• དམ་པས་བློ་སེམས་རྣལ་དུ་ཕབ་ནས་ལུས་སེམས་གསོ།།རྒྱུ་ལ་གྲོན་ཆུང་བགྱིས་ཏེ་ཡ་རབས་སྤྱོད་བཟང་སྐྱོང་།།འདོད་ཆུང་ཆོག་ཤེས་དང་བྲལ་འདུན་མ་རྨོངས།།འགལ་རྐྱེན་མ་བཟློགས་གཏན་འདུན་འགྲུབ་མི་འགྱུར།།རིག་པ་སློབ་དུས་བློ་རྩེ་གཅིག་ཏུ་སྒྲིམས།།འཇོན་ཐང་མ་ལུས་བརྩོན་པའི་རྗེས་སུ་འགྲོ།།རིག་པ་མ་བསླབས་འཇོན་ཐང་འཕེལ་མི་སྲིད།།འདུན་མ་མི་གསལ་བསླབས་ཀྱང་འབྲས་མི་འབྱུང་།།ལེ་ལོ་བག་མེད་དབང་གིས་སེམས་ཤུགས་ཉམས།།ཧོལ་རྒྱུག་ངང་ཐུང་རང་རྒྱུད་འདུལ་མི་ནུས།།ལང་ཚོ་མི་སྡོད་ནམ་མཁའི་འཇའ་བཞིན་ཡལ།།སྙིང་རུས་མི་བརྟན་མར་ངོའི་ཟླ་ལྟར་འགྲིབ།།ཐ་མར་མི་ཚེ་དོན་མེད་རྫོགས་པར་ངེས།།འཇིག་རྟེན་བྱ་བ་ཀུན་ལ་མི་འཇུག་གང་།།ཕལ་ཆེར་རང་གི་གཟིམ་ཤག་ཆུང་ངུ་རུ།།འགྱོད་པས་གདུང་ཡང་དེ་དུས་འཕྱི་བ་ཉིད།།...

    2023-09-26 08:41:26 ལྷ་མོ་སྐྱབས་ཀྱིས་བསྒྱུར། 7601
  • ཨ་ཕས།དེ་ཡང་ཁག་མི་འདུགཞིང་གྲོང་གི་མིས་སྦྲང་ཐལ་བདའ་ན་རྡེབ་བྱེད་བཀོལ་བ་ཉུང་སྟེ།སྒེའུ་ཁུང་ཕྱེས་རྗེས་ལག་ཕྱིས་སམ་ཕྱགས་མས་ཡང་མོས་བདའ་ཚེ་སྦྲང་ཐལ་དེ་མུར་འཕུར་འགྲོ་བ་རེད་ཟེར།སྒྲོལ་མས།དེས་ན་ཁོང་གིས་ཀྱང་སྒེའུ་ཁུང་ཕྱེ་སྟེ་དངོས་པོ་གང་ཞིག་གིས་བདའ་ཙམ་བྱས་ན་དོན་དེ་ཚར་སོང་བ་མ་ཡིན་ནམ་ཟེར་བས།སྐབས་ཐོག་དེའི་ཨ་ཕའི་སྨྲ་སྒོ་ཡོངས་སུ་བཅད་སོང་།ངས།སྦྲང་ཐལ་ནི་དྲོད་ལ་དགའ་བ་དང་འཁྱགས་ལ་སྐྲག་པ་ཞིག་ཡིན།ཞིང་གྲོང་གི་ཁང་བ་ནི་གྲོང་ཁྱེར་གྱི་ཁང་བ་དང་བསྡུར་ཐབས་མེད་དེ།ཞིང་གྲོང་གི་ཁང་བའི་ཕྱི་ནང་གི་དྲོད་ཚད་ཕལ་ཆེར་གཅིག་མཚུངས་ཡིན་པས་སྦྲང་ཐལ་སྒོར་བདའ་རྗེས་ཕྱིར་ཡོང་མི་སྲིད་མོད།གྲོང་ཁྱེར་གྱི་ཁང་བའི་ནང་དྲོ་བས་ནང་གི་སྦྲང་ཐལ་ཕྱིར་འགྲོ་མི་འདོད་པའི་སྟེང་ད་དུང་ཕྱི་ཡི་སྦྲང་ཐལ་ནང་དུ་འཚང་འདོད་ཆེ།གལ་ཏེ་སྒེའུ་ཁུང་ཕྱེ་པ་ཡིན་ན་ཇེ་མང་དུ་འགྲོ་བ་ཤ་སྟག་ཡིན་ཞེས་པར་ཨ་ཕ་དང་སྒྲོལ་མས་མཉམ་དུ་མགོ་ལྡེམ་བྱུང་།...

    2023-09-25 08:34:57 རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར། 7397
  • ང་ཚོས་དཔེ་དེབ་ཅིག་ཀློག་པའི་ཚེ།“དཔེ་དེབ་འདེམ་པ་དང་།དཔེ་ཆ་ཀློག་པ།བཤད་སྦྱོང་བྱེད་པ།འབྲི་སྦྱོང་བྱེད་པ།རྩོམ་སྒྲིག་བྱེད་པ”བཅས་གོ་རིམ་ལྔ་བོ་འདི་བརྒྱུད་ཚེ།དཔེ་ཀློག་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་ལོན་ངེས།དགེ་སློབ་ཐུན་མོང་གི་བློ་དང་མཐུན་པའི་དཔེ་དེབ་ཅིག་བདམས་ནས།དབྱར་གནང་སྐབས་སུ་སྤྲོ་བས་ཀློག་ཐུབ་ན།ང་ཚོའི་དབྱར་གནང་ཧྲིལ་པོ་དཔེ་དེབ་དང་མཉམ་དུ་སྤྲོ་བས་བསྐྱལ་ཆོག།...

    2023-09-14 10:33:33 དབྱང་ཞའོ་མེ་ཡིས་བརྩམས། བསོད་ནམས་རྡོ་རྗེས་བསྒྱུར། 7415
  • ཉིན་གཉིས་པར།ང་དང་ཨ་ཕ་གསར་དུ་བསྐྲུན་པའི་མཐོ་སྒང་སྲོག་ཆགས་གླིང་ཀར་སོང་།དེ་འདྲའི་ཆེ་བའི་རི་བོའི་ཆར་སྲ་ཞིང་རྣོ་བའི་ལྕགས་དྲས་བསྐོར་བའི་མཚུངས་མིན་གྱི་འགུལ་བསྐྱོད་ས་གནས་བགོས་ཤིང་།དེའི་ནང་དུ་རྩི་བཅུད་ལ་རོལ་བཞིན་རྩེད་འཇོར་རོལ་བའི་རི་བོང་དང་།གཙོད།ཁ་ཤརྐྱང་རྒོད།སྤྲེལ་སོགས་ཡོད་ལ།འཕུར་ལྡིང་དང་སྐད་སྙན་སྒྲོག་བཞིན་པའི་དེ་ཕོ་དང་།ངུར་བ།རྨ་བྱ།བྱིའུ་སོགས་བལྟས་པས་མི་ལང་།ཆེད་དུ་བཟོས་པའི་ལྗོངས་རྒྱུའི་འཁོར་ལོའི་སྟེང་ཙོག་སྟེ་སེང་སྟག་གཟིག་དོམ་སོགས་ཀྱི་ཉེ་སར་བཅར་ནས་བལྟས་ཚེ་སྙིང་ཁ་ནང་དུ་ཡོང་བར་འཇུག་པའི་ཟུག་གཟེར་སློང་རྐྱེན་ཨ་ཕའི་སྤྱན་དབང་གཞི་ནས་ཚིམ་པར་བྱས།...

    2023-09-13 08:38:41 རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར། 7359
  • རྩོམ་རིག་ལོ་ཙཱ་མཁན་ནམ་རྩོམ་རིག་གསར་རྩོམ་མཁན་གྱི་པད་མ་ཚེ་བརྟན།ཡང་ན་ཀྲུང་གོའི་གློག་བརྙན་འཁྲབ་ཁྲིད་པའི་རབས་དྲུག་པའི་མཚོན་བྱེད་མི་སྣ་ཞིག་ཡིན་པའི་པད་མ་ཚེ་བརྟན་དང་བོད་ལ་མཚོན་ནས་བཤད་ན།ང་རང་ཉིད་ད་དུང་མགོ་མ་འཚོས་པའི་གཞན་མྱི་ཞིག་ཡིན།སྐབས་འདིའི་ངའི་བརྗོད་པ་བྱ་སྤུ་བཞིན་ཡང་དྲགས་པས་རླུང་གིས་འཁུར་བཞིན་ཡོད་དེ།ཞི་བ་དང་དལ་བའི་རང་དབང་དང་ཚོད་འཛིན་ལ་གོ་ནོར་ཐེབས་པར་སྐྲག་ཅིང་འཚོལ་སྙེག་གི་ལམ་བུའི་ཁྲོད་ཀྱི་དཀའ་སྡུག་དང་སྙིང་རུས་ལ་གོ་ནོར་ཐེབས་པར་དེ་ལས་ཀྱང་སྐྲག...

    2023-09-08 11:13:48 ཚི་གུ་ཡིས་བསྒྱུར། 7436
  • ཕྱིས་ཀྱི་ཡིག་སྒྱུར་གཞུང་ལུགས་པ་ཚོས་བཏོན་པའི་རྩ་དོན་དང་གནད་དོན་སྐོར་བསྡུས།དེང་རབས་ཀྱི་ཧྥ་རན་སིའི་ལོ་ཙཱ་བ་གྲགས་ཅན་ག་ལཱིས(Gallix)བསྟན་དོན།ཏོ་ལེར་གྱི་རྩ་དོན་ནི“ཁ་གསལ་ཞིང་།གོ་བདེ་བ་ཞིག་ཡོད་པས།ཁོང་ནི་ཡོབ་གླིང་ཡུལ་དུ་ཡིག་སྒྱུར་སྒྱུ་རྩལ་གྱི་གཞུང་ལུགས་བཏོན་མཁན་ཐོག་མ་ཞིག་རེད”ཅེས་གསུངས།ཡང་ཧྥ་རན་སིའི་ཡིག་སྒྱུར་གཞུང་ལུགས་པ་གྲགས་ཅན་པ་ལར་ཏ་ཞུ་བ་ཞིག་གིས་གསུངས་དོན།ཏོ་ལེར་མཆོག་གི་ཡིག་སྒྱུར་གྱི་ལྟ་བ་དེ་ནི་ཧྥ་རན་སིའི་ཡིག་སྒྱུར་གཞུང་ལུགས་ཀྱི་དུང་སྒྲ་ཞིག་དང་།ཁོང་གིས་བཏོན་པའི་རྩ་དོན་ལ་སྤྱི་ཁྱབ་ཀྱི་ཁྱད་ཆོས་ལྡན་པར་བཞེད།འོན་ཏེ།ཏོ་ལེར་མཆོག་གི་དཔྱད་རྩོམ་ཐུང་བས་ཞིབ་གླེང་མཛད་ཐབས་མེད་ཅིང་།ཕྱིས་ནས་ཀྱང་དེ་དང་འདྲ་བའི་དཔྱད་རྩོམ་བྲིས་ཏེ་ཁོང་ཉིད་ཀྱི་ལྟ་བ་བཏོན་གནང་མཛད་མེད་པས།གཞུང་ལུགས་ཐོག་ཏུའང་རིང་ལུགས་སམ་གྲུབ་མཐའ་ཞིག་ཆགས་མེད་སྟབས།སྐབས་དེར་ཤུགས་རྐྱེན་ཟབ་པོ་མེད།...

    2023-09-06 14:38:20 ར་ས་བསྟན་འཛིན་ཆོས་གྲགས་ཀྱིས་བསྒྱུར། 7336
  • འབྲུག་འབུམ་ཚང་གི་ཁྱམས་དཀྱིལ་དུ་དར་ལྕོག་ལྷབ་ལྷུབ་གཡོ་བའི་དར་ཤིང་རིང་བོ་ཞིག་བསླངས་ཡོད་ཅིང་།མ་ཉིད་སྔོན་ནས་འདས་འདུགཕ་ནི་མཚམས་ལ་བསྡད་འདུག་པ་དང་།ཆུང་མ་ལུག་རྫིར་སོང་འདུག་ལ་ཤུལ་དུ་ད་དུང་བསམ་ཤེས་མེད་པའི་བུ་ཆུང་གཉིས་འདུགཤིང་སས་གྲུབ་པའི་ཁང་བ་གྱན་འགའ་ལོ་མང་རིང་སླར་བསྐྲུན་མ་བྱས་པས་ཞིག་རལ་དུ་གྱུར་འདུག་པ་དང་།ཁ་ར་ཁར་བོང་བུ་ཞིག་བཏགས་འདུག་ལ།ཁྱམས་རར་ཁྱིམ་བྱ་འགའ་རྒྱུགས་བཞིན་པ།སྒོ་ཁྱམས་སུ་ཤིང་རྟ་འཁོར་ལོ་རྙིང་ཧྲིལ་ཞིག་བཞག་འདུག་པ་བཅས་ལས་ཁོ་ཚང་ནི་དབུལ་ཞིང་དད་ལྡན་ཅན་གྱི་ཁྱིམ་ཞིག་ཡིན་པ་དངོས་སུ་མཐོང་ཐུབ།འབྲུག་འབུམ་གྱིས་ང་ཚོ་ཚ་ཐབ་སྟེང་དྲངས་ཏེ་བཏུང་བཅའ་སྟབས་བདེ་ཞིག་བསྒྲིགས་རྗེས་ཁ་བརྡ་བྱེད་མགོ་བརྩམས།...

    2023-09-04 15:20:30 རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར། 7376
  • ཉིན་གསུམ་ནི་ཨ་ཞང་ཚང་སྐྱེལ་མ་བྱེད་པའི་ཉིན་ཡིན་ལ།མནའ་མ་ཐེངས་དང་པོར་རང་ཡུལ་དུ་ལོག་པའི་ཉིན་ཡིན།མགྲོན་པོ་ཚོ་ལམ་དུ་མ་ཆས་གོང་གཉེན་ཚང་གཙོ་བོ་ཚང་གིས་ཁོང་ཚོར་ཆེས་མཐའ་མའི་རྟ་ཐོག་ཏུ་ཕེབས་པའི་ཟ་མ་གྲ་སྒྲིག་བྱས།ཟས་བཞེས་རྗེས་མགྲོན་པོ་ཚོས་སོ་སོས་རྟ་ཐོག་ཏུ་ཕེབས་པའི་ཆང་ཕོར་པ་གསུམ་རེ་བཞེས་ཤིང་སྟོན་མོའི་སྐབས་ཞང་མགྲོན་དུ་བཅོས་པའི་དངོས་པོ་རྣམས་བསྡུས་ཏེ་མག་པ་དང་མནའ་མ་གཉིས་དང་མཉམ་དུ་ལམ་དུ་ཆས།...

    2023-08-28 08:33:34 རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར 7412
  • གླེན་ཕྲུག་གིས་བཞེངས་མགོ་བརྩམས་ཤིང་བཞེངས་པ་ལ་བཞུན་ཆ་མངོན་པར་དོད།སྒོ་ཆེན་ངོས་སུ་ཞི་བདེ་མཚོན་པའི་ལྷ་མང་དུ་བརྐོས་ཏེ།རོལ་མོའི་ཕྱག་མཚན་སྣ་ཚོགས་བསྣམས་ཤིང་།གཅན་གཟན་མང་པོས་ལྷ་ཚོགས་ཀྱི་ཞབས་འོག་ན་དཀྲོལ་བདུང་འབུད་གསུམ་ལ་ཉན་ཡོད།ད་དུང་ཚིང་ཚིང་ནགས་ཀྱི་རྩྭ་རྩི་ལྗོན་པས་ཀྱང་རླུང་བུའི་འགྲོས་དང་བསྟུན་ནས་དགའ་བའི་ཞབས་བྲོ་འཁྲབ་བཞིན་མཆིས།...

    2023-08-21 08:49:08 ལྕགས་ཀྱི་ལོ་མས་བསྒྱུར། 7001
  • སྐྲ་ལུང་ནི་བོད་མིའི་གཉེན་སྡེབ་བུད་མེད་དག་གི་རྒྱབ་ཏུ་འདོགས་པའི་རྒྱན་ཆའི་རིགས་ཤིག་ཡིན།དབྱིབས་ནར་དབྱིབས་དང་།མཐའ་བཞིར་དར་ཚོན་སྣ་ལྔའི་གོས་སྐུད་ཀྱིས་གྲུབ་ཅིང་།སྟོད་དུ་པདྨའི་མེ་ཏོག་སོགས་ཀྱི་གཙགས་དྲུབ་ཕབ་ལ།བར་དུ་མགྲོན་བུའམ་དངུལ་གྱི་དཀར་ཡོལ།གཡུ་བྱུར་སོགས་རིན་ཐང་ཆེ་བའི་དངོས་པོས་བརྒྱན་ཞིང་།བོད་སྐད་ལས་གཞན་པའི་མི་རིགས་གང་གི་སྐད་ལས་ཀྱང་ཐ་སྙད་འདི་ཡོད་པ་མིན།དེའི་ཕྱིར་ཁོ་བོས་དཀའ་སྤྱད་སྙིང་རུས་ཀྱིས་བེད་སྤྱོད་ཉུང་བའི་རྩོམ་བྱང་འདི་བདམས་པ་ཡིན་ཏེ།རྒྱུ་མཚན་ནི་ཐ་སྙད་འདི་གཏམ་རྒྱུད་ཁྲོད་ཀྱི་ཐིག་རྩ་གཙོ་བོ་ཞིག་ལ་འབྲེལ་བ་ཡོད་པ་མ་ཟད།ཨ་མདོའི་མཚོ་སྔོན་ཕྱོགས་ཀྱི་བོད་མི་རིགས་ཀྱི་མཚོན་རྟགས་ཤིག་ཀྱང་ཡིན་པས་སོ།།སྒྲུང་རྩོམ་དུ་རང་ནུས་ཅི་ལྕོགས་ཀྱིས་གནས་འདིའི་མི་རིགས་ཀུན་ལ་རྒྱུས་མངའ་ཉུང་བའི་བོད་མི་རིགས་ཀྱི་འཚོ་བ་ངོ་སྤྲད་པའི་ཐོགད་དུང་དེ་འབྲེལ་གྱི་ཕུན་སུམ་ཚོགས་པའི་གཏམ་རྒྱུད་གཞན་པའང་མཆིས་སོ།།...

    2023-08-15 10:07:22 རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར 7127

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།