དཔེ་ཅན།
རྩོམ་པ་པོ།:དུང་བུ་ཆོས་འབུམ་རྒྱལ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2026-01-14 08:55:32
ཀློག་གྲངས།:
དཔེ་ཅན་ནི་ངས་སྙན་ངག་གི་བདག་པོ་ཡིན་པར་བསམས་ཏེ་སྐད་ཅིག་རིང་དྲན་ཤེས་ཀྱིས་མ་ཟིན་པའི་དཔེ་ལ་གཡེང་དུས། སྙན་ངག་མ་བྲིས་པར་དུས་ཡུན་རིང་པོ་ཞིག་ཕྱིན་ཚར། སྙན་ངག་མ་བྲིས་པའི་ལོ་ཟླ་དེ་དག་ལ་ཆགས་སྡང་གི་འགྱུ་བ་ཧ་ཅང་ཞན་པའང་མ་ཡིན་པར། སྐབས་ཤིག ཡང་དང་ཡང་དུ་རྒྱུས་མེད་པའི་ཁུ་སིམ་ལ་ཐིམ་ནས་ཕལ་ཆེར་གཉིད་ལ་ཉེ་བ་ནི། བརྡ་དང་ཐ་སྙད་ཀྱི་རྩ་རྒྱུས་ཡིན་པ་ལྟར། དཔེ་ཅན་གྱི་འཇིག་རྟེན་འདིའི་དངོས་པོ་ཞིག་གི་མིང་ནས་འཛིན་དགོས་ཚེ། དེའང་ཧ་ཅང་དཀའ་བར་གྱུར་བ་ཅི་ཁག་གམ།
ངས་མཐོང་སྣང་གི་བྱ་དངོས་ཡོད་ཚད་ཀྱི་མིང་ལ་དོགས་པ་ཟོས་ཏེ། བག་ཆགས་ལ་བསྒོས་པའི་ཁ་དོག་དེ་ནི་ཅི་ཡང་མིན་པས་སམ། རྨི་ལམ་དུ་ཁ་དོག་གི་སྣང་ཚུལ་ཡོད་དམ་མེད་པའི་མནོ་བསམ་ཟབ་མོ་དེའི་ཐད་ང་རང་སྔར་ལས་སྟོང་འདང་གིས་དཔྱངས་ཀྱང་། དཔེ་ཅན་གྱི་སྒྲིབ་པས་ཡོངས་སུ་སངས་པའི་དངོས་ཡོད་འདི་ཧ་ཅང་གསལ་བ་ནི། ཁ་པར་ངོས་ཀྱི་ཡི་གེ་དང་གྱང་ངོས་ཀྱི་འདྲ་པར་ལ་བལྟས་པས་ཤེས།
ངས་དམིགས་བསལ་དུ་དཔེ་ཅན་ཞེས་པའི་ཐ་སྙད་འདིའི་མཚན་ཉིད་དང་འགྲེལ་བ། རིགས་དབྱེ་སོགས་ལ་སློབ་སྦྱོང་མ་བྱས་པས། ཡིད་ལ་དྲན་རྒྱུ་ཅི་ཞིག་ཡོད་སྲིད། ཆེས་ཐོག་མར་སྙན་ངག་གི་བསླུ་བྲིད་དང་བསྡོངས་ཏེ་ཡོད་ཚད་དཔེ་ཅན་ལ་འབྲེལ་བ་ཡོད་པར་གྱུར་པ་ནས་བཟུང་། ངའི་འཇིག་རྟེན་གྱི་ངོས་འཛིན་ཇེ་གསལ་ཇེ་གསལ་དང་ལྷན་དུ། བརྩེ་བ་རིགས་ཤིག་དང་ཆགས་སྡང་རིགས་ཤིག་ཀྱང་ཇེ་རྒྱས་སུ་གྱུར་ནས། ན་ཚོད་ཀྱི་འགྱུར་བ་ཕྲ་མོས་བསྐྱེད་པའི་སྐད་གདངས་དང་ཉམས་འགྱུར། ཚོར་སྣང་སོགས་ལ་འགོག་ཐབས་མེད་པར། ཕ་ཡུལ་དང་ཕུ་ནུ། རིགས་མཐུན་དང་སྤུན་ཟླ། སྙིང་གྲོགས་དང་མཛའ་མོ་ལ་སོགས་གཞིས་ཆགས་སུ་གྱུར་པ་ནི་དཔེ་ཅན་ཞེས་པའི་གོ་བ་དེ་ངོ་མ་ཡིན་པ་ལྟར། ཡོད་ཚད་དཔེ་འཇོག་ནས་བརྩམས་ཏེ་ཚུར་འཕོས་པ་རེད་བསམས་ཀྱང་། དེའང་མ་ཡིན་པར། ང་རང་སྐྱེས་པ་ནས་དཔེ་ཅན་གྱི་ཆ་ཤས་སུ་གྱུར་ཡོད་པ་ཡིན་ནམ།
དཔེ་ཅན་གྱི་འཇིག་རྟེན་ཞིག་གྲུབ་པའི་བརྒྱུད་རིམ་དེ་ལ་སྐད་དང་ཡི་གེ་ནི་མེད་དུ་མི་རུང་བ་ལྟར། ད་ལྟ་ད་དུང་ཡང་ངའི་དྲན་ཤེས་ཀྱི་ཀློང་ཡངས་ནས་རང་གི་སྐད་དང་ཡི་གེ་དང་དེའི་བག་ཆགས་ཡོད་ཚད་བསུབ་པའི་དབང་དུ་བཏང་ན། ད་གཟོད་དཔེ་ཅན་ལ་འབྲེལ་བ་མེད་པའི་བརྩེ་དུང་དང་ཞེན་ཆགས། སྨོན་འདུན་དང་སྐྱོ་ཡུས་སོགས་ལ་ཅི་ཞིག་དབང་ངམ། མགྱོགས་འཕྲིན་ལ་རྩེན་པའི་པར་རིས་སྣ་ཚོགས་དབང་ངམ། འོན་ལྐུགས་སུ་གྱུར་པའི་མི་ཞིག་གི་མིག་ལམ་དུ་བབ་ཆགས་བརྟན་བརླིང་གིས་ཡོད་པ་ནི། བརྙན་འཕྲིན་དང་པར་རིས། ཁང་པ་དང་རླངས་འཁོར། གཞུང་ལམ་དང་ལྗོན་པ། གློག་སྐུད་དང་ནམ་མཁའ་སོགས་ཡིན་ན། དཔེ་ཅན་ལའང་མི་དེའི་མིག་ནང་གི་ཕ་མའི་གཟུགས་བརྙན་ཙམ་གྱིས་མི་ཆོག་པ་ཅི་ཡོད། སྐད་ཆའི་གཏིང་རིམ་ཞིག་ནས་འབྲེལ་ཚར་བའི་སྐྱེ་བ་སྔོན་མ་དེ་སུ་ཡིས་ཤེས་སམ། མི་ཤེས་ནའང་མི་དག་དཔེ་ཅན་གྱི་གཞིར་བཞག་གིས་འཚོ་བཞིན་ད་གཟོད་གླུ་ལེན་ཤེས་པར་བསམས་ན། ང་རང་དགའ་ས་སྐད་དང་ཡི་གེའང་མིན་པར་ཡ་ཆུང་གི་ག་ཤེད་ཅིག་ནས་དབང་མེད་དུ་བརྡོལ་བའི་ཀི་སྒྲ་རིང་མོ་དེ་དང་ངུ་སྐད་འཛེར་པོ་དེ་ཡིན་པ་འདྲ།
དཔེ་ཅན་གདོང་དང་དཔེ་ནི་པདྨ་ཞེས་བཙན་གྱིས་ཕྱེ་བའི་ས་མཚམས་ཤིག་ཏུ་རྐང་རྡུལ་ལང་ལོང་གིས་དཀྲོགས་པའི་སྐྱ་རེངས་ཀྱི་ནམ་མཁའ་གཅིག་གཉིས་གཅིག་གི་གོམ་སྟབས་དང་ལྷན་དུ་ཚུར་ལ་ཡོང་དུས་དམའ་འབྲིང་གི་སྐབས་ཤིག་སྟེ། མཛེས་མ་ཁྱོད་ཀྱི་ནུ་མ་དང་དཔྱི་ཡི་བར་གྱི་སྐེད་པ་ནི། ཡོད་དམ་མེད་ཅེས་འཕྱང་མོ་ཉུག་པའི་གླེན་བཤད་དེ་ནས་བཟུང་། དཔེ་ཅན་གྱི་ཡུལ་དུ་ལུས་ནས་བྱ་དེ་ཁྲུང་ཁྲུང་དཀར་མོ་ལ་གཤོག་རྩལ་ཡང་ཡང་གཡར་མྱོང་ཨང་། ཕྱིར་འདང་རེ་བརྒྱབ་ན་དཔེ་ཅན་དེ་དེ་ལྟར་ལུས་སོང་བའི་ལོ་དང་ཟླ་བའི་བར་གསེང་གི་དྭངས་གསལ་ཆུ་ངོགས་ཀྱི་ཟླ་བ་རང་ཡིན་ན། དང་པོ་ན་ཆུང་གི་བརྩེ་དུང་དེར་ཅི་བྱ། ད་ནི་དགའ་ཞེན་དང་སྐྱེན་འགྱུར། རྣམ་རིག་དང་སྤྲོ་སྣང་ཡོངས་རྫོགས་སུ་ལ་བྱིན་རྗེས། དཔེ་ཅན་ཤི་སོང་ཞེས་བཤད་ན། ཁྱོད་ང་ལ་དགའ་བཞིན་མི་འདུག་ཅེས་པའི་རྡོ་ལོག་འདི་སུའི་མིད་པ་ནས་ཞུ་འགྲོ། ང་སྐྲག་གིན་ཡང་མེད་པར་དངངས་བཞིན་པ་ལྟར། ཁེར་རྐྱང་ཞེས་པའི་དུངས་བརྗོད་སྙན་ངག་ཅིག་བྲིས་ཚེ། གཞི་ནས་དཔེ་ཅན་གྱི་ཕ་ཡུལ་དུ་ལོག་ཐུབ་ཀྱང་། སྔགས་མཐུ་ཡལ་བའི་ལམ་ཕྲན་ཐེད་པོ་དང་གློག་འོད་གཉོམ་པོ། རླངས་འཁོར་ཟད་པོ་དང་ཁང་བརྩེགས་མཁྲེགས་པོ་འདི་དག་གི་བར་ནས་རིག་པ་བསྐྱར་དུ་མ་སྒྲིམ་ན་མིང་ཡལ་བའི་བྱ་དངོས་ཡོད་ཚད་དཔེ་ཅན་ལ་འབྲེལ་བ་ཅི་ཡང་མེད་དམ།
ད་ལྟ་དཔེ་ཅན་དུ་འཇོག་འོས་པའི་མིང་དང་ཐ་སྙད་ཡོད་ཚད་བརྗེད་པར་གྱུར་པ་ལྟར། མཐའ་འཁོར་དུ་བལྟས་ཚེ།ཡོད་ཚད་ཁུ་སིམ་མེར་དྲན་རྒྱུ་ཅི་ཡང་མི་འདུག དྲན་རྒྱུ་ཅི་ཡང་མེད་དུས་ཅོག་ཙེའི་ཚུགས་ཀ་མིག་ལ་ལྷུང་ཡང་། མིང་གི་གཟུགས་བརྙན་ཤར་ཙམ་མེད་པས། དཔེ་ཅན་ལ་སྐལ་བའི་བར་སྟོང་དེ་གློག་རླབས་ཀྱིས་བསབས་པ་ལྟར། ཁ་པར་གྱི་དྲ་རྒྱར་འཕྱོ་བའི་ངོ་གདོང་མང་པོ་གཅིག་རྗེས་གཉིས་ཀྱིས་ཚུར་ལ་འབྱར་ནས་དཔེ་ཅན་གྱི་དོན་ཞིག་འཛིན་དགོས་ན། ཚེ་བྷ་ཁྱི་རྒན་ཞེས་ཁ་ནས་ཤོར་བ་སེམས་ལ་ཞག་པ་དེ་ཡིན་ངེས། །

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།

青公网安备63252102000006号