གངས་རིའི་དཔའ་མོར་ཕུལ་བའི་བསྟོད་རྩོམ་སྣ་ཚོགས།
རྩོམ་པ་པོ།:ལྡོང་ནོར་སྡེ་སོགས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-10-09 08:52:49
ཀློག་གྲངས།:
གངས་རིའི་དཔའ་མོ་ཆོས་དབྱིངས་སྐྱིད།
ལྡོང་ནོར་སྡེ།
མཐོན་མཐིང་མཁའ་ལ་སྐར་ལྔའི་དར་དམར་གཡོ། །
ལྷ་གླིང་ས་ཆེན་རྒྱལ་གླུའི་དབྱངས་ཀྱིས་འདར། །
མི་རིགས་ང་དྲུག་དགའ་བའི་ཐལ་སྒྲ་འབུམ། །
དབྱར་སྐྱེས་རྔ་གསང་ལྡིར་བའི་རྗེས་སུ་འགྲོ། །
ཅི་འདི་ཨེ་མ་གངས་ལྗོངས་མཛངས་མའི་མཆོག །
རྐང་མགྱོགས་གྲུབ་པའི་དཔའ་མོ་ཆོས་དབྱིངས་སྐྱིད། །
ཡ་རྩལ་གསེར་གྱི་རྟགས་མ་ཐོབ་པ་ཡི། །
སྐད་ཅིག་གཉིས་པའི་སྒེག་ཉམས་ངོམས་པས་སོ། །
གྲོགས་དག་ད་དུང་དེ་ལས་མཚར་བ་ཡི། །
ལྐོག་གྱུར་དོན་གྱི་གཏམ་བཟང་གསར་བ་ཞིག །
ལོ་མང་སྔོན་གྲུབ་ཨོ་རྩལ་གསེར་གྱི་རྟགས། །
དེང་འདིར་གངས་ཅན་བུ་མོའི་མགུལ་བར་ཐོབ། །
རིན་ཆེན་དང་པོའི་རྟགས་མ་ཟུང་གཅིག་གིས། །
དཔལ་དཀྱིལ་ཨ་མའི་ལུས་ལ་གཟི་མདངས་སྐྲུན། །
གངས་ལྗོངས་ལྷ་མོའི་སྙིང་ལ་སྤོབས་པ་བསྐྱེད། །
གཅེས་ཕྲུག་མ་ཁྱོད་མཐོ་སྒང་དཔལ་མོའི་རྒྱན། །
གངས་དཀར་ཕྱོགས་ལས་རྣམ་རྒྱལ་གར་གྱིས་རྩེན། །
ཁྲི་གཤོགས་མཚོ་མོས་སྙན་པའི་རླབས་ཕྲེང་རྒོད། །
བདག་ཀྱང་རིགས་མཐུན་གྲོགས་ཀྱི་རྗེས་འབྲང་ནས། །
བསྟོད་ཚིག་གསར་བའི་མེ་ཏོག་རྒྱང་ནས་འགྲེམས། །

༢༠༢༣ལོའི་ཟླ༡༠པའི་ཚེས༦ཉིན།
ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།
ཁ་སང་དང་དེ་རིང་།
—འཛམ་གླིང་ཨོ་རྩལ་གསེར་གྱི་རྟགས་མ་ལེན་མཁན་གྱི་བོད་པའི་བུ་མོར་ཕུལ་བའི་ཚིགས་བཅད་ཀྱི་ཁ་བཏགས།
ནག་ཤུལ་ཚུལ་ཁྲིམས་དཔལ་ལྡན།
དཔའ་མོ་ཨ་སྟག་ཟེར་བ་ཁ་སང་གི་གཏམ་རྒྱུད། །
བུ་མོ་ཆོས་དབྱིངས་ཟེར་བ་དེ་རིང་གི་སྙན་གྲགས། །
ཁ་སང་དེ་རིང་ཡོད་དོ་གངས་རི་ཡི་ཚལ་ན། །
གངས་ལྷའི་འདབ་མའི་འོད་སྟོང་རྣམ་ཀུན་ཏུ་བཀྲའོ། །
འདོ་བ་གཤོག་ཐོགས་ཟེར་བ་ཁ་སང་གི་གཏམ་རྒྱུད། །
མདོ་ལའི་བུ་མོ་ཞེས་པ་དེ་རིང་གི་ང་རྒྱལ། །
ཁ་སང་དེ་རིང་ཡོད་དོ་འཛམ་གླིང་གི་མཁའ་རུ། །
གླག་མོའི་གཤོག་ཟུང་བརྐྱངས་པ་དབུ་ནག་གི་རླུང་རྟ། །
གདོང་ལྔ་གངས་ལ་རྩེན་པ་ཁ་སང་གི་གཏམ་རྒྱུད། །
སིང་སིང་གྲགས་པས་ཁེབས་པ་དེ་རིང་གི་དོན་སྙིང་། །
ཁ་སང་དེ་རིང་གཉིས་ལ་ཉིན་དཀར་བཞིན་གསལ་བའི། །
དབུ་ནག་ཐོད་ཀྱི་འཛུམ་མདངས་ཁྱོད་ཉིད་ཀྱི་བཞིན་རས། །
སྟོན་མཚན་ནམ་མཁའི་དབྱིངས་ན་སྐར་ཚོགས་ཀྱི་རྒྱ་མཚོ། །
དེ་ལས་མངོན་པར་འཕགས་པ་བཅུ་དྲུག་གི་ཆ་ཤས། །
འཛམ་གླིང་ལུས་རྩལ་རྩེད་རར་སྟག་ཤར་དང་སྨན་ཤར། །
དེ་ལས་བདེ་ལྕག་འཁྱུག་པོ་མཚོ་བྱང་གི་གསེར་མིག །
མིའུ་ཐུང་གོམ་པ་གཅིག་གིས་ས་གསུམ་དེ་དབང་བསྡུས། །
དེ་ཉིད་གཡོ་དང་ཐབས་ཀྱི་རྫུ་འཕྲུལ་ཙམ་ཟད་དོ། །
ཁྱོད་ཉིད་རྐང་པའི་རྩལ་གྱི་འཕྲུལ་འཁོར་ལ་བརྟེན་ནས། །
དབང་སྔོན་གོ་ལ་ཟླུམ་པོ་དབྱར་རྔ་བཞིན་བརྡུངས་བྱུང་། །
ཁྱོད་ཀྱི་མིག་ཆུ་རྡོག་གཅིག་མར་མར་དུ་ཐོར་ཚེ། །
ཁ་བའི་རྡུལ་གྱི་ལྷུན་པོ་ཡར་ཡར་དུ་འཕགས་བྱུང་། །
མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་རླབས་སྒྲ་དང་ལྷན་ཅིག །
མཚོ་བཞི་གླིང་ལྔའི་ཐལ་མོ་དྲག་ཆར་བཞིན་བརྡབས་སོང་། །
འཇོལ་མོ་སྨུག་གསེབ་གྲག་པའི་སྙན་འཇེབས་ཀྱི་རོལ་དབྱངས། །
རྐང་དྲུག་མེ་ཏོག་ཚལ་དུ་སྤྲོ་སྐྱིད་ཀྱི་གླུ་གར། །
མཁས་པས་སྡེབ་སྦྱོར་བཏགས་པའི་ཚིགས་བཅད་ཀྱི་ལྷ་རེག །
མཚམས་འདིར་ཁྱོད་ལ་མི་འབུལ་སུ་ཞིག་ལ་འབུལ་ལོ། །
ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

གངས་རིའི་སྲས་མོ།
—མཛངས་མ་ཞིག་གི་རླབས་ཆེན་མཛད་རྗེས།
—མཛངས་མ་ཞིག་གི་རླབས་ཆེན་མཛད་རྗེས།
དཔལ་མོ།
ཉེ་ལམ་སྐད་འཕྲིན་རྒྱབ་ལོག་ལ་མ་ཉུལ་བར་ཉིན་ཤས་འགོར་སོང་། དེ་རིང་ཉིན་གུང་སྡོད་ཤག་ནང་དུ་ངལ་གསོ་ཁར་སྐད་འཕྲིན་རྒྱབ་ལོག་ལ་རགས་ཉུལ་བྱེད་དུས། ད་སྐབས་ཧིང་ཀྲུའུ་གྲོང་ཁྱེར་དུ་ཡ་གླིང་ལུས་རྩལ་འགྲན་ཚོགས་བསྡུ་བའི་སྟེང་དུ་ཆོས་དབྱིངས་སྐྱིད་ལགས་ཀྱིས་རིང་ཚད་སྤྱི་ལེ༣༥ཅན་གྱི་འདུར་རྒྱུགས་འགྲན་སྡུར་ཁྲོད་དུ་གསེར་གྱི་རྟགས་མ་བླངས་པ་དང་ཆབས་ཅིག་ཏུ། ལོ་ངོ་བཅུ་གཅིག་ཡར་སྔོན་ལ་དབྱིན་ཇི་ལོན་ཏུན་གྲོང་ཁྱེར་དུ་འཛམ་གླིང་ཨོ་ལིམ་ཕིག་གི་ལུས་རྩལ་འགྲན་ཚོགས་སྐབས་སུ་ཐོབ་ཀྱང་མ་གནང་བའི་གསེར་གྱི་རྟགས་མ་དེ་ཡང་དངོས་སུ་ལེན་ཞོར་ཁོ་མོའི་མིག་ཆུ་བཞུར་བ་མཐོང་ནས་བདག་གི་མིག་ཆུ་ཡང་དབང་མེད་དུ་བཞུར་ཡོང་བའི་དུས་སྐད་ཅིག་དེ་ཉིད་ལ་རྩོམ་འདི་འབྲི་བའི་འདུན་པ་དྲག་ཏུ་གཡོས་བྱུང་། ཚོར་བ་ནི་དེ་འདྲའི་ངོ་མཚར་ཞིང་གཉོམ་པོ་ཞིག་སྟེ། ཚོར་འདུའི་སྣེ་རྩེ་དེ་དགའ་སྐྱོའི་བྱ་དངོས་གང་རུང་ལ་རེག་ཙམ་གྱིས་འབར་ཞུན་རྐང་གཅིག་མུ་ཟི་ལ་དྲུད་པ་ནང་བཞིན་དྲག་ཏུ་སྦར་ངེས་རེད། ཚོར་བ་ཆུ་ལོག་བཞིན་བྲུག་པའི་སྐབས་སུ་གཉིད་དང་ངལ་གསོ་མ་བསྟེན་པར་ཆོག་པའི་སྣང་བ་སྐྱེ་སྲིད།
ངས་བསམ་ན། ཆོས་དབྱིངས་སྐྱིད་ལགས་ཀྱིས་འཛམ་གླིང་གོ་ལ་ཟླུམ་པོའི་ལྟད་མོ་བའི་རྒྱ་མཚོ་གཡོ་བའི་མདུན་དུ་མིག་ཆུ་གཏོང་བ་ནི། རྒྱུ་འབྲས་ཀྱི་རྒྱ་མ་ལ་ཡོ་འཁྱོག་ཤོར་ཏེ་དཀར་ནག་གོ་འཛོལ་བྱུང་བའི་མི་ལོ་བཅུ་གཅིག་རིང་ལ་ཕངས་པས་མནར་བའི་སྐྱོ་གདུང་དང་གྱོང་ཁས་བཟོས་པའི་སེམས་གཅོང་གི་རག་ཁ་ཤོར་བ་ཡིན་སྲིད་ལ། རྒྱུ་འབྲས་ལ་མཐའ་ཡོད་པ་དང་དྲང་བདེན་གྱི་ཕུགས་བརྟན་པའི་གདམས་ངག་གང་དེའི་སྙིང་བཅུད་དང་རིག་གནས་གང་དེའི་བྱིན་རླབས་ལ་ཡིད་ཆེས་བརྟན་པོ་སྐྱེས་པའང་ཡིན་སྲིད། ང་ཚོ་དེ་ལས་ཀྱང་ཧ་ལས་དགོས་པ་ནི། མི་ལོ་བཅུ་གཅིག་རིང་ལ་གོ་སྐབས་མང་བོ་ཞིག་ཤོར་བར་ཡིད་ཕངས་ན་ཡང་སེམས་མ་ཕམ་པར་མུ་མཐུད་དུ་མདུན་ལ་བསྐྱོད་པར་བློ་བརྟན་པའི་ཁོ་མོའི་སྙིང་སྟོབས་དེ་མིན་ནམ། དེས་ན་ང་ཚོས་རྗེས་སུ་ཡི་རང་བྱེད་པ་ཙམ་གྱིས་མི་ཆོག་པར། ཁོ་མོར་ནམ་ཡང་བཀུར་བསྟི་བྱེད་འོས་ལ་ཁོ་མོའི་སྙིང་སྟོབས་དེ་ནམ་ཡང་མིག་དཔེར་འཛིན་འོས་པ་མིན་ནམ།
ད་ལྟ་བསམ་ན། བདག་གིས་ལོ་དུ་མའི་རིང་ལ་བོད་ཀྱི་ལོ་རྒྱུས་ཐོག་སྲིད་འབྱོར་རིག་གསུམ་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕྱག་རྗེས་ཡོད་པའི་གནའ་དེང་གི་བོད་མོ་སྐོར་ཞིག་གི་ལོ་རྒྱུས་མཛད་རྗེས་བྲིས་པའི་ལས་གཞི་དེ་ལ་ཆེད་མཁས་པ་ཁ་ཅིག་གིས་ཞིབ་བཤེར་གནང་རྗེས་མཇུག་བསྡུ་ཆོག་པའི་དགོངས་པ་མ་འཁྲོལ་བ་ཡང་གནས་ལུགས་མེད་པ་ག་ལ་ཡིན། ཁོང་ཚོས་མི་སྣ་སྐོར་ཞིག་ལས་གཞི་དེར་མི་འོས་ཚུལ་བརྗོད་པའི་རྒྱུ་མཚན་ལ། ཁག་ཅིག་ནི་ཆོས་ལུགས་མི་སྣ་ཡིན་པ་དང་། ཁག་ཅིག་ད་རུང་ལོ་གཞོན་པས་མདུན་ལམ་ཡངས་ཤིང་བཞུད་ལམ་རིང་ན། མ་འོངས་པར་སྔར་ལས་ལྷག་པའི་གྲུབ་འབྲས་གསར་བ་ཐོབ་སྲིད་པ་བཀོད་ཡོད། ཆོས་དབྱིངས་སྐྱིད་ལགས་ཀྱིས་རང་གི་མི་ཚེ་ལུས་རྩལ་བྱ་གཞག་ལ་བསྟིམས་ཏེ། འདས་པའི་ལོ་ཟླའི་ནང་རྒྱལ་ཁབ་དང་མི་རིགས་ལ་མཛད་རྗེས་བླ་མེད་བཞག་པར་མ་ཟད། ད་ཐེངས་ཡང་ངོ་མཚར་བའི་གྲུབ་འབྲས་གསར་བ་བླངས་པའི་གནས་ཚུལ་མཐོང་དུས། ཆེད་མཁས་པ་དག་གིས་བཏོན་པའི་བསམ་འཆར་ལ་གནས་ལུགས་ལྡན་པ་རྟོགས། ཡིན་ན་ཡང་མིག་ཆུ་དང་བསྡོངས་པའི་སེམས་ཚོར་གྱིས་རྩོམ་འདི་ཅིས་ཀྱང་ངས་འབྲི་འོས་པའི་བློ་སྐྱེས་པ་ནི་ང་རང་བུད་མེད་ཡིན་པ་དང་བོད་མོ་ཡིན་པས་མ་ཟད། ཡུལ་ཕྱོགས་གཅིག་པའི་མི་ཡིན་པས་ཀྱང་ངོ་། །
དེ་ཡང་སྤྱི་ཟླ་དགུ་བའི་སྨད་ལ་ཟི་ལིང་གྲོང་ཁྱེར་དུ་“སྐྲ་རིང་རྒྱལ་མོའི་ལས་གཏོད་”ཅེས་པའི་ཚོགས་འདུར་ཞུགས་དུས། བདག་གིས་སྐྱེས་པ་སྐོར་ཞིག་ལ། ད་ལྟ་ང་ཚོར་མཛེས་མ་ལས་མཛངས་མ་མཁོ་གལ་ཆེ་ཞེས་ཀུ་རེའི་ཚུལ་དུ་བཤད་པ་ཡིན། ལན་རེར་ཀུ་རེ་ནི་ཀུ་རེ་རང་མིན་ཏེ་ཀུ་རེ་དུང་གཏམ་ཟེར་བ་དེ་ཡིན།
མཛེས་མ་དང་མཛངས་མ་ཞེས་པའི་ཐ་སྙད་ལ་མནོ་བསམ་བཏང་ན། མཛེས་མ་ནི་བུང་བ་འཁོར་སའི་མེ་ཏོག་ཡིན་ལ། མེ་ཏོག་ནི་སྐད་ཅིག་ཙམ་གྱི་འཇའ་ཚོན་ལྟ་བུ་ཡིན། མཛངས་མ་ནི་རྩི་བཅུད་རྒྱས་སའི་ས་གཞི་ཡིན་ལ། ས་གཞི་ནི་འཛད་མཐའ་མེད་པའི་ལོངས་སྤྱོད་ལྟ་བུ་ཡིན། མཛངས་མ་ནི་ལྷན་སྐྱེས་སུ་མི་འོང་ལ་རྣམ་གཡེང་དང་རང་བདེ་དཔལ་ལ་རོལ་འདོད་ཀྱིས་ཀྱང་མི་འཁྱོངས་ཏེ། དེ་ནི་ཡང་ན་ལྷག་བསམ་གྱི་དར་དཀར་འཕྱར་ཏེ་རྣམ་དཀར་གྱི་དགེ་ལས་སྒྲུབ་མཁན་གླུ་མ་ཧན་ཧོང་ལྟ་བུ། ཡང་ན་ལས་ཀ་གང་རུང་ཞིག་ལ་ཤ་ཐང་དུ་རྒྱུན་འཁྱོངས་བྱས་ཏེ་གྲུབ་འབྲས་གཡུར་དུ་ཟ་བའི་མཁན་མོ་ཡོན་ཏན་ལྟ་བུ། ཡང་ན་དུས་ཡུན་རིང་བོའི་ནང་ལ་ཐོས་པ་དོན་དུ་གཉེར་བའི་མཁས་མ་གཡང་མོ་འཚོ་ལྟ་བུ། ཡང་ན་དཀའ་བ་སྣ་ཚོགས་ཁྱད་དུ་བསལ་ནས་ཕུགས་བསམ་རྩེ་གཅིག་ཏུ་སྙེག་མཁན་ཆོས་དབྱིངས་སྐྱིད་ལྟ་བུ། ཡང་ན་འཁོར་བའི་འདམ་རྫབ་ནང་དུ་ཡ་རབས་སྤྱོད་ལམ་དྲང་ཞིང་ཁྱིམ་གཞི་ཐབས་ཀྱིས་སྐྱོང་མཁས་ཀྱི་རླབས་ཆེ་བའི་ཨ་མ་མང་པོ་ལྟ་བུ་སོགས་ཏེ། ཁོ་མོ་ཅག་ལ་མཛངས་མའི་མཚན་སྙན་བསྒྲོན་འོས་པར་འདོད་ལ། ཆོས་དབྱིངས་སྐྱིད་ལྟ་བུ་ལ་ནི་དེ་བས་ཀྱང་གངས་ཅན་མཛངས་མ་དང་བོད་ཀྱི་སྲས་མོའི་མཚན་སྙན་གྱི་དབུ་རྒྱན་གནང་མི་འོས་ཞེས་སྨྲ་མཁན་སུ་ཡོད། ཁོ་མོས་མི་རིགས་འདི་དང་རྒྱལ་ཁབ་འདིའི་ལོ་རྒྱུས་ལ་བྱུང་མ་མྱོང་བའི་ཟིན་ཐོ་བཀོད་པ་ཡིན་པས། ཁོ་མོ་ལ་ནི་འཛམ་གླིང་གི་གློག་བརྙན་སྒྱུ་རྩལ་གྱི་སྟེགས་བུ་ཆེན་པོར་ལོ་རྒྱུས་ཀྱི་ཟིན་ཐོ་འགོད་མཁན། རང་རེ་བའི་སེམས་ཁོང་ན་གཏན་དུ་གནས་སྲིད་པའི། རྒྱལ་སྤྱིའི་འཁྲབ་འཁྲིད་པ་གྲགས་ཅན་ཁོང་ཉིད་དང་མཉམ་པའི་གོ་གནས་སྤྲད་ཆོག་སྙམ་སྟེ། ཁོ་མོ་ཡང་ཀྲུང་གོ་རྒྱལ་ཁབ་དང་གངས་ལྗོངས་ར་བ་འདི་ཉིད་ཁོ་ནའི་མ་ཡིན་པར་འཛམ་གླིང་གི་མི་སྣ་གྲགས་ཅན་དུ་གྱུར་པས་ཡིན། ཁོ་མོས་སྤྱད་པའི་དཀའ་བ་དང་བཏོན་པའི་རྔུལ་ཆུ་ནི་དུས་ཡུན་ཐུང་ཐུང་ཞིག་ཡིན་མི་སྲིད་དེ། གཞོན་ནུ་མ་ཞིག་གི་ལུས་དང་ལང་ཚོའི་བཟང་སྒང་བསྟིམས་པ་ཡིན་པས། དེ་ལ་སྙིང་སྟོབས་དང་སྡུག་རུས་ག་འདྲ་དགོས་ངེས་ཡིན། འདི་ནི་ཀྲུང་གོའི་ལོ་རྒྱུས་སུ་བོད་པ་ཞིག་ཨོ་ལམ་ཕིག་གི་ལུས་རྩལ་འགྲན་ཚོགས་སུ་ཞུགས་ཏེ་དགའ་རྟགས་ཨང་དང་པོ་ཐོབ་མཁན་ཐོག་མ་ཡིན་ལ། འཛམ་གླིང་ལོ་རྒྱུས་སུ་བོད་མོ་ཐོག་མའང་ཡིན་ན། བོད་པ་རྣམས་ལ་མཚོན་ན། འཛམ་གླིང་གི་ནོར་རྦེལ་དགའ་རྟགས་ཐོབ་པའི་གཟི་བརྗིད་དང་ཅིས་མི་མཚུངས།
ཆོས་དབྱིངས་སྐྱིད་ཀྱིས་མིའི་རིགས་ལ་མཛད་རྗེས་འཇོག་ཚུལ་དང་ཕྱི་རབས་པར་མིག་དཔེ་སྟོན་ཚུལ་ནི་དལ་འབྱོར་ལ་རིན་ཐང་ལེན་ཚུལ་ཡིན་པས། ཁོ་མོའི་ལང་ཚོ་འོད་དུ་འཚེར་ཞིང་མི་ཚེ་རབ་ཏུ་བརྗིད།
གངས་རིའི་སྲས་མོ། སྙིང་རུས་དང་ལ་རྒྱ་ལྡན་པའི་བུ་མོ། ང་ནི་ཁྱེད་ལ་རྩིས་ཐང་ཆེ་ཞིང་། ཁྱེད་ཀྱི་མི་ཚེའི་བཞུད་ལམ་ཐོ་རུ་འགོད་མཁན་ཞིག་ཡིན། ངས་འདིར་སྙིང་ཐག་པ་ནས་ཁྱེད་ལ་རྟེན་འབྲེལ་ཞུ་བ་དང་ལྷན་ཅིག་ཏུ། སང་ལོའིParisལུས་རྩལ་ར་བ་ཆེན་པོའི་འགྲན་རྩོད་ཀྱི་གཡུལ་ལས་ཁྱེད་རང་ཡང་བསྐྱར་རྣམ་པར་རྒྱལ་བར་སྨོན་འདུན་ཞུ། །
ཞེས༢༠༢༣ལོའི་སྤྱི་ཟླ་བཅུ་བའི་ཚེས་ལྔའི་མཚན་མོར་གཡུ་གྲོང་དུ་བྲིས།
ཁྱོད་ནི་བོད་པའི་རུས་རྐང་ནས་ཡུན་རིང་མ་མངོན་པའི་ཕྲ་ཕུང་དེ་ཡིན།
ཆེས་ཐོག་མར་ཨོ་ལིན་ཕིག་གི་བར་སྣང་ནས་ང་ཚོའི་འོད་སྣང་མེ་རུ་སྦར་ལ།
དེ་ལས་ཀྱང་བཀྲག་མདངས་དང་གཟི་བྱིན་ལྡན།
ཁྱོད་ནི་གངས་རི་དཀར་པོས་བྱིན་གྱིས་བརླབས་པའི་རྒྱལ་མཚན་གྱི་རྩེ་མོ་དེ་ཡིན།
རྒྱང་རིང་གི་ཡོ་རོབ་ནས་ལྷབ་ལྷུབ་གཡོས་པས།
གོ་ལ་ཧྲིལ་བོར་ཡིག་དྲུག་གི་འཛུམ་ཞལ་མཐོང་དུ་བཅུག
ངས་བརྙན་འཕྲིནགྱི་ཁུང་མིག་ནས།
ཁྱོད་ཀྱི་ལུན་ཏུན་ནས་བཞུར་བའི་མིག་ཆུ་མཇལ་བྱུང་།
དེ་ནི་སྐུ་བླ་དར་མདོང་གི་འཁྱག་ཞུན་ཡིན་སོང་།
ཁྱོད་ཀྱི་བཞུར་བ་ནི་ལོ་རྒྱུས་ཡིན་ལ།
དེས་རྨོངས་གཉིད་ཁྲོད་བོར་བའི་ཕ་བོང་ཞིག་གི་སྙིང་ཁོང་བརྟོལ་སོང་།
ངས་ཁྱོད་ལ་ནུ་མོ་ཞེས་ཐེངས་གཅིག་འབོད་འདོད།
ཁྱོད་ཀྱི་སྙན་ངག་ལྟ་བུའི་མཚན་ཐོ་དེ།
དབྱིན་ཀི་ལན་དང་ཀི་ལིན་བེ་ཀྲི་ནས།
ཕ་ཡུལ་གྱི་ནམ་མཁའ་རུ་ལྷང་ངེར་གྲགས་དུས།
ང་ཚོའི་མི་ཡུལ་གྱི་ལྷ་མོ་སྟེ།
ཁྲི་ཤོར་རྒྱལ་མོའི་མཐོན་མཐིང་ཁྲོད།
ཁྱད་མཚར་བའི་རླབས་ཕྲེང་རིམ་པ་ཞིག་གཡོས་སོང་།
ཁྱོད་ནི་ཁྱོད་ཀྱི་ཨ་ཕས་རླུང་རྟ་སྤུར་སྐབས་ཀྱི།
བར་སྣང་ན་འཕུར་བའི་ཆེས་མཐོ་ཤོས་དེ་ཡིན་ལ།
ཁྱོད་ནི་ཁྱོད་ཀྱི་ཨ་མས་དགོ་དགོ་བཞོ་དུས་འགུགས་པའི།
ཆེས་སྙན་པའི་བཞོ་དབྱངས་དེ་ཡིན།
ཆོས་དབྱིངས་སྐྱིད།
ཨ་ལྡོང་དཔལ་རྡོ་ཐར།

གངས་རིའི་བུ་མོ་ཆོས་དབྱིངས་སྐྱིད།
ཨ་ཏའི་བུ་རྒྱུད།
མཐོ་སྒང་འབྲོག་ཡུལ་མདའ་བཞི་གཡང་གི་སྡེ། །
གཡང་གི་ཁ་རྒྱན་འབྲོག་མོ་ཆོས་དབྱིངས་སྐྱིད། །
བོད་ནས་འཛམ་གླིང་ཨོ་རྩལ་འགྲན་ཚོགས་སུ། །
མུ་ནས་ཐེངས་གསུམ་ཞུགས་པའི་ཐོག་མ་རེད། །
ཡ་གླིང་འདུར་རྒྱུག་ཟིན་ཐོ་བཏོད་ནས་བཟུང་། །
དུང་ཕྱུར་དུ་མའི་ཡིད་དབང་ཀུན་ནས་འཕྲོགས། །
ཁྱེད་ཀྱི་རྒྱལ་ཕམ་རིགས་དང་རྒྱལ་ཁབ་འདིའི། །
ཐུན་མོང་ང་རྒྱལ་ཡིན་ཞིང་གཟི་བརྗིད་ལགས། །
གོམ་ཆུང་རེ་རེར་སྨོན་འདུན་ཁྲི་ཕྲག་འཛོམས། །
གོམ་འགྲོས་རེ་རེས་རེ་བཞག་འབུམ་ཕྲག་ཁུར། །
གོམ་གསུམ་སྤོས་ན་སེམས་ལ་དགའ་བདེ་སྟེར། །
གོམ་ཁ་ཡངས་པའི་ཁྱེད་རང་ཡང་ཡང་བསྟོད། །
འབོད་སྐུལ་མི་དགོས་སྤུན་ཟླའི་རྒྱབ་སྐྱོར་འདུ། །
གདན་ཞུ་མི་དགོས་སྨྱན་སྦྱོར་མགྲོན་དུ་འཁོར། །
དྲང་བདེན་གཏའ་མར་བཞག་ནས་ཀྲུང་གོ་ཡི། །
འཐུས་ཚབ་བྱེད་ནུས་དཔའ་མོ་ཁྱེད་ལ་འདུད། །
དཀའ་བའི་སྦྱོང་བརྡར་རྒྱུན་གྱི་བརྩོན་པ་ཡིས། །
འདུར་རྒྱུག་ལོ་རྒྱུས་གསེབ་ཏུ་བོད་མིང་བཀོད། །
གསེར་དངུལ་རྟགས་མ་ཁྱིམ་གང་ཐོབ་པ་དེས། །
དཔལ་དུ་སྒེག་པའི་ཁྱེད་རང་མངོན་པར་སྤྲས། །
ཁྱེད་ཀྱི་སྙིང་སྟོབས་ཆེན་པོས་ངོ་མཚར་བསྐྲུན། །
ཁྱེད་ཀྱི་རུས་ཞེན་ཟབ་མོར་མཚན་སྙན་འབར། །
དབྱངས་གསལ་མ་བསྐྱུར་ཕུགས་འདུན་མ་བརྗེད་པའི། །
གངས་ལྗོངས་ལུས་རྩལ་རྒྱལ་མོ་གུས་པར་འོས། །
བསམ་པའི་དོན་ལ་གྲུབ་པའི་རྒྱལ་མཚན་མཐོ། །
འདོད་པའི་ལས་ལ་སྨིན་པའི་འབྲས་བུ་འཕྱུར། །
མ་འོངས་རྒྱལ་སྤྱིའི་འགྲན་སྡུར་གང་རུང་ནས། །
ཁྱེད་འདྲའི་གངས་ཕྲུག་མང་པོ་མཐོང་བར་ཞུ། །

ཟླ་ཚེས་བཟང་པོར་གསེར་དངུལ་རྩྭ་ཐང་དུ།
ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།
གངས་རིའི་བུ་མོ་ཨ་ཅག་ཆོས་དབྱིངས་སྐྱིད།
ཨ་བུ་འཇམ་བྷེ།
མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་གཡས་ཕྱོགས་ཀྱི། །
དཀར་ནག་ཕྱུགས་ཀྱི་འབྲོག་སྡེ་མདའ་བཞི་ཡི། །
ཨ་མའི་འོ་མས་གསོས་བའི་ཆོས་དབྱིངས་སྐྱིད། །
ཆོལ་གསུམ་ཁ་བ་དཀར་པོའི་མཛངས་མ་ཡིན། །
དྲང་བདེན་གཤིས་ཀྱི་སྤྱོད་པ་གཙང་མ་ཡིན། །
རྒྱལ་ཁའི་གསེར་གྱི་རྟགས་མ་ལྷད་མེད་ཡིན། །
གངས་རིའི་བུ་མོ་ཨ་ཅག་ཆོས་དབྱིངས་སྐྱིད། །
ཁ་བ་གངས་རིའི་ལྗོངས་ཀྱི་གཟི་བརྗིད་ཡིན། །
དཀར་པོ་ཆོས་ཀྱིས་བཞེངས་བའི་ཁ་བའི་ཞིང་། །
འཛམ་གླིང་ཨོ་རྩལ་ཞུགས་པའི་ཐོག་མའི་བོད། །
རྒྱལ་ཁའི་གསེར་གྱི་རྟགས་མ་གཉིས་རེ་ཐོབ། །
ཨ་ཅག་ཆོས་དབྱིངས་སྐྱིད་ལ་རྟེན་འབྲེལ་ཞུ། །
མཚོ་བྱང་མདའ་བཞིའི་ཕུལ་བྱུང་ལུས་རྩལ་པ། །
གསེར་དངུལ་ཐང་གི་འབྲོག་མོ་གཤིས་ཡག་མ། །
ཉིན་གཅིག་གསེར་གྱི་རྟགས་མ་གཉིས་ཐོབ་པའི། །
འཛམ་གླིང་ལོ་རྒྱུས་གསར་བ་ཆོས་དབྱིངས་སྐྱིད། །
དད་པའི་བྱིན་གྱིས་རླབས་པའི་མཐུ་སྟོབས་དང་། །
རང་གི་སྙིང་རུས་སྤོབས་བའི་རྩལ་སྤྲུགས་བཅས། །
ཨོ་རྩལ་གསེར་གྱི་སྟེགས་བུའི་ཆོས་དབྱིངས་སྐྱིད། །
འཛམ་གླིང་ལུས་རྩལ་ཚོགས་པའི་མིག་དཔེ་ཡིན། །
འཛུམ་པའི་སྨིན་མའི་འོག་གི་མིག་ཟུང་ལས། །
སྙིང་རྗེ་འོད་དུ་འཚེར་བའི་ཆོས་དབྱིངས་སྐྱིད། །
མི་སེམས་གཉོམ་པའི་མཆི་མའི་ཟིལ་བ་ཅན། །
འཛམ་གླིང་ཨོ་རྩལ་ཐང་གི་ཆོས་དབྱིངས་སྐྱིད། །
གངས་ཀྱི་མུ་ཁྱུད་དཀར་པོ་གསེར་ཏོག་ཅན། །
དྭངས་བའི་བླ་མཚོ་ཕྱུག་མོ་ཁྲུང་ཁྲུང་ཅན། །
གཞིས་ཀྱི་མཐིང་སྨུག་མགོ་སྦྲ་གྲུ་བཞི་ཅན། །
ཨ་ཅག་ཆོས་དབྱིངས་སྐྱིད་ཀྱི་ཕ་ཡུལ་ཡིན། །
ལོ་གྲངས་བཅུ་གཅིག་སྔོན་གྱི་ལོན་ཏོན་གྱི། །
ཨོ་རྩལ་རྒྱལ་ཁའི་གསེར་གྱི་རྟགས་མའང་།།
ཨ་ཅག་ཆོས་དབྱིངས་སྐྱིད་ལ་ཐོབ་མོད་ཀྱང་། །
རྒྱབ་རྩ་དཔུང་ཡ་གཉོམ་པས་ཡུན་རིང་ལུས། །
གངས་རིའི་བུ་མོ་ཨ་ཅག་ཆོས་དབྱིངས་སྐྱིད། །
བལ་བོའི་གོས་ཆེན་ཐེར་མ་མ་གོན་ཆོག །
རྒྱ་མཚོའི་བྱུ་རུ་དམར་ཆུང་མེད་ན་མེད། །
རྒྱལ་ཁའི་གསེར་གྱི་རྟགས་མའི་ཡག་ན་མེད། །
ཁ་བ་གངས་རིའི་ཨ་ཅག་ཆོས་དབྱིངས་སྐྱིད། །
འདུར་རྒྱུག་གོམ་ཁ་སྔར་ལས་ཡངས་བར་སྨོན། །
རྒྱལ་ཁའི་གསེར་གྱི་རྟགས་མའི་དངོས་གྲུབ་མ། །
སྐུ་བདེ་ཐུགས་སྐྱིད་ཡོང་བའི་སྨོན་ལམ་འདེབས། །

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།