• དཔྱད་གླེང་ཚོགས་འདུ་གྲོལ་སོང་།ཕྱིར་ཕ་ཡུལ་དུ་ལོག་ཉིན་མཐོ་སྒང་ལ་དབྱར་མགོའི་དཔལ་ཡོན་རྣམ་པར་རྒྱས་འདུག་སྟེ།མེ་ཏོག་མཛེས་ཤིང་རྐང་འཐུང་ལྗང་ལ་ནམ་མཁའ་སྔོ་ཞིང་སྤྲིན་པ་དཀར་བར།འགྲོ་དུས་ཀྱི་ལྷིང་འཇགས་ཀྱི་རྣམ་པ་གཞི་ནས་ཡལ་འདུགམཚོ་སྔོན་དུ་བསླེབས་མ་ཐག་མེ་འཁོར་གྱི་རྒྱང་བསྒྲགས་ལས་སྙན་ཞིང་འཇེབས་པའི་མཚོ་སྔོན་གྱི་མེ་ཏོག་ལེན་ལུགས་ཀྱི་དབྱངས་རྟའི་ལ་གཞས་ཤིག་འདི་ལྟར་གྲགས་བྱུང་།...

    2023-11-08 09:11:14 རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར། 7759
  • མི་ཚུལ་ལྡན་ཞིག་བྱ་རྒྱུ་ནི་བྱ་བཞག་དང་མཛའ་བརྩེ་གཉིས་ལས་ཀྱང་གལ་ཆེ་བ་ངས་དངོས་གནས་སེམས་ཀྱིན་ཡོད།ཁེ་གྲགས་དང་བརྩེ་དུང་གི་ཁྱབ་ཁོངས་སུ་ཁྱོད་ཀྱི་འདོད་དོན་ཡོངས་སུ་གྲུབ་ཀྱང་།གལ་སྲིད་ཁྱོད་རང་མི་བྱ་རྒྱུའི་ཐད་ཕམ་ཁ་བྱུང་ན།ཁྱོད་ཀྱི་མི་ཚེ་ལའང་སྤྱིའི་ཆ་ནས་ཕམ་ཁ་བྱུང་སོང་།ཆེས་གལ་ཆེ་བ་ནི་མིའི་སེམས་སུ་གོ་གནས་ག་ཚོད་ཟིན་པའམ་མི་སུ་དང་མཉམ་དུ་འཚོ་བ་རོལ་བ་མིན་པར།ཁྱོད་ནི་དོན་དུ་མི་ག་འདྲ་ཞིག་ཡིན་པ་དེ་ཡིན་ནོ།།...

    2023-11-07 09:31:29 པདྨ་ཚེ་རིང་གིས་བསྒྱུར། 7776
  • དཔྱིད་མཇུག་གི་མཐོ་སྒང་གི་གནམ་གཤིས་ཇེ་དྲོར་ཕྱིན་ཡོད་མོད།འོན་ཀྱང་ས་གཞིར་ད་དུང་གྲང་ངར་ཐེག་ཐུབ་པའི་ལྕང་མའི་ཡལ་གའི་ཐོག་ཁོ་ནར་ནེམ་ལྗང་གི་ལོ་མ་འགའ་འབུས་འདུག་པ་མ་གཏོགས་སྔོ་ལྗང་གིས་དེ་ཙམ་ཁྱབ་མེད།ངས་ཚོགས་འདུའི་བླང་བྱ་ལྟར་ཐོབ་ཐང་ལག་ཁྱེར་འཁྱེར་ཞིང་བོད་ལྭ་དང་ལི་མོ་གོན་ཏེ་ཚོགས་འདུར་འགྲོ་གྲབས་བྱས།སྒྲོལ་མས་འཁྱག་སྒམ་ལས་མར་རྡོག་གཅིག་དང་ལུག་ཤ་བཙོས་མ་ལེབ་མོ་ཞིག་བླངས་ཏེ་རྩམ་པ་འགྱིག་ཕད་གང་དང་བཅས་སྨྲས་པ།ད་ཐེངས་ནང་ལོགས་སུ་སོང་ན་ཟླ་ཕྱེད་རིང་འགོར་དགོས་འདུགདེའི་ཟ་འཐུང་ལ་ཁོ་ཐག་གོམས་མི་སྲིད་པས་འདི་སྡེབ་ཟ་བྱས་ན་འགྲིག་ཅེས་ཟེར།ངས།ང་ཚོ་ནང་ལོགས་ས་ཁུལ་དུ་སོང་མ་མྱོང་བ་མ་རེད།བཟའ་བཏུང་གི་ཐད་ནས་གནད་དོན་ཆེན་པོ་མེད་འདོད།ཡང་ཅིག་བཤད་ན།ད་རེས་ཞུགས་པ་ནི་ཚད་གཞི་མཐོ་བའི་ཚོགས་འདུ་ཡིན་པས་ཆ་རྐྱེན་ངེས་པར་ཡག་པོ་ཡོད་ཐག་ཆོད་ཡིན།དེའི་ཕྱིར།ངས་ཆེད་དུ་ནང་ལོགས་ཀྱི་ཟ་མའི་ལོངས་སྤྱོད་ཅིག་མྱོང་རྒྱུ་ཡིན་ཞེས་སྨྲས་པར།སྒྲོལ་མས་ཀྱང་འགྲིག་འདུག་སྙམ་ནས་མར་སོགས་སླར་ཁ་མལ་དུ་བཞག...

    2023-11-01 08:39:39 རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར། 7735
  • དཔེ་ཀློག་བྱེད་དུས་རྩོམ་པ་པོའི་དྲུང་དུ་ཞེན་ཆགས་ལོག་བརྗེད་དང་།དཔེ་ཆའི་ཁྲོད་དུ་རང་སར་གཏན་སྡོད་བྱེད་པ་དང་དུས་མཚུངས་སུ་རང་ངོས་ཟིན་བྱེད་ཀྱི་སྒོ་ཆེན་བརྒྱབ་འགྲོ།ཕུའུ་ལོ་སི་ཐེའུ་ན་རེ།“ཀློག་པ་པོ་གང་དེས་དཔེ་ཆ་ཀློག་དུས་ཀུན་པོས་རང་ཉིད་ཀློག་གི་ཡོད།རྩོམ་པ་པོའི་བརྩམས་ཆོས་ནི་འོད་རིག་གི་ལག་ཆ་ཙམ་སྟེ།དམིགས་ཡུལ་ནི་ཀློག་པ་པོ་ལ་དངོས་ཟོག་རེ་འགའ་མཐོང་དུ་འཇུག་རྒྱུ་དེ་ཡིན་ཞིང་།གལ་ཏེ་དཔེ་ཆ་མེད་ཚེ་དངོས་ཟོག་ལ་ལ་ཁོའི་ཐུགས་སུ་ཆུད་ཐབས་ཡེ་ནས་མེད།ཀློག་པ་པོས་དཔེ་ཆའི་ཁྲོད་ནས་རང་ངོས་ཟིན་པ་དེ་ནི་ཉིང་དགོས་ཡིན།”འདི་ནི་དཔེ་ཀློག་གི་རིན་ཐང་སྟེ།གཞན་ཀློག་པ་ནས་རང་ཀློག་པར་གྱུར་ཏེ་རང་ཉིད་བཅོས་བསྒྱུར་དང་མཐོར་འདེགས་གཏོང་བའི་གོ་རིམ་ཡིན།...

    2023-10-30 09:00:53 གཅན་གླག་མིག་གིས་བསྒྱུར། 7796
  • འབྲུག་འབུམ་གྱི་དོན་དག་ད་དུང་མཇུག་སྒྲིལ་མེད།ཉིན་གཉིས་ཀྱི་རྗེས་སུ།ང་དང་སྒྲོལ་མས་གུང་ཟས་ཟ་བཞིན་པའི་སྐབས་སུ།ཆ་རྒྱུས་མེད་པའི་ཁ་པར་ཞིག་འབྱོར་བྱུང་།མ་གཞིར་དེ་ནི་སྡེ་དཔོན་མཁའ་ལེས་བཏང་ཡོང་བ་རེད།ཁོས་སྔར་བཞིན་ང་ལ་རོགས་བྱས་ནས་འབྲུག་འབུམ་གྱི་བདེན་པའི་རྒྱབ་ལངས་ཀྱི་བྱ་དགའ་ཐག་གཅོད་བྱེད་དགོས་ཟེར་གྱི་འདུགངས།ངས་སྔོན་ནས་འབྲུག་འབུམ་ལ་དོན་དག་འདིར་ངས་རོགས་རམ་བྱེད་མི་ཐུབ་ཅེས་བཤད་ཡོད་ཅེས་པར།ཁོས།མི་གཞན་ལ་རོགས་བྱེད་ན་རོགས་རམ་མཐར་ཕྱིན་པར་བྱེད་དགོས།ཁྱོད་ནི་རྒྱལ་ཁབ་ཀྱི་ལས་བྱེད་པ་ཡིན་ལ་འཇོན་ཐང་ཅན་ཡང་ཡིན་པས།ཉིན་ཤས་ཀྱི་སྔོན་ལ་ང་ཚོས་ད་དུང་ཁྱེད་ལ་བསྔགས་བརྗོད་བྱས་པ་ཡིན།ཇི་ལྟར་ད་ལྟ་ངོ་གནག་འདོད་ན་གནག་སྲིད་པ་རེད་ཟེར།ངས།ཁྱོད་ཀྱང་གྲོང་སྡེའི་ནང་གི་ལས་བྱེད་པ་ཞིག་རེད།ཡིན་ཡང་ཐབས་ཤེས་ཡོད་དགུ་བཏོན་ནས་གཞུང་གི་དངུལ་སློང་གིན་འདུགགལ་ཏེ་ཁྱོད་ལ་ངེས་པར་དུ་མ་དངུལ་འདི་དགོས་ན།ང་ལ་ནུས་པ་མེད།ཁྱོད་ཀྱིས་སུ་འཚོལ་འདོད་ན་དེ་ཚོལ་ཅིག་ཅེས་བཤད་ཚར་རྗེས་ཁ་པར་གྱི་སྒོ་གཏན།...

    2023-10-24 08:24:48 རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར། 7701
  • སྒྲོལ་མས་ཁ་པར་ཡོང་སྐབས་ངས་ཏག་ཏག་རྩོམ་འབྲི་བཞིན་ཡོད།ཤའོ་ཡུན་ལ་རླངས་འཁོར་གྱི་དོན་རྐྱེན་བྱུང་བ་ཤེས་རྗེས་ངའི་སེམས་ཀྱང་དེ་མུར་འཚབ་བྱུང་།སེམས་སུ་ཆག་སྒོ་ཇི་ལྟར་བྱུང་བ་ཡིན་ནམ།རྨས་ལྕིའམ་མི་ལྕི།ཡང་ན་ཚེ་སྲོག་ལ་སྐྱོན་མེད་དམ་ལ་སོགས་པའི་སེམས་ཁྲལ་གྱིས་འཚང་འོང་།འདི་ནི་སྒྲོལ་མ་དང་མཚོ་མོས་བཤད་མྱོང་བའི་ཤའོ་ཡུན་དང་ངའི་བུས་མཛའ་རོགས་བསྒྲིགས་པའི་དོན་དང་འབྲེལ་བ་མེད་དེ།ཡིན་རྒྱུ་ནི་གཡུ་བྱུར་མེ་ཏོག་དང་འདྲ་ཞིང་།སྤྱི་ཚོགས་སུ་ཞུགས་མ་ཐག་པའི་བུ་མོ་ཞིག་ལ་གལ་ཏེ་གནོད་འཚེ་ཚབས་ཆེན་ཐེབས་པ་ཡིན་ན།དེང་ཕྱིན་གྱི་མི་ཚེའི་ལམ་བུར་ཇི་ལྟར་བསྐྱོད་དགོས་སམ་སྙམ་པས་ཡིན།...

    2023-10-16 08:46:44 རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར། 7635
  • ཡུལ་སྐོར་གྱི་དོན་དག་ཐག་གཅོད་བྱས་རྗེས།ཡུལ་སྐོར་བྱེད་པའི་ས་ཆ་གཏན་འཁེལ་བྱ་རྒྱུར་ངས་སྔར་བཞིན་ཀླད་པ་མང་པོ་ཞིག་འགུལ།དགུན་སྟོད་ཀྱི་དུས་འདིར།མཐོ་སྒང་སེར་པོར་གྱུར་ཏེ་ཁྲ་ལམ་སྔོ་ལྗང་གི་ཡུལ་ལྗོངས་དེ་མེད་སོང་མོད།ཡིན་ནའང་མཚོ་དང་མཚེའུ།བྱེ་ཐང་དང་གངས་རི་གང་རུང་ལ་ལྟད་མོར་སོང་ཆོགགཞན་ཡང་གལ་ཏེ་ཞིང་ཆེན་ནང་ཁུལ་དུ་མི་ཆོག་ན་ཞིང་ཆེན་ཕྱི་རུ་འཆམ་ཡང་ཆོགང་ནི་ཚ་བར་སྐྲག་པའི་མི་ཞིག་ཡིན་མོད་ཀྱང་སྒྲོལ་མ་དེ་ལྟར་མིན་པས།མོས་ཉེ་གནས་སུ་ནམ་ཟླ་ཤིན་ཏུ་འཁྱག་པས་སྤྲོ་བ་མི་འདུག་ཟེར།ངའི་སེམས་སུ་ཐེངས་འདིར་གཙོ་བོ་སྒྲོལ་མའི་སེམས་ཁམས་ལ་རྒྱབ་སྐྱོར་བྱེད་ཆེད་ཡིན་པས་མོ་གཙོ་བོར་བཟུང་སྟེ་མོའི་བསམ་ཚུལ་ལ་བརྩི་འཇོག་བྱས་ན་འགྲིག་སྙམ།དེ་ལྟར།ངས་དྲ་ཐོག་ནས་ནམ་ཟླ་བཟང་ཞིང་ཡུལ་ལྗོངས་མཛེས་པའི་ས་ཆ་ཞིག་སྟེ་སཱན་ཡ་བདམས།...

    2023-10-13 08:53:28 རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར། 7610
  • ཉིན་གསུམ་པ་ནི་འདས་མོའི་སྐར་མའི་ཉིན་མོ་ཡིན།སྔ་དྲོ་འདས་མོའི་ཕྱོགས་ཀྱི་ནང་མིས་ཁོང་ལ་གྱེས་ཁའི་ཁ་བརྡ་བྱེད་རྩིས་བྱས།ཁ་བརྡ་བྱེད་སྐབས་གཙོ་བོ་འདས་མོའི་མི་ཚེ་གང་བོ་དང་བུ་ཕྲུག་ཚོས་ཁོང་ལ་བསྙེན་བཀུར་བྱས་ཚུལ་བརྗོད་པ་རེད།ཁ་བརྡ་བྱེད་མཁན་ནི་ངའི་ཨ་ཁུ་ཡིན་ཞིང་།གྱོས་མོ་ནི་ངེད་ཚང་གི་ནང་ནས་གནས་ཡུལ་འགྲིམས་པ་ཡིན་པ་མ་ཟད།གྱོས་མོ་དང་ཨ་ཁུ་གཉིས་ནི་མ་གཅིག་ཕ་གཅིག་གི་གཅེན་མོ་དང་གཅུང་པོ་ཡིན་པས།གྱོས་མོར་ཁ་བརྡ་བྱ་མཁན་བྱེད་ཆོག་པ་ཡིན།...

    2023-10-07 08:45:31 རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར། 7517
  • ལོ་ཙཱའི་གནད་དོན་གྱི་ཐད་ནས་ངས་ཀྱང་གནང་དེང་གི་དེབ་ཁ་ཤས་བཀླགས་མྱོང་།ལོ་ཙཱའི་གཞུང་ལུགས་ཀྱི་ཕྱོགས་ལའང་མོས་པ་ཆེན་པོ་སྐྱེས།ཀྲུང་གོའི་གནའ་རབས་ལོ་ཙཱའི་གཞུང་ལུགས་ལ་ནང་དོན་ཕུན་སུམ་ཚོགས་པ་ཡོད་ཅིང་རིགས་ཧ་ཅང་མང་།ཉེ་རབས་དང་དེང་རབས་ཀྱི་ཆར་ནུབ་ཕྱོགས་ཀྱི་གཞུང་མང་པོ་དར་ཅིང་རྒྱས་པ་རེད།དེ་དག་ལས་གཞུང་ལུགས་ཁ་ཅིག་ཏུ་དབྱེ་ཞིབ་བྱས་པ་ཞིབ་ཅིང་ཕྲ་བས་ནང་དོན་ཤིན་ཏུ་གཏིང་ཟབ་པ་ལྟ་བུར་སྣང་མོད།བློ་རྣལ་དུ་ཕབ་སྟེ་བསམ་ན་དེ་དག་ནི་མེ་ཏོག་གི་ཕྲ་ཚོམ་བཏབ་པ་ལྟ་བུ་ཡིན་པས་དངོས་ཡོད་ལག་ལེན་ལ་ཕན་ཐོགས་ཆེར་མེད་པ་འདྲ།...

    2023-10-03 10:32:52 ཅི་ཤན་ལིན། 7623
  • ཨ་མྱེས་ཆུང་བ་དང་ངའི་ཨ་ཕ་ཆེ་ཆེ་གཉིས་ནི་ན་ཟླ་ཡིན།ཁོང་གི་རྫོང་དཔོན་བུ་སྐལ་བཟང་ནི་ངའི་ཨ་ཁུར་གཏོགས་མོད་ཀྱང་།ཡང་ཁོ་ང་ལས་ལོ་གསུམ་གྱིས་མ་གཏོགས་ཆེ་བ་མི་འདུགངེད་གཉིས་བར་ད་དུང་སློབ་གྲོགས་ཀྱི་འབྲེལ་བ་ཡོད་ཅིང་ཕན་ཚུན་ཤིན་ཏུ་བཟང་།ངས།དེ་རིང་ཁོ་ཚོར་ཁ་པར་ཞིག་གཏོང་ལ་སྐལ་བཟང་ཡང་འབོད་ཅེས་པར།ཨ་ཕས་ང་ལ་ཚོད་ལྟ་བྱེད་དུ་བཅུགངས་འབྲེལ་བ་བྱས་རྗེས་ཨ་ཁུ་སྐལ་བཟང་ལ་དོན་དག་ཅིག་ཡོད་པས་ཕེབས་མ་ཐུབ་མོད་ཀྱང་ཁོང་གིས་ཨ་མྱེས་ཆུང་བ་བསྐྱལ་ནས་ཁྱིམ་དུ་འབྱོར་བྱུང་།...

    2023-09-28 08:41:15 རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར། 7425

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།