• ལོ་དུ་མའི་སྔ་རོལ་ཏུ།དགེ་རྒན་ཐང་ཕུ་ཞུང་གིས་སློབ་རིམ་ལྔ་བའི་སློབ་མ་རྣམས་ལ“ཁོ་མོས་འདྲ་མཉམ་རིས་མེད་ཀྱིས་སློབ་མ་རེ་རེར་གཅེས་སྐྱོང་བྱ་རྒྱུ་ཡིན”ཞེས་རྫུན་ཤོབ་ཅིག་ལབ་པ་རེད།ཡིན་ན་ཡང་འདི་ནི་དཔེ་མི་སྲིད་པ་ཞིག་སྟེ།རྒྱུ་མཚན་ནི་མདུན་གྲལ་དུ་ཐའེ་ཏེ་ཟེར་བའི་སློབ་མ་སྒྱིད་ལུག་གི་དབང་དུ་ཤོར་ཞིང་།སློབ་ཁྲིད་སྐབས་བློ་རིག་པ་རྣལ་དུ་མི་གནས་པར་རྣམ་གཡེང་གི་དབང་དུ་གྱུར་བའི་སློབ་བུ་ཞིག་བསྡད་ཡོད་པས་རེད།དོན་དངོས་སུ་རྒན་ཐང་ཕུ་ཞུང་འབྲི་སྨྱུག་དམར་པོ་སྨྱུག་རྩེ་སྦོམ་པོ་བཀོལ་བར་དགའ་བས་ཐའེ་ཏེའི་རྒྱུགས་ཤོག་ཐོག་ཏུ་ནོར་རྟགས་རྒྱ་གྲམ་མ་ཆེན་པོ་ཞིག་བརྒྱབ་ཅིང་།དེ་ནས་རྒྱུགས་ཤོག་གི་སྟོད་དུ་རྒྱུགས་འཕྲོད་མེད་ཅེས་བྲིས།...

    2021-11-04 10:43:49 ལྷ་འབྲུག་གིས་བསྒྱུར།  8006
  • ས་ཆ་གང་སར་རིམས་ནད་སྔོན་འགོག་ལ་བྲེལ་དུས་འདིར།ངེད་མཚོ་སྔོན་པོ་དྲྭ་བས་རིམས་འགོག་དང་འབྲེལ་བའི་རྩོམ་གསར་གཉིས་ཀློག་མཁན་དག་གི་སྤྱན་སྔར་བསྟར་ཡོད།...

    2021-11-03 15:15:32 ཅོ་བྱང་སྐར། སྤྲེལ་རྫོང་བསྟན་རྒ 8280
  • སྐྱ་རེངས་ཐོག་མ་འགྱོག་དུས་རྒྱུས་ཡོད་ཀྱི་བྱེའུ་སྐད་ཅིག་གིས་གཉིད་ལས་བསླངས་སོང་།སེམས་སུ་སྦྲུམ་པའི་ཡུལ་སྐོར་འཆར་གཞི་དང་ཨ་སྔོན་གཡའ་དག་པའི་ནམ་ཟླ་བཟང་པོའི་རྐྱེན་བྱས།ད་ནངས་གློ་བུར་དུ་གྲ་སྒྲིག་ཨང་གསར་བགྱིས་ཏེ་ཕ་ཡུལ་ཁྲི་ཀ་ནས་མཚོ་ཆེན་ཁྲི་ཤོར་རྒྱལ་མོར་ལྟ་སྐོར་དུ་བསྐྱོད་པའི་འགྲུལ་བཞུད་ཀྱི་མགོ་བརྩམས།...

    2021-11-03 11:42:01 སྟག་རིག་འབྲུག་ཐར། 8193
  • ཁྲི་ཟླ་གཞོན་གྱི་སྙན་ངག་དྲན་དཀྱིལ་འབྲོག་མོའི་སྣང་བརྙན།...

    2021-11-02 19:43:57 ཁྲི་ཟླ་གཞོན། 7966
  • ཞོགས་པར།ལྷ་སའི་བར་སྐོར་གྱི་སྐོར་ལམ་དུ་ནམ་མཁའི་དགུ་ཚིགས་བཞིན་སྒོར་འཁྱིལ་ལེར་ཞབས་ཐང་དུ་བསྐོར་བ་བྱེད་མཁན་གྱིས་གྲུབ་པའི་མི་ཡི་ཚོགས་དེ།ག་ལེར་བཞུར་བའི་ཆུ་བོ་ཞིག་གི་དཔེར་གྲུབ་ན།དེ་ནས་གོམ་ཞེང་བརྒྱ་ཙམ་གྱི་ས་ན་ཆགས་པའི་སྒམ་ཆུང་ཟ་ཁང་ནི།རྫིང་དང་འདྲ་བར་ཡོད་ཚད་དེ་ལ་གཞོལ་ཞིང་བབས་པར་གྱུར་པ་ཡིན།དེ་ནི་ལྷ་སའི་ཞོགས་པར་ལྷ་སའི་མི་ཚོགས་ཕལ་མོ་ཆེ་ཡིས་བསྐྲུན་པའི་ལྷ་སའི་འཚོ་བ་རོལ་སྟངས་ཐུན་མོང་མིན་པ་ཞིག་ཀྱང་ཡིན།...

    2021-11-01 15:12:18 ར་ས་བསྟན་འཛིན་ཆོས་གྲགས། 8226
  • ཕྱི་རོལ་གྱི་བུ་ཡུག་གཡུག་ཚད་ཇེ་ཆུང་དུ་སོང་བས་གྲོང་གསར་སྡེ་པའི་བྱིས་པ་དག་སླར་སྲང་མདོར་འདུས་ཏེ་ཨ་ཅུག་རྩེད་འགོ་ཚུགས།ཡས་མཆུ་ཕལ་ཆེར་སྣབས་རྟུག་གིས་བཏུམས་པའི་བྱིས་པ་དེས་སེར་དྲེགས་ཀྱིས་ཁེབས་པའི་ལག་ཆུང་ནག་རིལ་དེའི་རྒྱབ་ངོགས་ཀྱིས་ཡས་མཆུའི་སྣབས་དག་ཕྱིད་ཙམ་བྱས་རྗེས།ཨམ་ཕྲག་ལས་ཨ་ཅུག་ཁྱིས་མུར་བ་ལྟ་བུ་ཞིག་བཏོན་ནས་"མགྱོགས་པོ་བྱོས།ད་ངེད་ཚོ་ཨ་ཅུག་འགོ་འཛུགས་དོ།།མགྱོགས་ཙམ་མ་བྱས་ན་ཁ་བ་དབབ་རྒྱུ་རེད་"ཅེས་འུར་བརྒྱབ་པ་ན།གྲོང་གསེང་ལས་བྱིས་པ་འགའ་ཞིག་མྱུར་བར་དེ་གར་འདུས་ཏེ་ཨ་ཅུག་རྩེད་འགོ་ཚུགས།...

    2021-10-29 14:42:12 ཤར་ཚ། 8476
  • མི་དེ་གཉིས་ངོ་ཤེས་ནས་ལོ་མང་འགོར་སོང་བ་ལྟར།མིག་ཆུའི་ཕྲེང་བ་རེ་ལ་གཏམ་རྒྱུད་རེ་མངའ་ཡང་།ལས་དབང་གི་ལོགས་སུ་ཁོ་གཉིས་ནི་ལས་མ་དག་པའི་རྣམ་ཤེས་ཆ་བཞིན།རེ་འགར་ངུ་ཞིང་རེ་འགར་དགོད་བྲོ་བའི་གླེན་པ་གཉིས་སུ་གྱུར།ལོ་དང་ཟླ་བ་དེ་ཙམ་བརྒྱུད་རྗེས།ཁོས་ད་གཟོད་ཁོ་ནི་རྒྱུ་འབྲས་མ་སྲུང་བའི་མི་ཐ་ཤལ་བ་ཞིག་ཡིན་པ་ཤེས་སོང་ལ།མོས་མོའི་སྨོན་ལམ་འདེབས་ས་དེ་ཉིད་མོ་ལ་གཡོ་སྒྱུ་དང་རྫུན་ཐབས་བཀོལ་བའི་མི་དེ་ཡིན་པ་གཞི་ནས་ཤེས། ...

    2021-10-28 15:39:35 པདྨ་ལྷ་མཛེས། 8216
  • སེམས་ངོགས་སུ་གཡེང་པའི་ཡི་གེ་རེ་རེམཁའ་ལ་འཕགས་པའི་རྒོད་པོ་རེ་རེཉིང་ལག་རྒྱས་པའི་ཚེ་སྲོག་རེ་རེརེ་རེ་བཞིན་ཡར་ནས་ཡར་ལ་འཕགསརེ་རེ་བཞིན་ཡར་ནས་མར་ལ་ལྷུངཡར་ནས་ཡར་ལ་བཙངས་པས་ཅི་ཁགནམ་མཁར་བཀྲམ་པའི་ཕུགས་བསམ་རེ་རེམར་ནས་མར་ལ་ལྷུང་བས་ཅི་སྐྱོནས་ཆེན་བརླབས་པའི་འབོད་པ་རེ་རེ...

    2021-10-27 10:33:46 འདམ་འཇིལ་ལི། 8113
  • ལུང་རྟོགས་བསྟན་པའི་རྒྱལ་མཚན་རབ་མཛེས་གཙུག་ན་ལྷུན་ཆགས་འོད་ཀྱི་དྲ་བའི་ཅོད་པན་འཛིན།། ཉོན་མོངས་ཚོགས་བཅོམ་དུག་གསུམ་བདུད་འདུལ་ཤེས་རབ་སྣང་བའི་མུན་སེལ་ཉིན་བྱེད་དབང་བོ་ཉིད།། བདེན་གཉིས་བསྟེན་འཛིན་གསུང་ངག་རང་གྲོལ་གངས་ཀྱི་སྲིད་ན་ཁྱད་འཕཊ་དཔལ་རྫོཊ་མངོན་སངས་རྒྱས།། མཚན་ལེགས་དཔེ་བྱད་བརྒྱད་བཅུས་ཡོངས་སྤྲས་ཐུབ་དབང་ཟླ་བ་ཤཱཀྱའི་མཚན་ཅན་བདེ་གཤེགས་རྒྱལ།། སྐྱབས་གསུམ་དབྱེར་མེད་ཞབས་ཀྱི་པད་མོར་སྒོ་གསུམ་གུས་པས་རྟག་པར་བརྩོན་ལ་ཕྱག་བགྱིའོ།། ...

    2021-10-26 11:23:31 གནུབས་རྒྱལ་མཚན། 8358
  • ངས་ནམ་རྒྱུན་བྱ་དགའི་རྟགས་མ་རེ་རག་ཐེངས་རེར་ཐོག་མར་དྲན་པ་ནི་རྨོ་མོའི་འཛུམ་མདངས་ཡིན།འཛུམ་མདངས་དེའི་ང་ལ་གང་གིས་ཀྱང་ཚབ་བྱེད་མི་ཐུབ་པའི་སྟོབས་ཤུགས་ཞིག་སྟེར་ཐུབ།ད་ལོར་ངས་བྱ་དགའི་རྟགས་མ་ཞིག་ཁྱེར་ནས་རྨོ་མོ་ལགས་ལ་ཕུལ་བ་ཡིན།...

    2021-10-26 09:24:59 རྩྭ་ཕྲན། 8314

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།