རེབ་ཐོག་མདའི་སྙན་རྩོམ།
རྩོམ་པ་པོ།:རེབ་ཐོག་མདའ།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2022-05-19 11:15:43
ཀློག་གྲངས།:
སེམས་ཀྱི་དད་འདུན།༼ཞར་བཀོད་གསུམ།༽
རེབ་ཐོག་མདའ།
ལོངས་སྤྱོད་མངའ་ཐང་འཛད་མེད་ཕོ་བྲང་ནས། །
དགའ་བདེ་འཚོ་བར་སྤྱོད་ལ་མ་ཆགས་པར། །
དབུ་སྐྲ་གྲི་ལ་སྦྱིན་པའི་སྲས་ཀྱི་མཆོག །
དགྲ་གཅན་འཛིན་པའི་དམ་པ་ཁྱེད་ལ་འདུད། །
ཉོན་མོངས་དུག་གི་འདམ་རྫབ་མཐུག་ས་ནས། །
མུན་པའི་འཇིག་རྟེན་བརྒལ་བའི་རྟོགས་སད་པ། །
དངོས་པོའི་གནས་ལུགས་ཇི་བཞིན་མཁྱེན་མཛད་པའི། །
དཀའ་ཐུབ་ལོ་དྲུག་མཛད་ལ་ཕྱག་འཚལ་ལོ། །
མཁྱེན་དཔྱོད་ཉི་འོད་གསལ་བའི་ཐུགས་ཀ་ནས། །
ཏིང་འཛིན་རི་བོ་འདྲ་ཞིག་རྟག་བརྟན་པའི། །
སྒྱུ་མའི་ཆོས་ལ་སྟོང་བའི་འདུ་ཤེས་ཅན། །
ནགས་ཀྱི་སྒོམ་ཆེན་ཁྱེད་ལ་འཚལ་ལོ། །
དྲི་མེད་ཐུགས་དགོངས་ཡངས་པའི་ནམ་མཁའ་ནས། །
སྙིང་རྗེ་ཉི་མས་འགྲོ་ཀུན་སྐྱོབ་མཛད་ལ། །
གཞན་གྱི་མི་ཐུབ་རྡུལ་གྱིས་དཔུང་འཇོམས་པའི། །
ལམ་སྟོན་སྒྲོན་མེ་ཁྱེད་ལ་ཕྱག་འཚལ་ལོ། །
དངོས་པའི་རང་གཤིས་རྟེན་ཅིང་འབྲེལ་བ་ཡི། །
གནས་ལུགས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ལ། །
ཞུམ་མེད་སྙིང་སྟོབས་དེ་ཡང་ཆེར་མངོན་པའི། །
འདོད་ཆུང་ཆོག་ཤེས་མཛད་ལ་ཕྱག་འཚལ་ལོ། །
གནས་མཆོག་རྡོར་གདན་བྱང་ཆུབ་ཤིང་དྲུང་ནས། །
བདག་མེད་གནད་ལ་སྒོམ་པའི་གོས་སེར་ཅན། །
སྟོང་ཉིད་གནས་ལུགས་མ་ལུས་རབ་གྲོལ་བའི། །
མཉམ་མེད་དོན་ཀུན་གྲུབ་ལ་ཕྱག་འཚལ་ལོ། །
བུ་མོའི་སྐྱེས་སྐར།
ལྗོན་པའི་མེ་ཏོག་འཁུར་བའི་དབྱར་གཞུང་ཞིག་གི །
དྭངས་གསལ་ནམ་ཟླ་དྲོ་བའི་ཞོགས་པ་ཞིག་ལ། །
ལས་ཀྱི་མེ་ཏོག་བཞད་པའི་བདག་གི་ནམ་མཁར། །
ཚེ་ཡི་རི་མོ་བབས་པས་ཡིད་སེམས་མགུ་ཡོད། །
དུས་ཀྱི་འཁོར་ལོས་བསྐོར་བའི་ཟླ་དགུ་ཞག་བཅུ། །
རེ་སྒུག་ལོ་ཟླའི་བར་ནས་ག་ལེར་འཚར་བའི། །
བདག་གི་ཚེ་ནོམ་ཡིན་པའི་བུ་མོ་ཁྱེད་རང་། །
ང་ཡི་འཚོ་གནས་འདི་ཡི་ཕྱེད་ཀ་ཡིན་སོང་། །
སྨྲ་བའི་ངག་ལ་བཏེགས་པའི་ངུ་སྐད་སྙན་མོ། །
གཉིད་ཀྱི་བར་སྐབས་རེ་ནས་ལན་རེ་འཛུམ་པའི། །
འདས་པའི་ཟླ་ངོ་རེ་རེ་སེམས་ནས་དྲན་ན། །
ཕ་ལོའི་ཚོར་བའི་ཟབ་སར་བདེ་བས་འཁྱིལ་ཡོད། །
ཚིག་གི་མདུད་པ་བཀྲོལ་བའི་མ་ལོའི་གམ་ནས། །
ཟ་འཐུང་འགྲོ་འདུག་ག་ལེར་རྒྱུད་ལ་འབྱར་བའི། །
ཟླ་ངོ་བཅུ་གཉིས་རྗེས་ཀྱི་ཁྱོད་ཉིད་རིག་ན། །
མ་གྱུར་བུད་མེད་དག་གི་མཛད་རྗེས་དྲན་སོང་། །
དགེ་མིང་ཐ་སྙད་སྐམ་པོའི་ཆོ་ལོ་ཐོབ་ཀྱང་། །
གཞན་ཕན་ས་བོན་འདེབས་པའི་རྒྱུ་དེ་སྟོང་ཡང་། །
མེས་པོའི་བླ་སྲོག་ཡིན་པའི་དབྱངས་གསལ་སོ་བཞི། །
བུ་མོའི་མདུན་མ་འགྲུབ་པའི་རྒྱུ་རུ་འདེབས་ཆོག །
འཁོར་བར་མགྲོན་ཏུ་གྱུར་བའི་སང་ལོ་དེ་ནས། །
ང་ཡི་ཁེར་རྐྱང་བཅོམས་པའི་ཉིན་ནུབ་རེ་རེར། །
ད་ལན་ལོ་འཁོར་གཅིག་གི་ཐོག་མ་འདི་ལ། །
ཁྱོད་ལ་དབང་བའི་ཉིན་མོ་དགའ་བས་བསུ་ཆོག །
སྔོན་བསགས་བསོད་ནམས་ལེགས་པོའི་འབྲས་བུ་ཟབ་མོས། །
ཚེ་འདིར་ཕ་བུར་གྱུར་བའི་སྐད་ཅིག་མ་འདིར། །
འཚོ་བའི་གཤིས་སུ་གྲུབ་པའི་བདེ་སྡུག་གནས་ལུགས། །
དུས་ཀྱི་ཀློང་ནས་ཕ་ལོས་ཁྱོད་ལ་འཁྲིད་ཆོག །
ཆོས་ལྡན་གངས་རིའི་ཡུལ་ནས་མི་ལུས་རྙེད་ཏེ། །
ད་ལན་ཚེ་འདིར་མཇལ་བའི་བསྐལ་བཟང་ཉིན་མོར། །
བཟའ་ཚང་ལྷན་ཏུ་འཛོམས་ནས་ཁྱོད་ཀྱི་སྐྱེས་སྐར། །
དགའ་བའི་གླུ་དང་གར་གྱི་མཆོད་པ་ཕུལ་ཆོག །
འབྱུང་འགྱུར་ལོ་ཟླར་གནའ་དེང་རིག་པའི་གཞུང་ལ། །
ལུས་སེམས་འཚར་ལོངས་ཁྲོད་ནས་ག་ལེར་བསླབས་ཏེ། །
མི་ཡི་ཚོགས་ཀྱིས་གྲུབ་པའི་སྤྱི་ཚོགས་འདི་ནས། །
རང་གཞན་དོན་རྣམས་འཁྱོང་བའི་ལམ་ཞིག་འཚོལ་རོགས། །
མ་ལོའི་སེམས་པ་ཡིན་པའི་བུ་མོ་མེ་ཏོག །
ཕ་ལོའི་ནམ་མཁར་བཞད་པའི་ཉིན་ནུབ་དེ་ནས། །
བསྟན་འཛིན་སྐྱེས་བུ་དམ་པའི་ཞབས་རྗེས་ཟིན་པས། །
རིག་པའི་གནས་དག་རྟོགས་པར་སྟ་གོན་བྱེད་ཡོད། །
དཔྱིད་དཔལ་བསུ་བ།
སྙན་འགྱུར་ངག་གིས་ཕྱུག་པའི་དཔྱིད་དཔལ་གྱི་བདག་མོ། །
སྐྱ་རེངས་བུ་མོའི་མལ་གྱི་རྨི་ལམ་དེ་སྒུལ་ནས། །
ཉི་ཐིག་རི་ལ་ལྷུང་བའི་རྒྱང་རིང་གི་མཐའ་ནས། །
གངས་རིའི་གཞིས་ཁྱིམ་འདི་ཡི་ལང་ཚོ་རུ་གྱུར་ན། །
ལྷོ་ཕྱོགས་རྒྱ་རྫོང་ནགས་ཀྱི་ངག་མཛེས་ཀྱི་ཁུ་བྱུག །
མཐོ་སྒང་གངས་རིའི་གཞིས་ནས་ཐོས་འཛིན་དུ་སིམ་ན། །
མཛེས་ལྡན་དུས་སུ་འབོད་པའི་དབྱར་ལྗོངས་ཀྱི་འཇིག་རྟེན། །
སེམས་ལ་ངལ་ཞིག་གསོ་བའི་སྣང་བ་དེ་འཁྲུངས་སོང་། །
ཆུ་ཕྲན་གྱ་གྱུར་རྒྱུ་བའི་རྩྭ་ཐང་གི་གཞུང་ན། །
ལུག་རྫི་བུ་མོའི་ངག་གི་དབྱངས་རྟ་དང་འགྲོགས་ནས། །
རྩེད་འཇོ་གར་ལ་རོལ་བའི་གཡུ་སྦྲང་གི་གཤོག་འགྱུར། །
དྲི་ལྡན་མེ་ཏོག་འཛུམ་པའི་སྤང་ཐང་ནས་འགྲན་སོང་། །
ལྗོན་པར་ལོ་འདབ་རྒྱས་པའི་གཙང་འགྲམ་ལ་ཆས་ན། །
སྔོ་བསངས་ནམ་མཁའི་བཞིན་རས་ཆུ་ངོགས་སུ་གསལ་བའི།།
དྭངས་གསལ་ནམ་ཟླ་འདི་ཡི་རེག་བྱ་དང་ལྷན་དུ། །
ཟླ་དཀར་ལྷ་མོའི་ཡིད་འོང་བཞིན་རས་ལ་མཇལ་ན། །
ཁ་བའི་མེ་ཏོག་བཞད་པའི་ལོ་ཟླ་ནས་བུད་དེ། །
འཇག་མའི་ཤུགས་གླུ་གྱེར་བའི་དུས་ཚིགས་དེ་བརྒལ་ནས། །
ས་གཞིའི་ངོ་མདོག་འགྱུར་བའི་ལྗང་མདོག་གི་འཇིག་རྟེན། །
དྲོད་ཀྱི་རྒྱུ་བ་འཇམ་པོ་སྣེ་ལེན་གྱིས་བྲེལ་འདུག།
ཟས་ཀྱི་མཆོད་པས་དགྱེས་པའི་དགའ་སྟོན་གྱི་ཀློང་ན། །
གར་གྱི་སྟངས་སྟབས་མཉམ་པའི་འཁོར་འདུས་ཀྱི་ན་ཟླ། །
ཤ་ཆང་སྡེར་ཁ་འགྲིག་པའི་ལྗང་མདོག་གི་སྤང་ན། །
ལྷན་འཛོམས་གླུ་སྐད་སྙན་མོ་གདངས་དབྱིངས་ཀྱིས་བཟི་འདུག །
སྲོད་ཁའི་རི་ལ་བབས་པའི་མཚམས་སྤྲིན་གྱི་ཡོལ་བ། །
ནུབ་ཀྱི་གངས་རིའི་རྩེ་ནས་ག་ལེར་ངང་ཕུད་དུས། །
རྒྱུ་སྐར་གྲངས་མེད་དབུས་ཀྱི་ཟླ་དཀར་གྱི་བུ་མོ། །
ས་སྲོད་མཁའ་དབྱིངས་འདི་ཡི་མིག་ཟུང་དུ་འཆར་འདུག །
གཡུ་འབྲུག་སྔོན་མོའི་ངར་སྐད་ནུབ་མཐའ་ནས་མཆེད་དེ། །
གློག་གི་སྣང་བརྙན་དམར་པོ་སྤྲིན་གསེབ་ནས་མངོན་པའི། །
ས་གཞིའི་ངོ་གདོང་བཀྲུ་བའི་སྔ་གཞུག་དེ་མཐོང་ན། །
མཐོ་སྒང་ཡུལ་གྲུའི་མཛེས་པ་སུམ་རྩེན་གྱི་གནས་མཆོག །

བུ་མོ་གཉིད་ཟིན། ངས་སྙན་ངག་འབྲི་བཞིན་ཡོད།
སྒེའུ་ཁུང་ངོས་སུ་ལུས་པའི་ཟླ་བའི་རྣམ་ཤེས།
བུ་མོའི་རྨི་ལམ་གྱི་ཁ་དོག་མིན་ནམ།
གློག་སྒྲོན་གྱི་འོད་མདངས་མེད་པའི་མུན་ཁྲོད་འདིར།
བུ་མོའི་ངོ་གདོང་ལ་བབས་པའི་ཟླ་བའི་སེམས་པ།
ཁོ་མོར་གཉིད་ཏུ་བསྐུལ་བའི་མ་ཡུམ་ཞིག་དང་མཚུངས།
དུས་རྒྱུན་ཆུང་མ་དང་ལྷན་དུ་ཉལ་བའི་བུ་མོ་འདི།
དོ་དགོང།
ཨ་ཕ་དང་ལྷན་དུ།
ཁེར་རྐྱང་གི་མཚན་མོ་བརྒལ་བ་ནི།
དེ་འདྲའི་དཀའ་མོ་ཞིག་མིན་འདོད་མོད།
འོན་ཀྱང་ཁོ་མོས་མིག་ཟུང་མཆི་མས་རླན་བཞིན།
ངུ་དངངས་བྱེད་པའི་ཚུལ་དེས།
ང་ལ་ཡང་སྐྱོ་སྣང་ཞིག་དལ་གྱིས་སྐྱེས།
མཚན་མོ་འདི།
ཆུང་མ་ཞག་ན་མེད་པའི་མཚན་མོ་འདི།
བུ་མོ་དུས་ཡུན་གང་མཚམས་ཞིག་ལ་ངུ་བཞིན།
ཨ་མ་ཞེས་པའི་ཐ་སྙད་དེ།
ངུ་སྐད་གཉོམ་པོ་ཞིག་དང་ལྷན་དུ་ལན་འགར་ངག་ནས་བཟློས་རྗེས།
བདག་གི་པང་ཁུག་ནས་རྨི་ལམ་གྱི་ཞིང་ཁམས་འགྲིམས་པ་ན།
ཟླ་འོད་ཀྱི་དཀར་ངོགས་འདི།
ངས་ལྷིང་འཇགས་ཀྱི་མཚན་མོ་འདིའི་གློག་སྒྲོན་ཞིག་དང་འདྲ།
བུ་མོ་གཉིད་རྗེས། ངས་ད་གཟོད་ཐ་སྙད་ཀྱི་ཚེ་སྲོག་རེ་རེ།
སྙན་ངག་གི་འཇིག་རྟེན་དེར་བག་མར་གཏོང་བཞིན།
གྲང་རླུང་གི་འུར་སྒྲས་སྒུལ་བཞིན་པའི་ཁོར་ཡུག་དང།
སྲང་ལམ་ན་ཡར་མར་རྒྱུ་བའི་རླངས་འཁོར་གྱི་བཞུད་སྒྲ།
སྦི་རག་གི་བཟི་ཁའི་བར་ནས་རང་ཚུགས་ཤོར་བའི་ཆང་འཐུང་དེ་དག
གྲོང་མཐའ་ནས་མཆེད་པའི་ཁྱི་འགའི་ཟུག་སྐད་ལས།
སྨག་རུམ་གྱི་ཁོར་ཡུག་འདིའི་ཡོད་ཚད།
ཁུ་སུམ་པོར་གནས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།