ངོས་དང་པོ > རྩོམ་རིག > དེང་རབས་བརྩམས་ཆོས། > འགྱུར་མེད་རབ་བརྟན་གྱིས་བསྒྱུར་བའི་ལུག་ཚེ་ཐར་ཞེས་པའི་བརྩམས་སྒྲུང་།
འགྱུར་མེད་རབ་བརྟན་གྱིས་བསྒྱུར་བའི་ལུག་ཚེ་ཐར་ཞེས་པའི་བརྩམས་སྒྲུང་།
རྩོམ་པ་པོ།:འགྱུར་མེད་རབ་བརྟན་གྱིས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2012-08-22 11:16:00
ཀློག་གྲངས།:
“ཕོ་འབྲས”ཟེར་བའི་ཡིག་འབྲུ་གཉིས་པོ་ངའི་མིག་ལམ་དུ་མངོན་བྱུང་བས་སྙིང་གློ་བུར་དྲག་ཏུ་ལྡིང་བར་བྱེད། ངས་སེམས་སུ་འཆི་བདག་རང་དང་ཤིན་ཏུ་ཉེ་བས་ང་ཤི་སོང་ན་ལུག་ཚེ་ཐར་ཇི་ལྟར་བྱེད་བསམས་བྱུང༌། ཞེན་ཆགས་དེས་ངའི་སེམས་ཁམས་ཉོག་འཛིངས་སུ་བཏང་ནས་དྲན་འཕྲུལ་སྣ་ཚོགས་འབྱུང་མགོ་ཚུགས། ངས་འཆི་ཁར་རང་ཉིད་ནི་ཞེན་མེད་ཆགས་མེད་ཅིག་ཏུ་སྒྱུར་མི་ཐུབ་པ་ཤེས་སོང༌། ངས་སྨན་པར་ཅེ་རེ་ལྟ་བཞིན“ང་ད་དུང་ཉིན་ག་ཚོད་ལ་འཚོ་ཐུབ་བམ”ཞེས་དྲིས། སྨན་པས“གདེང་ཚོད་མི་འདུག སྨན་བཅོས་ལེགས་པོ་བསྟེན་ན་སྨན་བཅོས་མ་བསྟེན་པ་ལས་ལྡབ་འགྱུར་གྱིས་བཟང”ཞེས་ཟེར། ང་སྨན་ཁང་དུ་སྡོད་མི་རུང༌། སྨན་ཁང་དུ་བསྡད་ཚེ་ཉིན་ལྟར་ངའི་ལུས་སྟེང་དུ་སྨན་ཆུ་མང་བོ་གཏིག་ངེས་ཏེ། དེ་ལྟར་བྱས་ན་ངའི་ཚད་ཡོད་པའི་དུས་ཚོད་ནི་སྨན་ཁང་ལས་ཟད་འགྲོ། ད་དུང་ཉིན་རྒྱུན་སྐོར་བར་འགྲོ་མི་ཐུབ་ཅིང་ལྷ་ལའང་མཆོད་འབུལ་བྱེད་མི་ནུས། དེ་ལྟ་བས་ན་ངའི་ལུས་པོ་མ་འཇིག་གོང་དུ་སེམས་པ་རྒ་ཤི་ཐེབས་འགྲོ་བ་ཡིན། དེ་བས་ངས“སྨན་པ་ལགས། དེ་རིང་ང་ལ་ན་ཟུག་འཇོག་བྱེད་ཀྱི་སྨན་ཁབ་ཅིག་རྒྱོབས་དང༌། ང་ནང་དུ་ལོག་ནས་ཁྱིམ་དོན་ཐག་གཅོད་བྱས་རྗེས། སང་ཉིན་སྨན་ཁང་དུ་སྡོད་པར་འོངས”ཞེས་དོན་དེ་ལ་གཟུར་ཆེད་སྨན་པར་རྫུན་གཏམ་མགོ་བརྩམས། སྨན་པས་ཕལ་ཆེར་ངའི་ཐབས་ངན་དེའི་ཕུགས་དོན་ཧ་གོ་སོང་བ་འདྲ་བས“ཁྱོད་ཀྱིས་རང་སྲོག་རྩེ་སྤྱད་མ་བྱེད”ཅེས་བསླབ་བྱ་གནང་བྱུང༌། ངས་ཁས་ལེན་དང་དམ་བཅའི་སྐད་ཆ་མང་རབས་ཤིག་བཤད་མཐར་གཞི་ནས་སྨན་ཁང་དང་གྱེས་ཐུབ་པ་བྱུང༌།
ལུག་གིས་ཁྱིམ་མཚེས་ཚོས་ང་བསྐྱོར་ནས་ཡོང་པ་མཐོང་བས་བྲེལ་མྱུར་གྱིས་ཡར་ལངས་ཏེ་ངའི་གན་ལ་བཅར་བྱུང༌། ངན་རྟགས་ཤོར་པའི་མིག་ཆུ་རང་དབང་མེད་པར་མིག་རྐོང་ལས་བཞུར་འོངས་ནས་ངའི་གཉེར་མའི་ཁེངས་པའི་ངོ་གདོང་བརླན་པར་གྱུར། བཟང་མོར་མཚོན་ན་ཡང་དེ་ལྟར་ང་ཚོས་སྨན་ཁང་ནས་བསྐྱོར་ཡོང་བ་ཡིན་ལ། མཐའ་མཇུག་གི་དབུགས་རྟ་རྔ་འདྲ་བོའང་རང་ཁྱིམ་དུ་ཆད་པ་རེད། ངས་དེ་ལྟར་མིག་ཆུ་བཏོན་པ་ནི་ཡག་པོ་ཞིག་ཏུ་སོང་མེད་དེ། ཁྱིམ་མཚེས་ཚོས་ང་འཆི་བར་སྐྲག་འདུག་སྙམ་ངེས། ཁོ་ཚོས་ཁྱོད་གཞོགས་སུ་གཡུགས་ཏེ་ང་ཁྱིམ་དུ་བསྐྱལ། ངས་ཁྱོད་ཀྱི་མིག་ཆུ་འཁོར་བའི་མིག་ཟུང་དང་ཐུར་དུ་སྒུར་བའི་མགོ་བོ་མཐོང་སོང༌། ཁྱིམ་མཚེས་ཚོས་ངའི་མཐའ་རུ་བསྐོར་ཏེ་སང་ཉིན་སྨན་ཁང་དུ་འགྲོ་དགོས་པའི་སྐུལ་མ་གནང༌། འགའ་རེ་ད་དུང་རང་ཁྱིམ་དུ་བརྒྱུགས་ཏེ་ང་ལ་བྱ་སྒོང་དང་འབྲི་མར། ཚག་ཤ་སོགས་ཁྱེར་ཡོང་ལ། ཁོ་ཚོས་ད་དུང་ཁྱོད་ལ་བྱམས་སྐྱོང་བྱེད་ངེས་ཀྱི་ཁས་འཆེས་བྱུང༌། སྐད་ཆ་དེ་དག་གིས་ངའི་སེམས་ཀྱི་ཁུར་བོ་ལྡབ་འགྱུར་གྱིས་ཇེ་ཡང་ལ་བཏང་སོང༌། ཁྱིམ་མཚེས་ཚོས་བདག་ལ་ངལ་ཡག་པོ་ཞིག་གསོ་རུ་འཇུག་ཆེད་སྔ་གཞུག་བྱས་ནས་རང་རང་གི་ཁྱིམ་བསྙེགས་སོང༌།
ངས་སྒེའུ་ཡོལ་འཐེན་ཞིང་གློག་སྒོ་ཕྱེ། ཕོ་བར་ད་དུང་ན་ཟུག་ཏོག་ཙམ་འདུག ངས་ཁྱོད་ཁྱིམ་དུ་ཁྲིད་འོངས་ནས་རང་ཉིད་ཤིང་གི་མལ་ཁྲིའི་སྟེང་དུ་བསྡད། ཁྱོད་ངའི་རྐང་བའི་འཁྲིས་སུ་ཉལ་ཞིང་མགོ་བོ་བཀྱགས་ཏེ་ང་ལ་བལྟས་འདུག ངས་ཁོག་སྟོད་ནང་དུ་བཀུག་ནས་ཁྱོད་ཀྱི་ལུས་པོར་འཕྲུག་པ་ལ། ཁྱོད་ནི་ཡིད་ཚིམས་ཏེ་མིག་ཟུང་བཙུམས་ནས་བསྡད་བྱུང༌། ངས་ཡིད་འགུལ་ཐེབས་པའི་ངང“རང་ཉིད་དུས་ནམ་ཞིག་ལ་གློ་བུར་དུ་ཤི་འགྲོ་བ་མི་ཤེས་པས། གསོན་པའི་དུས་སུ་ངས་ཁྱོད་ཁྲིད་ནས་དགེ་བ་མང་བོ་སྒྲུབ་ཅི་ཐུབ་བྱེད། དེ་ལྟར་བྱུང་ན་ཁྱོད་ཀྱི་ལས་ངན་པའི་སྡིག་སྒྲིབ་དག་ནས་སྐྱེ་བ་ཕྱི་མར་བདེ་འགྲོའི་གནས་སུ་སྐྱེ་སྲིད། གལ་ཏེ་ང་ཤི་ནའང་ཁྱོད་རྒས་ནས་འཆི་བའི་བར་དུ་ཁྱིམ་མཚེས་དག་གིས་གསོ་སྐྱོང་བྱེད་སྲིད། སྐྱེ་བ་འདིར་འུ་གཉིས་ནི་སྐྱེ་བ་སྔོན་མའི་ལས་ཀྱིས་ཕྲད་པ་སྟེ། སྐྱེ་བ་ཕྱི་མའམ་ཡང་ན་སྐྱེ་བ་འགའི་རྗེས་སུ་ཡང་བསྐྱར་ལས་ཀྱིས་འཕྲད་ངེས་ཡིན”ཅེས་ལབ་པར། ཁྱོད་ཀྱིས་ངའི་བཤད་པ་ཕལ་ཆེར་གོ་སོང་བ་འདྲ། ཡར་ལངས་ནས་ལག་པ་གཉིས་ཀ་ངའི་རྐང་བའི་སྟེང་བཞག་ཅིང་མིག་ལ་མཆི་ཞག་འཁོར་བྱུང༌། ང་ཁྱོད་ཀྱི་སྐེ་ལ་འཁྱུད་ནས་ངུས་པ་ཡིན། ཁྱོད་ཀྱི་དྲོད་འཇམ་གྱི་དབུགས་རྔུབ་ལེན་བྱེད་དུས་ངའི་ངོ་འགྲམ་དུ་རྒྱུ་བ་ནི། བཟང་མོའི་དབུགས་ཀྱི་རྔུབ་ལེན་བྱེད་ཚུལ་དང་གཉིས་སུ་མ་མཆིས་པས་དེས་ངའི་སེམས་ཁམས་བདེ་ལ་བཀོད་སོང༌། ངས“སེམས་ཅན་ཐམས་ཅད་མུ་གེ་དང་འཐབ་རྩོད། མི་འདོད་ནད་ཀྱི་སྡུག་བསྔལ་སོགས་ལས་རིང་དུ་འབྲལ་བའི་སྨོན་ལམ་བརྒྱབ་ལ། དེ་དང་མཉམ་དུ་ཁྱོད་སྐྱེ་བ་ཕྱི་མར་ཕྱུག་པོའི་ཁྱིམ་ཚང་ཞིག་དང་ཕ་མ་བྱང་སེམས་ཅན་གྱི་དྲུང་དུ་སྐྱེ་བ་དང༌། ཆོས་ས་ཆོས་ཡུལ་ཞིག་ཏུ་སྐྱེ་བར་སྨོན་ལམ་ཡང་བརྒྱབ ”ང་ངོ་མ་སང་ཉིན་འཆི་ངེས་པ་དང་འདྲ་བར་ཁྱོད་ལ་སྐད་ཆ་མང་བོ་མང་བོ་ཞིག་བཤད་ཟིན། ཕྱི་རུ་ཁྱིའི་ཟུག་སྐད་ཅིག་གྲག་འོངས་པ་ཡིས་དུས་ཡུན་རིང་བོ་ཞིག་འགོར་སོང་བ་རྟོགས་པར་བྱས་པས་ངེད་གཉིས་ཀྱིས་ངལ་གསོ་རྩིས་བྱས། ངས་ཁྱོད་སྒོ་རུ་ཁྲིད་ནས་སྔ་ས་ནས་ཉལ་དུ་བཅུག་ང་སྨན་ཁང་དུ་མ་སོང༌། ཚོར་སྣང་འཚུབ་པོ་ཞིག་གིས་ཉིན་དེ་ནས་བཟུང་ངས་ཁྱོད་ཁྲིད་དེ་དགོན་ཆེན་སོ་སོར་མཇལ་སྐོར་ལ་འགྲོ་དགོས་པར་བསྐུལ། དུས་མཆོད་ལ་འཕྲད་དུས་ངས་སྔོ་ཚལ་ཁྲོམ་ར་ནས་ཉ་རྒྱ་མ་འགའ་ཉོས་ཤིང་ཁྱོད་ལ་བཀལ་ཏེ་སྐྱིད་ཆུའི་ཁར་ཚེ་ཐར་གཏོང་བར་ཕྱིན། ཉ་ཚེ་ཐར་དེ་དག་དགའ་སྤྲོའི་ངང་འགྱིག་ཁུག་ལས་ཐོན་ཏེ་རྔ་མ་གཡུག་བཞིན་ཆུ་འགྲམ་གྱི་རྩྭ་ནང་དུ་འཛུལ་མ་ཐག་མཐོང་སྣང་ལས་ཡལ་འགྲོ། དེ་ལྟར་ཚེ་སྲོག་བརྒྱ་ཕྲག་འགའ་ཞིག་ངེད་གཉིས་ཀྱིས་འཆི་བདག་གི་ཁ་ལས་བསྐྱབས་ཤིང༌། ཁོ་ཚོ་འཇིགས་སྐྲག་དང་རེ་ཆད་ཀྱི་མཐའ་ནས་གྲོལ་ཏེ་སླར་ཡང་མཐིང་མདོག་གི་མཚོ་ཀློང་དུ་འཚོ་བ་གསར་བ་རོལ་པར་ཆས། འུ་གཉིས་ཀྱིས་དྭངས་གཙང་གི་སྐྱིད་ཆུའི་ནང་དུ་སྤྲིན་དཀར་དང་ཨ་སྔོན་གྱི་ལྡོག་གཟུགས་ཡོད་པར་བལྟས། བསིལ་རླུང་གིས་ཆུ་ངོས་སྐྱོམ་དུས་སྤྲིན་དཀར་དང་ཨ་སྔོན་འགུལ་མགོ་བརྩམས། རྒྱ་ལྕང་གི་ལོ་མས་བྲོ་གར་འཁྲབ་ཞོར་ཤུར་ཤུར་གྱི་གླུ་སྒྲ་སྒྲོག ཆུ་འགྲམ་གྱི་རྩྭ་ལྗང་སྟུག་པོའི་ཁྲོད་དུ་ཕྱེ་ལེབ་འགས་ཡིད་འཕྲོག་པའི་སྒོར་བྲོ་འཁྲབ་པས། འུ་གཉིས་ནི་ཡིད་དགའ་ཞིང་ཁམས་སྐྱིད་ལ་སེམས་གཏིང་དུ་བྱམས་དང་སྙིང་རྗེ་ཡིས་ཡོངས་སུ་ཁེངས། ང་ཆུ་འགྲམ་དུ་སྐྱིལ་ཀྲུང་ལ་བསྡད་དེ་ནས་ཆང་དལ་མོར་འཐུངས། ལག་ནང་གི་ཕྲེང་བ་མྱུར་གྱིས་དྲངས་པས་ཕྲེང་རྡོག་རེ་རེ་ཕྲད་པའི་ཐག་སྒྲ་གཉོམ་པོས་ངའི་སེམས་ལྷོད་ལ་འབབ་པར་བྱས། ཁྱོད་ཀྱིས་སོས་དལ་ངང་མགོ་སྒུར་ནས་རྩྭ་ཟ་བཞིན་འདུག་ཅིང༌། ལན་རེར་རྣ་བ་ཀེར་ནས་བྱ་འཕུར་བ་ལྟར་བགྲོད་པའི་རླངས་འཁོར་ལ་ལྟ་བར་བྱེད། ཉི་མ་ནུབ་རིར་ཡིབ་ལ་ཉེ་དུས་འུ་གཉིས་དལ་མོར་ཁྱིམ་དུ་ལོག་པ་ཡིན། ལོ་དེའི་དབྱར་མཇུག་ཏུ། ཚེ་སྨོན་གླིང་གི་བླ་མས་ཆོས་གསུང་སར་ངས་ཁྱོད་ཁྲིད་ནས་ཉན་དུ་ཕྱིན། དགོན་པའི་ར་སྐོར་ནང་མི་ཚོགས་ཀྱིས་གང་འདུག་པས་འུ་གཉིས་གྱང་རའི་གྲུ་ཟུར་ཞིག་ཏུ་བསྡད། བླ་མས་ཆོས་གསུང་དུས་ཁྱོད་ས་ལ་ཉལ་ཞིང་རྣ་བ་ཀེར་ནས་འཇམ་ཅག་གེར་འདུག་པ་དང་མིག་གིས་བར་མཚམས་མེད་པར་ཁྲི་ཐོག་གི་བླ་མར་ཡང་ཡང་ལྟ་བར་བྱེད། སྐབས་ཤིག་ལ་ཁྱོད་སྡོད་པར་སུན་ནས་མི་ཚོགས་ནང་སྐོར་བ་བྱས་ལ། ཅང་མ་འགོར་པར་ཡང་བསྐྱར་ངའི་གན་དུ་བསླེབས་ཡོང༌། ཁྱོད་ཀྱི་རྣམ་འགྱུར་དེར་མི་རྣམས་ཧ་ལས་པའི་མཚུངས་སུ་ད་དུང་བརྩེ་བ་སྐྱེ་བཞིན་མཆིས། ཉིན་འཕྲོ་མ་དག་ལ་ཆོས་ཉན་མཁན་ཚོས་ཁྱོད་ལ་རྩྭ་གསར་བ་དང་སྔོ་ཚོད་ཁུར་ཡོང་སྟེ་ཁྱོད་ཀྱི་མདུན་དུ་སྤུངས། དེར་མ་ཟད་ཁྱོད་ཀྱི་རྒྱབ་ལ་བྱིལ་བྱིལ་གཏོང་ཞོར“ཆོས་དང་ལས་འབྲེལ་ཡོད་ན། འབྲས་བུ་དགེ་བ་འབྱུང་སྲིད”ཅེས་བཤད་བྱུང༌། དགོན་པའི་གྲྭ་པ་དག་གིས་ཁྱོད་ལ་སྙིང་རྗེ་ཆེན་པོ་བསྒོམས་ནས། ཁྱོད་ལྷ་ཁང་ནང་མཇལ་པ་དང་སྐོར་བར་འགྲོ་ཆོག་པར་བྱས། ད་དུང་ཁྱོད་ལ་རྣ་སྐུད་དམར་པོ་ཞིག་ཀྱང་གནང་སོང༌། འུ་གཉིས་ཉིན་རྒྱུན་བྲེལ་བ་ཤིན་ཏུ་ཆེ། དུས་ཚོད་ནི་མིག་ཕྱེ་བཙུམ་མཚམས་སུ་སྟོན་ཟླ་བར་མར་བསླེབས་སོང༌། ངའི་ཕོ་བར་ན་ཟུག་ཡོད་རུང་སྔོན་ཆད་དང་འདྲ་བའི་དྲག་པོ་མི་འདུག བཟང་མོས་རྨི་ལམ་བཅོལ་མ་ཡང་བསྐྱར་བཞག་མ་སོང་བས། མི་ལུས་ཤིག་ལོན་པར་འགྱུར་བར་ཡིད་ཆེས་ཀྱིས་ཁེངས། ངས་བཟང་མོའི་ཞེན་ཆགས་དེ་ཅུང་ཙམ་ལྷོད་པ་དང་མཉམ་དུ། ཁྱོད་ལ་ཆགས་པའི་སེམས་ནི་ཉིན་རེ་ལས་ཉིན་རེར་ཇེ་ཟབ་ཏུ་འགྲོ་བཞིན་མཆིས། ང་ཤི་སོང་ན་ཁྱོད་ལ་བདག་སྐྱོང་བྱེད་མི་མེད་པ་དང༌། ཁྱོད་ལ་བརྙས་བཅོས་བྱེད་མཁན་འབྱུང་བ། ཁྱོད་ར་སྐོར་ལས་ཕྱིར་འཕུད་བྱེད་ངེས་པ་སོགས་ཀྱི་སེམས་ཁུར་བྱུང༌། སེམས་ཁུར་དེ་དག་ནམ་ཡང་ངའི་ཡ་ཆུང་སེམས་སུ་འཁོར་པས། ང་ལོ་འགའ་ལ་འཆི་མི་རུང་བར་ཧུར་བརྩོན་བྱེད་དགོས་ངེས་ཀྱི་སྐུལ་མ་རང་གིས་རང་ལ་བཏང༌། ཉིན་རྒྱུན་ངས་མཆོག་གསུམ་ལ་ང་འཇིག་རྟེན་དུ་ཉིན་འགར་སྡོད་ཐུབ་པའི་སྐྱབས་འཇུག་དང་གསོལ་འདེབས་བྱས་པ་ཡིན། སྟོན་ཟླ་བར་མའི་དུས་སུ། ངས་ཁྱོད་ཁྲིད་ནས་གླིང་སྐོར་ལ་རྐྱོང་ཕྱག་འཚལ་དུ་འགྲོ་འདོད། ངས་ཁྱོད་ལ་དོན་དེ་བཤད་སྐབས་ཁྱོད་ཀྱི་མིག་ཟུང་ལ་རེ་བས་ཁེངས་འདུག ངས་ཁྱོད་ལ་གལ་ཏ་གསར་བ་ཞིག་བཟོས་པ་དང༌། ང་ལའང་རས་མཁྲེགས་པོའི་ཤམ་ཐབས་ཤིག་བཟོས་པས་གྲ་སྒྲིག་ཡོད་ཚད་ཚགས་སུ་ཆུད་པ་ཡིན།
ནམ་ད་དུང་ལངས་མི་འདུག མུན་པ་ནས་རིམ་གྱིས་སྐྱ་མདོག་ཇེ་ཆེར་གྱུར། ངས་གོམ་པ་གཉིས་རེའི་མཚམས་སུ་ཕྱག་རེ་འཚལ་བས་ཤིན་ཏུ་དལ། ཁྱོད་ངའི་འཁྲིས་སུ་དལ་མོར་ཡོང་གིན་འདུག་ཅིང་སྐབས་རེར་ང་ལ་མིག་གིས་ལྟ་བར་བྱེད། ཁྱོད་ཀྱི་རྒྱབ་ཀྱི་གལ་ཏ་གཡོན་པར་རྩམ་ཁུག་ཆུང་ངུ་ཞིག་དང་ཇ་ཚ་དེམ་གང༌། གཡས་སུ་སྔོ་ཚལ་རྡོག་གཅིག་དང་ཆུ་འགྱིག་དམ་གང་བསྡུས་ཡོད། ཉི་མ་ཤར་དུས་ངེད་གཉིས་ཀྱིས་ཕྱག་འཚལ་ནས་རྡོ་སེང་གེ་ལམ་གྱི་ལྷོ་སྣེར་བསླེབས་སོང༌། འགྲུལ་སྐྱེལ་རླངས་འཁོར་རེ་རེ་ལམ་འགྲམ་དུ་བསྡད་བྱུང་བ་ལ། ནང་ནས་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་མང་བོ་མར་བབས་བྱུང༌། ཁོ་ཚོས་འུ་གཉིས་མཐོང་བས་ཕྱོགས་གཅིག་ཏུ་རུབ་ནས་པར་ལེན་པ་མཚམས་མི་འཆད། ངས་གོམ་པ་གཉིས་རེའི་བར་ནས་རྐྱོང་ཕྱག་རེ་འཚལ་ནས་འགྲོ་དུས། ཁྱོད་ངའི་རྗེས་སུ་འབྲངས་ནས་ཡོང༌། སྐུ་མགྲོན་ལ་ལས་འུ་གཉིས་ལ་དངུལ་གྱི་སྦྱིན་པ་བཏང་ཡོང་བར། ངས་དངུལ་ལེན་ཞོར་དུ་ལག་ཟུང་ཐལ་མོ་སྦྱར་ཏེ“ཐུགས་རྗེ་ཆེ”ཞེས་སྨྲས།
དངུལ་དེ་དག་འུ་གཉིས་ཀྱིས་ཉིན་ཞིག་དགོན་པར་དབུལ་ཆོག འུ་གཉིས་ཀྱིས་ཕྱག་འཚལ་བཞིན་ཕྱིན་པས་ཁོ་ཚོ་རྗེས་སུ་བཞག་སོང༌། ངས་ཁྱོད་ཡུན་རིང་ཙམ་བསྐྱང་བར་འདོད་པས། མཆོག་གསུམ་ལ་ང་དུས་ཡུན་ཅུང་རིང་བར་གསོན་ཐུབ་པའི་གསོལ་བ་དང་སྨོན་ལམ་བཏབ།
ངེད་གཉིས་གཞུང་ལམ་འགྲམ་དུ་བསྡད་ནས་ཉིན་གུང་གི་ཟ་མ་ཟོས། ང་སྐྱིལ་ཀྲུང་གིས་མིའི་བགྲོད་ལམ་དུ་བསྡད་དེ་ཁྱོད་ཀྱིས་ཁུར་པའི་གལ་ཏ་ལས་ཁྱོད་ལ་སྔོ་ཚལ་བླངས་ནས་གཏུབས་ཏེ་བྱིན། ཁྱོད་ནི་ལྟོགས་དྲགས་པས་ཁམ་འགའ་བྱས་ནས་ཟོས་ཚར་དུ་བཅུག དེར་ངས་ཐད་ཀར་སྔོ་ཚལ་རྡོག་རྡོག་དེ་ཁྱོད་ཀྱི་མདུན་དུ་བཞག་ཅིང་རང་གིས་རྩམ་པ་ཟ་མགོ་བརྩམས། ལམ་འགྲོ་པས་ངེད་གཉིས་ལ་ཕྱི་མིག་འཕེན་ཞོར་བྲེལ་ཚུབ་ཀྱིས་བསྐྱོད་འགྲོ། མཐུད་ནས་ངས་ཁྱོད་ལ་རྩམ་རྡོག་འགའ་བྱིན་ཅིང་ཆུ་འགྱིག་ཁུག་ནང་དུ་བླུགས་ཏེ་ཁྱོད་འགྲངས་ཐག་ཆོད་པ་ཞིག་བྱས། མཐར་ངེད་གཉིས་ཀྱིས་ལྕང་མའི་བསིལ་གྲིབ་འོག་ཏུ་ངལ་གསོས། གཞུང་ལམ་ཐོག་གི་མི་ཚོགས་དང་རླངས་འཁོར་གྱི་འུར་སྒྲས་འུ་གཉིས་ལ་སོས་དལ་བའི་ངལ་གསོ་རུ་མ་བཅུག ངས་ཡང་བསྐྱར་ཕྱག་འཚལ་མགོ་བརྩམས། ཉི་མའི་ཚ་ཟེར་གྱིས་ངའི་རྒྱབ་ཏུ་ལྭ་བ་འབྱར་བར་བྱས་ཤིང་། ཚ་སྲེག་གི་ཨར་འདམ་ལམ་བུས་ངའི་བྲང་ཁ་སྲེག་པར་བྱེད། ཡིན་ནའང་བར་ཆད་དེ་དག་ནི་ཅི་ཡང་མིན་ཏེ། ངས་མུ་མཐུད་ནས་ཕྱག་བཙལ་བའི་མཇུག་གྲུབ་པ་བྱ་དགོས།
ཉིན་གཉིས་པར་ངེད་གཉིས་ཀྱིས་ཡང་བསྐྱར་ཁ་སང་གི་ས་མཚམས་ནས་མགོ་བཙུགས་ཏེ་རྐྱོང་ཕྱག་འཚལ། ངེད་གཉིས་ཀྱི་ལོགས་སུ་རྐྱོང་ཕྱག་འཚལ་བཞིན་པ་དག་ནི། གྱོན་ཆས་གོན་ལུགས་ལས་རྒྱང་རིང་གི་ཁམས་ཕྱོགས་ནས་ཡོང་བའི་མཇལ་པ་དང་འདྲ། ཚག་ཚག་གི་ཕྱག་ཤིང་ཀི་སྒྲའི་ཁྲོད་དུ་ང་ཚོ་མདུན་དུ་བསྐྱོད་དེ་ཡུན་གྱིས་སྐྱ་རེངས་ཤར་སོང༌། ཉི་གཞོན་ཤར་རིའི་ཕྲག་ནས་འཕགས་ཏེ་གསེར་མདོག་གི་འོད་ཟེར་སྤྲོས་ཡོང་བ་དང་བསྟུན་ནས། མིག་མདུན་གྱི་གཞུང་ལམ་གློ་བུར་གསེར་མདོག་ཏུ་གྱུར། ཁྱོད་ཀྱི་དངུལ་མདོག་གི་ལུས་པོ་ཉི་ཟེར་ཁྲོད་འགུལ་གྱིན་འདུག་སྟེ། ལྷད་མེད་དྭངས་གཙང་གི་པད་དཀར་ཆུན་པོ་ཞིག་དང་མཚུངས་པར་རྡུལ་གྱི་དྲི་ཙམ་ཡང་མ་གོས་པར་ཡོད།
2010ལོའི་སྦྲང་ཆར་དེབ་བཞི་པའི་སྟེང་བཀོད་ཡོད།
ཚེ་རིང་ནོར་བུས་བརྩམས། འགྱུར་མེད་རབ་བརྟན་གྱིས་བསྒྱུར།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།