• པད་དཀར་བློ་ཡི་གསེབ་ལ་ལྷུན་གྱིས་ཆགས།།ལྡེམ་ལྡེམ་འཁྱུག་པའི་བྲོ་གར་རབ་ཏུ་མཛེས།།དྲི་ཟའི་དབྱངས་ལ་དབྱངས་ཅན་གྲེ་བ་རྫོགས།།ཉམས་དགའི་བུ་མོའི་མཛེས་པ་ལྷ་ལ་མཆོད།།...

    2023-02-22 10:47:20 ཚོར་སྦྲང་། 10169
  • ངས་ནི་ཁུ་སིམ་མེར་མཆོད་མེ་རྐོང་གཅིག་སྒྲོན་ནས།“མར་ཁུའི་རྒྱ་མཚོ་ཡོངས་སུ་འཁྱིལ་བའི་དབུས།།ཕུན་ཚོགས་འོད་སྟོང་འབར་བའི་སྒྲོན་མེ་འདིས།།མུན་པའི་སྐལ་བ་ཡོངས་སུ་བསལ་བྱས་ནས།།འགྲོ་རྣམས་སངས་རྒྱས་མངོན་སུམ་མཐོང་བར་ཤོག།”ཅེས་སྨོན་ལམ་རྣམ་དག་ཅིག་གིས་སྐྱེལ་མ་བྱས།སྟོན་མཇུག་གི་མཚན་མོའི་ཟླ་འོད་ཤིན་ཏུ་དཀར།ཤིན་ཏུ་དཀར་པོའི་ཟླ་ཟེར་གྱི་ངོགས་སུ་སྒྲ་སྙན་གྱི་རྒྱུད་སྐུད་ཕྲ་མོ་ཀྲིག་ཀྲིག་བྱེད།གློ་རྡེག་ཏུ་མིག་ཀོང་ལ་མཆི་མ་ཚ་མོ་ཞིག་ལྟེམས་མེར་འཁྱིལ་འོང་ན་ཡང་མཆི་མ་དེ་མཚོན་བྱེད་ཀྱི་དབྱངས་རྟ་ཞིག་ལར་ནས་རྙེད་མ་བྱུང་།རིགས་ཀྱི་བུ།དེ་དེ་ལྟར་ཏེ།དེ་དེ་བཞིན་ནོ།།མུ་མཐུད་དུ་ཨ་ཁུ་པདྨ་ཁྲོལ་ཅིག་དང་དེ་ནི་ཡུ་བུ་ཅག་གི་མུན་རྡུལ་བསལ་བའི་ཁྲུས་ཆབ་གཙང་མ་དེའོ།།...

    2023-02-21 09:03:17 རུས་པ། 10604
  • གཞན་ལས་གཡར་བའི་དུས་ཆེན་རོལ་མཁན་མདོ་སྨད་པ་ཚོས།རང་གི་སྲོལ་བཟང་ཐོག་མ་ཕལ་ཆེར་བརྗེད་ཚར་ནས།གཡར་བ་གང་ཞིག་ཕྱིར་སྤྲད་དགོས་པའང་ཤེས་ཀྱིན་མེད།རང་གི་ལོ་སར་ངོ་མི་ཤེས་པའི་མདོ་སྨད་པ་ཚོས།གཞན་གྱིས་གནང་བའི་ཀ་ར་ཤིང་ཏོག་ཙམ་ཟོས་རྗེས།དོར་བའི་རང་ནོར་སླར་འཐུ་བའི་སྤོབས་པ་ཡོངས་སུ་ཞུམ།གལ་ཏེ་དཔྱིད་གསར་བསུ་བའི།ཤར་ཕྱོགས་ཀྱི་དུས་ཆེན་འདི་མེད་ཚེ།མདོ་སྨད་པ་ཚོར་ད་ལྟ་ལོ་སར་ཡང་ཡོད་པ་མ་རེད།...

    2023-02-20 09:29:08 མཛེས་སེ། སྒོ་མེ་འཇམ་དཔལ་ཚེ་རིང 10883
  • གངས་ཚ་འཇོམས།མིང་དངོས་ལ་སྐལ་བཟང་འཇིགས་མེད།1997ལོར་མགོ་ལོག་གཉན་སྐོར་སྡེ་བའི་འབྲོག་ཁྱིམ་ཞིག་ཏུ་སྐྱེས།སློབ་ཆུང་བཏོན་རྗེས་གྲྭ་བ་བྱས་ཏེ་༢༠༡༣ལོར་རང་དགོན་གྱི་ནང་བསྟན་སློབ་གླིང་དུ་ཞུགས་ནས་སློབ་གཉེར་གྱི་ཞོར་དུ་ཁུ་བོ་ཆོས་ཀྱི་རྒྱལ་མཚན་གྱི་དྲུང་ནས་ཡིག་གཟུགས་ལ་སྦྱངས་བ་ཅུང་ཙམ་བྱས་༢༠༡༨ལོའི་དབྱར་ཁར་སློབ་གསེང་གི་སྐབས་དང་བསྟུན་ཏེ་རང་གི་དགའ་ཕྱོགས་ལྟར་ཆེད་དུ་རེབ་གོང་རོང་བོ་དགོན་ཆེན་དུ་སོང་ནས་དགེ་བཤེས་སྒོ་དམར་བ་དགེ་འདུན་དོན་གྲུབ་ཀྱི་མདུན་ནས་«ལཉྫ»དང་ཨ་ཁུ་སྒང་གྲགས་པ་བཤད་སྒྲུབ་ཀྱི་དྲུང་ནས་«ཨ་ལགས་ཚེ་ཏན་ཞབས་དྲུང་གི་ཕྱག་རྒྱུན་ལྟར་གྱི་དབུ་ཅན»སོགས་ལ་སྦྱངས་བ་བྱས།སློབ་གྲྭའི་དགུན་གནང་དང་གུང་གསེང་གི་སྐབས་དུ་མར་རྔ་ཡུལ་སྒོ་མང་དགོན་ཆེན་གྱི་བོད་ཀྱི་ཡིག་མཁན་ཆེན་མོ་ཨ་ཁུ་པད་དཀར་འབངས་སམ་ཕུན་ཚོགས་ཐུབ་ཆེན་གྱི་དྲུང་ནས་ལྷ་སའི་གཞུང་བྲིས་«ཚུགས་རིང»དང་«ཚུགས་ཐུང»«འཁྱུག་བྲིས»«འབྲུ་ཚ»«དབུ་ཅན་»བཅས་ལ་རང་ཚོད་ཀྱིས་སྦྱངས་བ་མི་དམན་པ་བྱས།2015ལོར་གསར་རྩོམ་གྱི་ལས་ཀར་ཞུགས་ནས་ད་ལྟའི་བར་སྙན་ངག་ཡིན་ནོ་ལོ་སྙམ་པ་རེ་བྲིས་ཤིང་སྙན་ངག་འགའ་རེ་བོད་ཁུལ་གྱི་དུས་དེབ་《གངས་དཀར་རི་བོ》《ནང་ཆེན》《ཤྭ་སྐྱ》《རི་བོ་ཉི་ཟླ》《ཁྲི་ཤོར་རྒྱལ་མོ》《མཚོ་སྔོན་ཁྲིམས་ལུགས་ཚགས་པར》《ཁམས་པའི་ཚགས་པར།》《ཀན་ལྷོའི་གསར་འགྱུར་ཚགས་པར》《མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ》《ཀྲུང་གོ་བོད་ཀྱི་དྲ་བ》《མཐོང་གྲོལ་དྲ་བ》གཙོའི་ཞིང་ཆེན་ཕྱི་ནང་གི་དུས་དེབ་དང་ཚགས་པར་དྲ་བ་ཁ་ཤས་སུ་སྤེལ་མྱོང་།སྙན་ངག་དང་ལྷུག་རྩོམ་འགའ་ལ2017ལོའི་སྲང་ལམ་སྙན་རྩོམ་འགྲན་བསྡུར་ཁྲོད་(སྲང་ལམ་མཚན་སྙན)བྱ་དགའ་དང་དཀར་མཛེས་བོད་ཡིག་ཚགས་པར་ཁང་གིས་སྤེལ་བའི་ལྷུག་རྩོམ་འགྲན་བསྡུར་ཁྲོད(ཕུལ་བྱུང་)བྱ་དགའ་ཐོབ།2022ལོར་མགོ་ལོག་ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་སྤེལ་བའི་ཡིག་གཟུགས་འགྲན་སྡུར་ཁྲོད་ཨང་གསུམ་པའི་བྱ་དགའ་ཐོབ།ད་ལྟ་གངས་ལུང་རྩོམ་རིག་འཕྲིན་སྟེགས་དང་ལོ་དེབ་གཉིས་ཀྱི་རྩོམ་སྒྲིག་པའི་འགན་ཁུར་ཡོད་ཅིང་རང་སློབ་གླིང་དུ་ཡིག་གཟུགས་དགེ་རྒན་གྱི་འགན་བཞེས་ཡོད།...

    2023-02-16 10:39:37 གངས་ཚ་འཇོམས། 10742
  • རྩོམ་རིག་གནའ་གཏམ་པོ་ཏི་སྨུག་ཆུང་འདི།། མཁས་པ་ཁྲེལ་བའི་གཞི་རུ་འགྱུར་སྲིད་ཀྱང་།། སྐལ་མཉམ་དག་དང་ན་ཆུང་བློ་ལྡན་གྱི།། ཐོས་པའི་མིག་རྒྱན་ཉིད་དུ་འགྱུར་བར་ཤོག། རྩ་བརྒྱུད་བཤེས་གཉེན་དྲིན་ཅན་ཕ་དང་མ།། དྲིན་ཆེན་དྲིན་དུ་གཟོ་བའི་མཆོད་པའི་སྤྲིན།། གཅེས་པའི་བུ་དང་དུངས་པའི་ཆུང་མ་དང་།། སྐྱིད་སྡུག་ལམ་གྲོགས་དག་གི་དགའ་བའི་ཆར།། གྲོང་ཁྱེར་སྤོས་ངད་ལྡན་གྱི་ལྷོ་ཡི་ཕྱོགས།། ནགས་མ་བྱ་ཚོགས་ཅན་གྱི་གཞིས་ཀ་མཐིལ།། ཆབ་དཀར་ཆུ་ཀླུང་རིང་མོ་འབབ་པའི་ངོགས།། བསམ་གཏན་ཕ་བོང་ནགས་སུ་ཡི་གེར་བཀོད།།...

    2023-02-13 08:58:56 བྱ་མདོ་དོན་གྲུབ་ཚེ་རིང་། 11358
  • རྨ་ཆུར་འབོད་པའི་གཙང་པོ་དེ་ནི་ཨ་ཆེན་གངས་རིའི་བྱང་ངོས་ནས་མགོ་བརྩམས་ཏེ།འཁར་ཆུ་ནས་ལྷུང་ལྷུང་འབབ་ཞོར།གྲོག་རོང་དང་རི་ཕྲན་མང་པོ་ནས་ཚ་རྔ་འགག་བརྒྱུད་ནས་ཁྲི་ཀའི་མངའ་ཁོངས་སུ་བཞུར་བ་རེད།གནས་འདིའི་རྨ་ཆུར་བྲག་ངོས་སུ་རྡེབ་པའི་རྦ་རླབས་ཆེན་པོ་མེད་པ་ནི་གཤིས་འཇམ་གྱི་བུད་མེད་མཛེས་མ་ཞིག་དང་འདྲ་བར།ལྷད་མེད་དང་དྭངས་གཙང་།སྒེག་ཉམས་ཀྱིས་ཕྱུག་འདུགཁོ་མོ་ནི་ཕྱི་གསལ་ནང་གསལ་གྱིས་བརྩེ་བའི་སྤྲོ་སྣང་གིས་ཁེངས་སྟེ།སོས་དལ་བག་ཕེབས་ཀྱིས་མཐོ་སྒང་གི་ཁྲ་ཚོམ་མེ་ཏོག་གི་དཀྱིལ་ན་སྙན་མོའི་དབྱངས་རྟ་བདེ་མོའི་ངག་ལ་དྲངས་ནས་མདུན་དུ་བསྐྱོད་བཞིན་འདུག...

    2023-02-10 08:57:55 སྒོ་མེ•དོན་གྲུབ་ཚེ་རིང་། 10289
  • ཨུ་རུ་སུའི་གཞོན་ནུ་ཕོ་མོ་ཆ་གཅིག་དགའ་རོགས་བསྒྲིགས་ཏེ་བརྩེ་དུང་གི་མེ་ལྕེ་མཆེད་སྒང་ལ།རྒྱལ་ཁབ་གང་དེར་འཐབ་འཁྲུག་བྱུང་ནས་དམག་བསྡུ་བརྒྱབ།བུ་མོ་གང་དེའི་ཟླ་བོར་ཡང་དམག་སྐུལ་གྱི་བརྡ་ཐོ་འབྱོར།ཉིན་དེར།མཛའ་བོའི་གདོང་མདོག་རྦད་དེ་སྐྱ་བོར་འགྱུར་བཞིན་རང་ཉིད་དམག་ལ་ཞུགས་ཚར་ཞིང་།ཉིན་གསུམ་གྱི་རྗེས་སུ་གཡུལ་སར་འགྲོ་མཁན་ཡིན་ཞེས་བཤད།གློ་བུར་བའི་གཏམ་དེ་འདྲ་གོ་ཡང་མོས་རང་གི་སེམས་སྣང་བཙན་གྱིས་མནན་ཅིང་ཟླ་བོར་གཡུལ་སར་དགྲ་བོ་བསད་དེ་རྒྱལ་ཁབ་སྲུང་སྐྱོབ་བྱེད་པར་སྐུལ་ཞིང་དཔའ་ངར་བསྐྱེད།...

    2023-02-09 09:31:08 སྒྱུར་པ་པོ། སྨིན་དྲུག 10576
  • ངས་ཁ་པར་ལས་དུས་ཚོད་ལ་ལྟ་དུས།ད་དུང་ནམ་སྨད་ཀྱི་དུས་ཚོད་གསུམ་དང་སྐར་མ་བཅུ་གཉིས་རེད།རྨི་ལམ་དུ་ཨ་ཕས་འཕྲུལ་རྟར་ཞོན་ཏེ་སྒོ་མེ་ལམ་ཐིའུ་དེད་ནས་ཚུར་ཡོང་གིན་ཡོད་ཅིང་།འཕྲུལ་རྟའི་འཕོངས་ལ་ད་དུང་དངོས་ཟོག་མང་པོ་ཤ་ཐག་བྱས་ཡོད།རྨི་ལམ་རེད་མོ།བརྟག་ཞད་བྱེའུ་སྐྱག་ཙམ་ཡང་མེདངའི་ཡིད་ལ་སྐད་ཆ་འདི་འདྲ་ཞིག་འཚང་ཡོང་།སྐད་ཆ་འདི་རྒྱུ་མེད་རྐྱེན་མེད་དུ་ངའི་ཀླད་སྙིང་གི་གཞོགས་ཤིག་ནས་སྐྱེས་ཡོང་།དེ་ནས་མིད་པར་འཚང་སྟེ་གློ་ལུ་ཞིག་རྒྱག་དགོས་པར་ཐུགངས་སྐད་ཆ་བཤད་ན་འདོད།ནམ་སྟོད་རྨིས་པའི་རྨི་ལམ་དུ།ངས་སྨ་ར་སྟུག་པོ་ཅན་ཞིག་དང་ཅི་གྲོས་མོལ་གྲོས་བྱེད་ཀྱིན་འདུགདེ་ལྟ་ནའང་།ངས་དེ་རྨི་ལམ་ཡིན་པར་ཁ་ཚོན་མི་ཆོད།བློ་ཐག་ཀྱང་མི་ཆོད།...

    2023-02-08 09:29:25 རང་སྐྱེས། 12091
  • ཉི་ཤུའི་ལང་ཚོ་སློབ་གྲྭ་ནས་ཟད་པའི་འབྲོག་པའི་རྗེས་འཇུག་ང་ལ་མཚོན་ན།ད་ནི་ནོར་ལུག་གི་མྱིང་མི་ཤེས་ལ་ཁལ་མར་ཁལ་འགེལ་མི་ཤེས།ཐ་ན་ལུག་བཤའ་བ་དང་བལ་འབྲེག་པ།སྦྲ་ཕུབ་པ་སོགས་ཀྱང་མི་ཤེས་ལ།རྩྭ་ཆུའི་བཟང་ངན་དང་འབྲོག་ལས་ཡོ་བྱད་ཀྱི་མིང་ནི་དེ་བས་ཀྱང་མི་ཤེས།...

    2023-02-06 17:20:25 ཁྲི་ཟླ་གཞོན། 11440
  • ལོ་དེའི་དགུན་གནང་གཏོང་བའི་ཆེས་མཐའ་མཇུག་གི་ནངས་མོ་དེར།ཁུ་བོ་བཀྲ་སྐར་ལགས་གློ་བུར་དུ་ང་ཚོའི་མལ་ཤག་ཏུ་སླེབས་བྱུང་།ཁོའི་གདོང་ལ་སྐྱོ་ཉམས་ཀྱིས་ཁེངས་ཤིང་།སྐམ་རིད་དུ་གྱུར་པའི་མཆུ་སྒྲོས་ལྷབ་ལྷུབ་ཏུ་འདར་བཞིན་སྐད་ཆ་ལ་མགོ་རྔ་ཅི་ཡང་མེད་པར“ང་ཆེད་དུ་ཁྱོད་ལེན་དུ་ཡོང་བ་ཡིན་པས།ཁྱོད་ཀྱིས་གང་མྱུར་ཅི་མྱུར་སྒོས་རང་ཉིད་ཀྱི་དངོས་པོ་དག་བསྡུ་གསོག་བརྒྱབ་ནས་ཕ་ཡུལ་དུ་ལོག་པར་གྲ་སྒྲིག་བྱོས་དང་།ང་ཁྱོད་ཀྱི་འཛིན་བདག་ཡོད་སར་སོང་ནས་གནང་བ་ཞུས་ནས་ཡོང”ཟེར་བཞིན་བྲེལ་བྲེལ་འཚུབ་འཚུབ་ངང་སྒོར་ཕྱིན་སོང་།...

    2023-02-05 14:01:49 གངས་ཆབ་སྔོན་མོ། 10531

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།