེས་ལྗོངས་ཀྱི་མཛེས་ཉམས་མངོན་རྒྱུ་དེ་ལས། དེ་བས་ཀྱང་གལ་ཆེ་བ་ནི་རྫོང་མཐུག་ལ་སྣ་མང་བའི་རིག་གནས་ཀྱི་རིན་ཐང་སྟོན་རྒྱུ་དེ་རེད། ཁྲི་ཀ་རྫོང་གི་སྲོལ་རྒྱུན་གྱི་དངོས་རྫས་བརྗེ་རེས་འདུ་ཚོགས་ཆེན་མོ་དང་དྲུག་པའི་ལྷ་རྩེད་སོགས་ཕུན་སུམ་ཚོགས་པའི་དམངས་སྲོལ་བྱ་འགུལ་སྣ་ཚོགས་བརྒྱུད་དེ་ས་གནས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད་ལ་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་འཚོ་བ་ཡང་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད། ཁྲི་ཀ་རྫོང་གི་ཐུན་མོང་མ་ཡིན་པའི་མི་རིགས་རིག་གནས་དང་གཏིང་ཟབ་པའི་ལོ་རྒྱུས་ཀྱི་རྨང་གཞི་མངོན་པར་བྱས་ཏེ། ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་བ་མང་པོ་ཞིག་གིས་ཤུལ་བཞག་རིགས་གནས་ཀྱི་ཡིད་དབང་འཕྲོག་པའི་ཁྱད་ཆོས་ལ་ཉམས་ལེན་ཐེངས་ཤིག་བྱེད་ཐུབ་ཀྱི་ཡོད།

ཁྲི་ཀའི་ཡུལ་ལྗོངས་ཧ་ཅང་མཛེས་ལ། གནས་དེར་འབད་འབུངས་ལྷོད་མེད་བྱེད་བཞིན་པའི་རིགས་སོ་སོའི་མང་ཚོགས་དེ་ལས་ལྷག་བསམ་དཀར། ད་ལྟའི་རིག་གནས་ཡུལ་སྐོར་ཐོན་ལས་མགྱོགས་མྱུར་གྱིས་འཕེལ་རྒྱས་འགྲོ་བཞིན་པའི་སྐབས་འདིར། ཁྲི་ཀ་རྫོང་གིས་ཡུལ་སྐོར་གྱི་ཕུན་སུམ་ཚོགས་པའི་ཐོན་ཁུངས་འཚོལ་ཞིབ་བྱས་ཏེ། རིག་གནས་ཡུལ་སྐོར་དང་དམངས་སྲོལ་གྱི་ལུས་རྩལ་སོགས་ཀྱི་ལས་རིགས་འཕེལ་རྒྱས་སུ་གཏོང་བའི་ཕྱོགས་སུ་འབད་པ་དང་། སྣ་མང་རིགས་གནས་ཀྱི་འབྱུང་ཁུངས་དེ་ཡུལ་སྐོར་དང་ཟུང་དུ་སྦྲེལ་ནས་ཁྲི་ཀའི་ཡུལ་སྐོར་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྒྱལ་ཁབ་ཕྱི་ནང་དུ་མངོན་པར་བྱས་ཡོད། དེ་ནི་གླུ་མ་འཕྱོངས་ཞོལ་སྒྲོལ་མའི་རང་གི་ཕ་ཡུལ་ཁྲི་ཀར་བླངས་པའི་སིལ་སྡོང་མེ་ཏོག་གི་བསྟོད་གླུའི་ནང་ཁྱེད་རང་སྐྱེས་ས་རྨ་ཆུའི་མཚལ་ལྗོངས་ཀྱི་རི་མགོ་ཡིན་ལ། ཁྱེད་རང་བཞད་ས་མི་ཡུལ་གྱི་དབྱར་ཟླ་བཞི་བ་ཡིན་ཅེས་པ་ལྟར། ཁྲི་ཀའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་དེའང་གླུ་གཞས་འདིའི་ནང་ལྟར་རྣ་ལ་སྙན་ཞིང་འཇེབས་པ་དང་ཤིང་སྡོང་མེ་ཏོག་བཞིན་ཕྱོགས་བཞིར་བཞད་དེ་དྲི་ཞིམ་འཐུལ་ཡོད། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
བོད་ལ་ཡོད་པའི་ཕྱེ་མ་ལེབ་འདི་འདྲ་ཁྱེད་ཀྱིས་མཐོང་མྱོང་ངམ།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།