-
སྙིང་ཉེ་ལགས།མིག་སྔར།ང་ཁྱེད་ཀྱི་གམ་ན་ཡོད་ཀྱང་།ཉི་ཟླའི་སྣང་བའི་ཁྲོད་མཚོ་དང་ཉ་མོ་བཞིན་དུ་གཤིབས་ནས་བརྩེ་བའི་འོ་སྤྲི་མངར་མོ་མྱོང་ཐབས་བྲལ་ལོ།།...
2024-04-08 08:57:20 མཁར་མོ་བྱམས་ཀྱིས་བསྒྱུར། 13166 -
རིག་པ་དང་ལྡན་པའི་སྐྱེ་བོ་ལ་ལོ་རྒྱུས་ཀྱི་འདུ་ཤེས་སམ་སྤྱི་ཚོགས་ཀྱི་འབྲེལ་ཐུག་དང་བྲལ་བའི་ཚུལ་ནི་མེད་དུ་མི་རུང་བ་ཡིན།མཐའ་དཔྱོད་ཀྱི་གཞུང་ལུགས་ཀྱིས་མི་ལ་ཕྱིར་རྟོག་དང་འདུ་ཤེས་འཛིན་སྟངས་སྣ་ཚོགས་ལས་འདའ་བར་བྱེད།འབྲེལ་འདྲིས་ཀྱི་གཞུང་ལུགས་ཀྱིས་ཁེ་ཕན་ཐ་དད་པའི་གྲལ་རིམ་བར་གྱི་གེགས་ལེགས་པར་སེལ་ནས།སྤྱི་ཚོགས་ཀྱི་འབྲེལ་བ་ལྷག་པར་ཞི་ཞིང་མཐུན་པ་ལ་སྐུལ།ཧ་པེ་མ་སི་མཆོག་གིས་སྤྱི་ཚོགས་ཀྱི་གནས་བབ་ལ་དཔྱད་ཞིབ་གནང་བ་དེ་དེང་གི་དུས་སུའང་ལག་ལེན་གྱི་རིན་ཐང་དང་ལྡན་པ་ཡིན་ནོ།།...
2024-03-11 15:05:25 སྒྲོལ་དཀར་ཚེ་རིང་། 12704 -
སྤྲིན་དང་དུ་བའི་ངང་ཚུལ་ཇི་བཞིན་བྱ་དངོས་ཐམས་ཅད་མི་འགྱུར་བའི་རང་བཞིན་འབའ་ཞིག་མེད་དེ།རྔམ་ཟིལ་ཆེ་བའི་ཇུ་བོའི་རྡོ་དང་ཆུ་ཤེལ།ལྷའི་གསུང་རབ་བརྩིགས་པའི་ཆོས་ཁང་ཡང་།དུས་ཚོད་ཀྱི་འཁོར་ལོས་རྨེག་མེད་དུ་གཞོམ་ངེས།«ཨོ་ཏི་སུའེ»ཁྲོད་ཀྱི་རྒྱ་མཚོའི་རྦ་རླབས་ལྟ་བུའི་འགྱུར་ལྡོག་གི་ཚན་ཁ་རྒོད་པ་དེའང་།ཁ་ཕྱེ་ཐེངས་རེ་རེར་མྱོང་སྣང་མི་འདྲ་བ་རེ་སྟེར་ཞིང་།དྭངས་གསལ་གྱི་མེ་ལོང་དུ་འཆར་བའི་གྲིབ་གཟུགས་དེ་ཡང་རྣམ་པ་གཞན་ཞིག་ཏུ་མངོན།...
2024-03-04 09:08:10 མཁར་མོ་བྱམས། 12748 -
ཡང་གནང་སྐབས་ཤིག་ལ་ཐོན་བྱུང་།གྲོགས་པོ་འགའ་ཡིས་ཁྱིམ་མི་ཁྲིད་ནས་ཕྱི་རུ་མཉམ་ཟས་ཟ་རུ་འགྲོ་བའི་དོན་དག་ལ་གྲོས་བསྡུར་བྱེད་བཞིན་འདུགངས་གཏམ་བཟང་དེ་སྒྲོལ་མར་བཤད་པ་ན།མོས་དགའ་དགའ་སྤྲོ་སྤྲོས་མཚོ་མོར་འབྲེལ་བ་བྱས་ནས་མོ་ཡང་མཉམ་དུ་ཞུགས་ཞེས་སྐུལ།ཚང་མའི་འདོད་ཕྱོགས་ནི་ཞིང་ཆེན་ནང་ཁུལ་གྱི་གྲངས་ཉུང་མི་རིགས་ཤ་སྟག་ཡིན་པའི་ས་ཆ་ཞིག་ལ་སོང་ནས།དེའི་ཁོར་ཡུག་དང་མཛའ་བརྩེར་མྱོང་འདོད་པ་དེ་རེད།དེ་སྟབས་ཀྱིས།མཇུག་མཐར་ཚང་མས་ཞིང་ཆེན་ནང་ཁུལ་གྱི་ཧོར་རིགས་གྲོང་སྡེ་ཞིག་བདམས་པ་རེད།གོ་ཐོས་སུ་གྲོང་ཚོ་དེ་ནི་འདུ་འཛི་ཆེ་བའི་རྫོང་གི་མཐའ་འཁོར་དུ་གནས་མོད་ཀྱང་།ཐོག་མཐའ་བར་གསུམ་དུ་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་རྒྱུད་འཛིན་བྱས་ཡོད་པ་མ་ཟད།རྫོང་གི་འགྲིམ་འགྲུལ་དང་ཆ་འཕྲིན་སོགས་ཀྱི་ལེགས་ཆར་བརྟེན་ནས་མི་རིགས་ཀྱི་ཡུལ་སྲོལ...
2024-02-04 08:34:14 རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར 12604 -
གཏམ་རྒྱུད་འདི་གསུམ་ལ་གཞི་བཅོལ་ནས། ངས་ད་དུང་དོན་དག་འདི་འདྲ་ཞིག་བྲིས་པ་སྟེ།དུས་དེར།དཔུང་རྟགས་དམར་པོ་ཅན་བོད་རིགས་ཀྱི་ཨ་ཡེ་རྒན་མོ་ཞིག་གི་ཁྱིམ་དུ་འཛུལ་ཏེ།མོ་ཚང་གི་རྙིང་བ་བཞི་གཏོར་ན་འདོད།ཡིན་ནའང་།མོ་ཚང་ལ་ཡབ་མེས་ནས་བཞག་པའི་འབྲུག་རིས་སེར་པོ་བརྐོས་པའི་དཀར་ཡོལ་བཞི་ཡོད་པ་ལས་གཞན་རྙིང་བཞི་ལྡན་པའི་དངོས་པོ་གཅིག་ཀྱང་མ་རྙེད།དཔུང་རྟགས་དམར་པོ་ཅན་ཚོས་དཀར་ཡོལ་དེ་བཞི་གཅོག་རྩིས་བྱས།ཡི་གེ་གཅིག་ཀྱང་མི་ཤེས་པའི་ཨ་ཡེ་དེས།ང་ཡང་སྤྱི་ཚོགས་རྙིང་བ་བརྒྱུད་ནས་ཡོང་བ་ཡིན། ཁྱོད་ཚོས་གཅོག་འདོད་ན་སྔོན་ལ་ང་ནས་མགོ་རྩོམ་ཞིག མ་གཏོགས་ཁྱོད་ཚོས་ངའི་དཀར་ཡོལ་གཅིག་གཅོག་པའི་སྟོང་བསམ་གང་ཡང་མ་བཅངས་ཞེས་སྨྲས་བཞིན་དུ་རང་གི་མགོ་བོ་དེ་དཔུང་རྟགས་དམར་བོ་ཅན་གྱི་མགོ་ཁྲིད་དེའི་པང་དུ་གཟེད། དཔུང་རྟགས་དམར་པོ་ཅན་རྣམས་སྐྲག་ཐག་ཆོད་ཅིང་།མིག་ཅེར་ཞིང་ཁ་གདངས་ནས་རེ་ཞིག་བསྡད་རྗེས་རེ་རེ་བཞིན་སྐྱ་ཐག་ཆོད་ནས་ཕྱིར་ཆས།...
2024-01-29 08:30:54 རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར 12559 -
མཛེས་སྡུག་རྣམ་བཀྲ་མེ་ཏོག་ཀྱང་།།དུས་ཀྱིས་ཡོངས་སུ་བསྐམ་པར་འགྱུར།།དེ་བཞིན་འབྲེལ་ཟབ་ཆོས་རྣམས་ཀྱང་།།མི་རྟག་དབང་གིས་སོ་སོར་འབྲལ།།སྲིད་པའི་སྤྲོ་དགའི་ཚད་ཅི་ཙམ།།ཞེ་ན་མི་སྡུག་མཚན་མོ་རུ།།གཡོ་བའི་གློག་ཞགས་གར་མཁན་མས།།སྐད་ཅིག་འཁྲབ་པའི་ལྟད་མོ་བཞིན།།...
2024-01-26 09:34:16 མཁར་མོ་བྱམས། 12642 -
བར་བའི་ལུས་སྟེང་དུ་ཆུ་དེ་འདྲ་མ་བབས་པས་ཆུ་གཏོར་མཁན་རྣམས་ཀྱི་བློ་ཡིད་མ་ཚིམ་ཞིང་།མུ་མཐུད་རྗེས་སུ་ར་མདའ་བཞིན་རྒྱུགས་ནས་ཁང་པའི་ནང་སོང་བ་ན།རྒན་རྒོན་ཚོས་བཀག་ནས།ད་ཆོག་གི།དག་ཆོག་གི།རྣམ་པ་ཙམ་མཚོན་པས་ཆོགཆུ་མང་པོ་གཏོར་ན་མགྲོན་པོ་དྲོས་འཁྱག་ཏུ་སོང་ན་ཇི་ལྟར་བྱའམ་ཟེར་བར།ཚང་མས་མཚམས་བཞག་པ་དང་ཡང་གཟུ་བར་ཆུ་གཏོར་བའི་སྒོར་མོ་སློང་མགོ་བརྩམས།བར་བས་ཕྱོགས་གཅིག་ནས་ཀུ་རེ་རྩེ་བ་དང་།ཕྱོགས་གཅིག་ནས་མི་རེ་རེར་ཆུ་གཏོར་བའི་སྒོར་མོ་གཅིག་རེ་བྱིན་པ་རེད།...
2024-01-23 10:29:49 རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར། 12339 -
སྐྱ་རེངས་མདའ་མོས་རྟ་བདུན་དབང་པོ་ཀུན་གསལ་མཁའ་ལམ་ཡངས་པོར་བསྐྱལ་དང་ལྷན་ཅིག་ཏུ།།ས་ཡི་ལྷ་མོས་དགའ་བའི་ཉམས་དང་དགོད་པའི་འཛུམ་བཅས་ལོང་ཧྲན་མེ་ཏོག་སྐྱེས་སུ་བསྟབས།།དེ་ཡི་བཀྲག་མདངས་རབ་ཏུ་འཚེར་བས་ཁྱོད་ཡིད་བརྟན་པ་ཅིག་ཅར་འཕྲོག་པ་དྲི་ཡི་བཞོན།།ཕྱོགས་མཐར་རྒྱུ་བའི་འགྲོས་དང་ཀུན་མཚུངས་འགྱུར་ཁུགས་སྟོང་བཅས་དུས་ཀྱི་གར་དང་གཞི་གཅིག་གྱུར།།...
2024-01-15 09:18:52 མཁར་མོ་བྱམས། 12398 -
ངས་ཁ་ནས་དེ་ལྟར་བཤད་ཀྱང་སེམས་སྔར་བཞིན་ཁྲག་ཁྲུག་ཏུ་གྱུར།གང་ལྟར་ང་དང་ཀྲུའུ་ཕིན་གཉིས་ཀྱིས་སྒྲོལ་མ་རྒྱབ་ཏུ་བསྐྱུར་ནས་མཛའ་འབྲེལ་བྱས་མྱོང་ལ།སྒྲོལ་མས་ཀྱང་ཁབ་རྩེ་སྐུད་སྣེ་ཙམ་གྱི་དོན་འགའ་ཡང་ཤེས་ཡོད་པས།སྒྲོལ་མ་དོན་དེར་དངོས་གནས་བསམ་འཆར་གང་ཡང་མེད་དམ།ཡང་ན་མོའི་སེམས་སུ་ད་དུང་རྟོགས་དཀའ་བའི་དངོས་པོ་གང་ཞིག་སྦས་ཡོད་པ་ཡིན་ནམ།གལ་ཏེ་མོ་གཉིས་འཕྲད་རྗེས་དོགས་མི་བདེ་བའི་གནས་ཚུལ་འདྲ་བྱུང་ན་ངས་ཅི་ལྟར་མཇུག་སྐྱོང་དགོས་སམ།དེ་དག་ཡིད་ལ་དྲན་མ་ཐག་ངའི་སེམས་གཏན་ནས་བདེ་ལ་འབབ་མི་ཐུབ།...
2024-01-03 08:43:07 རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར 12254 -
ལག་གཡབ་བྱས་པ་ཉིད་དུ་གྱེས་དགོས་བྱུང་༎སྐྱོ་ཤུར་ཕན་ཚུན་གདོང་ནི་གཏད་བྱས་ཏེ༎གྱེས་བྲལ་སྡུག་བསྔལ་སྨྲ་བ་སུ་ཡིས་ཐེག།མིག་དཀྱུས་ཟུར་དུ་བདོག་པའི་སྐྱོ་སྡུག་གི།མཆི་མ་དྲོན་མོ་བཙན་གྱིས་ཁོང་དུ་སྦད༎དེ་སྔའི་འཕྲིན་པར་གོ་ལོག་བྱུང་གྱུར་ཀྱང་༎ཕོན་པོར་རྒྱུ་བའི་སྨུག་སྤྲིན་ངང་ཚུལ་ཙམ༎བདག་དང་ཁྱོད་ལས་བློས་ཐུབ་སུ་ཞིག་མཆིས༎མི་ཡི་ན་བ་གསོ་བར་བྱ་དགོས་པ༎གནམ་རྒན་མས་ནི་ཤེས་པར་ཨེ་འགྱུར་གྲང་༎...
2023-12-28 14:23:08 སྒྱུར་མཁན། སྙིང་ཐིག 12504