ངོས་དང་པོ > རྩོམ་རིག > དེང་རབས་བརྩམས་ཆོས། > འགྱུར་མེད་རབ་བརྟན་གྱིས་བསྒྱུར་བའི་ལུག་ཚེ་ཐར་ཞེས་པའི་བརྩམས་སྒྲུང་།
འགྱུར་མེད་རབ་བརྟན་གྱིས་བསྒྱུར་བའི་ལུག་ཚེ་ཐར་ཞེས་པའི་བརྩམས་སྒྲུང་།
རྩོམ་པ་པོ།:འགྱུར་མེད་རབ་བརྟན་གྱིས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2012-08-22 11:16:00
ཀློག་གྲངས།:
སྒོ་རྡུང་བའི་སྒྲ་ཞིག་གིས་ང་གཉིད་ལས་བསླངས་སོང༌། ངས་མགྱོགས་པོར་མགོ་བོ་བཀྱགས་ནས“སུ་ཡིན”ཅེས་སྒོའི་ཕྱོགས་སུ་བལྟས། མུ་མཐུད་ནས་སྒོ་མི་རྡུང་བས་ཕྱི་རོལ་འཇམ་ཅག་གེར་འདུག ངས་སུས་འདི་འདྲའི་སྔ་མོ་ཞིག་ལ་སྒོ་བརྡུངས་པ་ཡིན་ཚུལ་ཤེས་མ་སོང༌། ཁྱིམ་མཚེས་ཤིག་ལ་ན་ཚ་འདྲ་བྱུང་བ་མིན་ནམ་སྙམ། ངས“ཝེ། སུ་ཡིན”ཅེས་སྐད་རྒྱག་ཞོར་གློག་སྒྲོན་གྱི་སྒོ་ཕྱེ། ཏག་ཏག་ལ་ཡང་བསྐྱར་སྒོ་བརྡུངས་བྱུང་བར་མ་ཟད་རྡུང་ཚུལ་ནི་སྔར་ལས་འཚུབ་ཅིང་དྲག་པར་འདུག་པས། ངས་དོར་མ་གོན་ཞོར་མྱུར་མོར་སྒོ་དབྱེ་བར་ཕྱིན་པ་ཡིན། སྒོ་ཡོལ་བཀྱགས་ཏེ་གློག་འོད་ལ་བརྟེན་ནས་བལྟས་དུས་མི་སུ་ཡང་མི་འདུག་མགོ་ཅུང་ཙམ་སྒུར་ནས་བལྟས་པ་ལ། ཁྱོད་ནི་ནག་རོག་པའི་སྒོ་སྒྲོམ་ལ་ཁེན་ནས་མགོ་བོ་བཀྱགས་ཏེ་འབའ་བྱུང༌། བྲེལ་ཚུབ་གང་ཞིག་ངའི་དྲན་འཛིན་ལས་གློ་བུར་ཡལ་སོང༌། མ་གཞིར་ཁྱོད་ཀྱིས་སྒོ་བརྡུངས་ནས་ང་ལ་སྐོར་བར་འགྲོ་དགོས་པའི་སྐུལ་མ་གཏོང་གིན་འདུག ངའི་ཁ་ནས་ཁྱོད་ལ་སྡིགས་མོ་འགའ་བྱས་པ་ཡིན་མོད། འོན་ཀྱང་སེམས་གཏིང་ནས་དགའ་བ་དཔག་མེད་སྐྱེས་སོང༌། ངས་ཀུན་དགའ་ར་བའི་ནང་གི་ལྷ་རྟེན་ལ་ཡོན་ཆབ་ཕུལ་ཅིང་བདུག་སྤོས་བསྒྲོན་པ་དང༌། དེ་ནས་ཁྱོད་ལ་གཟན་རྩྭ་ཞིག་བྱིན་རྗེས་འུ་གཉིས་སྐོར་བར་ཕྱིན་པ་ཡིན། ལམ་སྒྲོན་འོག་གི་ཨར་འདམ་གྱི་མིའི་བགྲོད་ལམ་དུ་ཁྱོད་ཀྱི་སུག་བཞིའི་ཐག་སྒྲ་ནི་ངའི་ཁ་ཏོན་གྱི་སྒྲ་དང་འདྲེས་ཏེ། འགྲོས་སྙན་པའི་མཉམ་སྒྲོག་རོལ་མོ་དེ་ནི་ཅི་འདྲར་འཆམ་མཐུན་ཞིག་རེད་ཨང༌། འུ་གཉིས་ཀུན་བདེ་གླིང་དུ་བསླེབ་ལ་ཉེ་དུས། མཁའ་དབྱིངས་སུ་ཆར་བ་ཟམ་ཟིམ་འབབ་ཀྱིན་ཡོད་པས། འུ་གཉིས་ཀྱིས་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས་ཆར་འབྱོལ་བྱེད་ས་ཞིག་བཙལ། ཆར་བ་ཇེ་ཆེར་གྱུར་ནས་ཐག་སྒྲ་གྲག་བཞིན་ཨར་འདམ་ལམ་དུ་ཤུགས་ཀྱིས་བབས་པས། མིའི་བགྲོད་ལམ་དང་གཞུང་ལམ་ཐོག་ཆུས་འགེང་བར་བརྩམ། དེ་བས་འུ་གཉིས་ཀྱི་ལུས་པོའང་ཕྱི་རློན་ནང་རློན་བྱས་སོང༌། མདུན་ཐད་ནས་མི་ཞིག་གིས“འདིར་ཆར་འབྱོལ་ལ་ཤོག”ཅེས་འབོད་ཀྱིན་འདུག དེར་འུ་གཉིས་ཟ་ཁང་ཞིག་གི་མདའ་ཡབ་འོག་ཏུ་བརྒྱུགས་པ་ཡིན།
དེ་གར་མི་བདུན་བརྒྱད་ཅིག་ཚོགས་པའི་ནང་གི་མང་ཆེ་བ་ནི་སྐོར་བ་རྒྱག་མཁན་རེད། ཁྱོད་ཤིན་ཏུ་གྲང་བཞིན་ཡོད་པས། ལུས་པོ་ནང་དུ་འཚང་བཞིན་མཆིས། ནང་ཕུགས་སུ་ཆར་བྱོལ་བྱས་འདུག་པའི་གསར་བུ་དེས་ཁྱོད་ལ་རྡོག་ཐོ་ཞིག་གཞུས་པར། ཁྱོད་ལ་ཚོར་བ་ཅི་ཡང་མ་བྱུང་ནའང༌། ལོགས་སུ་ཡོད་པའི་རྒན་མོ་དེས་མ་བཟོད་པར་གསར་བུ་དེ་ལ“ཁྱོད་ཀྱིས་ལུག་འདི་ཚེ་ཐར་ཡིན་པ་མ་མཐོང་ངམ། རྡོག་ཐོ་གཞུས་པས་དུད་འགྲོ་ལས་ཀྱང་དམན་པ་ལ”ཞེས་སྡིགས་མོ་བྱས་སོང༌། གསར་བུ་འཚིག་པ་ཟོས་ཏེ་ངོ་མདངས་འགྱུར་བ་ལ། སྐོར་བ་རྒྱག་མཁན་གཞན་དག་གིས་ཀྱང་མགྲིན་གཅིག་ཏུ་ཁོ་ལ་ལེ་བདའ་བྱས་པར་བརྟེན། ཁོས་རང་གི་གནས་ཚུལ་མི་ལེགས་པ་ཤེས་པས་ཆར་ཆེན་ནང་ལམ་ལ་ཆས་ཏེ་ཕྱིན་སོང༌། “ན་གཞོན་དེ་ཚོར་བྱམས་སེམས་ཏོག་ཙམ་ཡང་མི་འདུག དུད་འགྲོ་དང་འདྲ་བར་གསོན་འདུག”“ད་གིན་ཁོའི་ལུས་ནས་ཆང་དྲི་འཐུལ་བ་ངའི་སྣ་ལ་བརྒྱབ་སོང༌། ཕལ་ཆེར་མཚན་གང་བོར་ཆང་འཐུངས་ཏེ་ད་ལྟ་ནང་དུ་ལོག་གིན་ཡོད་པ་འདྲ། ” “མི་རབས་རེ་མི་རབས་རེར་མི་དོ། ” ཁོ་ཚོའི་ཡིད་སྐྱོ་བའི་གཏམ་ལ་འུ་གཉིས་མདའ་ཡབ་འོག་བསྡད་ནས་ཉན་ཞིང༌། ཆར་བ་མྱུར་དུ་འབབ་མཚམས་འཇོག་པར་རེ་སྒུག་བྱས། ཆུ་ཚོད་ཕྱེད་ཀ་ལྷག་འགོར་རྗེས། ཆར་བ་ཇེ་ཆུང་དུ་གྱུར་པས་འུ་གཉིས་མུ་མཐུད་དུ་ལམ་ལ་ཆས།
འུ་གཉིས་རློན་ཙར་ཙར་ངང་ལྷོ་ཕྱོགས་རིགས་གསུམ་མགོན་པོའི་ལྷ་ཁང་དུ་བསླེབས་ཤིང་གཙོ་གཉེར་གྲྭ་པ་དེའང་རྙེད་སོང༌། ངས་དངུལ་སྒོར་ཁོར་སྤྲད་ཐོག་ངེད་གཉིས་ཀྱིས་དེར་ལས་ཀ་བྱེད་ཨེ་ཆོག་གེ་རེ་བ་ཞུས་པར། ཁོས་དགའ་སྤྲོའི་ངང་ངེད་གཉིས་ཀྱི་རེ་བ་དང་ལེན་བྱས། ད་དུང་“ཉིན་གུང་གི་ཟས་ལྷ་ཁང་གིས་སྦྱིན་པར་མ་ཟད། ད་དུང་ཇ་ཐེངས་གཉིས་ལ་མཁོ་འདོན་བྱེད་ངེས”ཞེས་བཤད་བྱུང༌། འཕྲིན་བཟང་དེ་གོ་བས་ང་ལ་དགའ་སྤྲོ་དཔག་མེད་སྐྱེས། ཉིན་དེར་ངས་ས་བཅུ་བ་དང་འདམ་དཀྲུག་པའི་ལས་ཀ་བྱས་པ་ཡིན་ལ། ཁྱོད་ནི་རིགས་གསུམ་མ གོན་པོའི་ལྷ་ཁང་གི་སྐས་འགྲམ་དུ་བཏགས་ནས་བཞག ནང་དུ་ལོག་རྗེས་ངས་ཁྱོད་ལ་གལ་ཏ་ཞིག་བཟོས་པས། ཕྱི་ཉིན་ནས་བཟུང་ཁྱོད་ཀྱིས་གལ་ཏ་ཁུར་ཏེ་ས་བསྐྱལ་ཏེ་ཕར་འགྲོ་ཚུར་འོང་གི་བར་མཚམས་མི་འཆད་ལ། རང་གི་རྔུལ་ཆུ་བཏོན་ནས་ལྷ་ཁང་བཞེང་འཛུགས་བྱེད་པར་རམ་བུ་བཏེགས། དེར་གྲྭ་པ་ཚོས“ལུག་འདིས་ང་ཚོར་གཙུག་ལག་ཁང་བཞེང་དུས་ཀྱི་རྣམ་པ་མངོན་གསལ་ཞིག་འཁྲབ་སོང་ཞེས་བཤད་དོ།།
ངེད་གཉིས་ཀྱིས་རིགས་གསུམ་མགོན་པོའི་ལྷ་ཁང་དུ་ལས་ཀ་ཉིན་ཉེར་གསུམ་ལ་བགྱིས། རྗེས་ཕྱོགས་ཀྱི་ལས་ཀར་ངེད་གཉིས་ཀྱིས་རོགས་རམ་བྱེད་མི་ཐུབ། དེ་ནི་ལྷ་བཟོ་ཚོའི་ལས་ཀ་སྟེ། ཁོ་ཚོས་རྩིག་ངོས་སུ་ལྡེབས་རིས་བྲི་དགོས། ལས་ཀ་རྫོགས་པའི་ཉིན་བཞི་པར། རིགས་གསུམ་མགོན་པོའི་ལྷ་ཁང་གི་གཉེར་པས་གྲྭ་པ་གཅིག་མངགས་འདུག་ཁོས་ལག་འདེད་འཁོར་ལོ་ཞིག་གི་ནང་རྩྭ་གསར་ཁུག་མ་དྲུག་དང་རིང་བསྲེལ་འགའ་བསྐྱལ་ཡོང༌། ངས་ཁོའི་ངག་བཀོད་ལྟར་རིང་བསྲེལ་ཆུ་ནང་དུ་སྦངས་པ་དང༌། དུས་མཆོད་རེ་བསླེབས་དུས་ངེད་གཉིས་ཀྱིས་ཁམ་བུ་འགའ་རེ་འཐུངས་པ་ཡིན་ལ། ལན་རེར་ངས་སྔགས་ཆུ་དེས་ཁྱོད་ཀྱི་མིག་ཀྱང་བཀྲུས།
ཉིན་རེའི་ཞོགས་པར་ཁྱོད་ཀྱིས་སྒོ་བརྡུངས་ནས་ང་གཉིད་ལས་བསླངས་འགྲོ་ལ། དེ་ནས་ཁྱོད་སྔུན་དང་ང་ཁྱོད་ཀྱི་རྗེས་འབྲངས་ནས་འགྲོ་བ་ཡིན། ང་ལམ་དུ་ངོ་ཤེས་དག་དང་ཕྲད་དུས། ཁྱོད་ཀྱིས་བསམ་བློ་ཅི་ཡང་མི་གཏོང་བར་སྔོན་ལ་ཕྱིན་ཏེ་ས་བདེ་ས་སྐྱིད་ས་ཞིག་ཏུ་ཉལ་ནས་ང་ལ་སྒུག་ངེས། ཇ་ཁང་དུ་བསླེབས་ཚེ་ཁྱོད་དུས་རྒྱུན་ང་སྡོད་སའི་མདུན་ཅོག་གི་འོག་ཏུ་འཛུལ་བར་བྱེད་ལ། ཇ་མགྲོན་ཚོས་ཀྱང་ཁྱོད་མཐོང་མ་ཐག་བྲེལ་ཚུབ་ཀྱིས་ཇ་དཀར་བཀྱགས་ནས་གནས་གཞན་ལ་སྤོས་ཏེ་འུ་གཉིས་ལ་འདུག་ས་གནང་འགྲོ་བས། ད་ནི་མི་ཀུན་གྱིས་ཁྱོད་ངོ་ཤེས་ཀྱིན་འདུག
ནམ་སྟོད་དུ་ངའི་རྨི་ལམ་ནང་བཟང་མོ་འཁོར་བྱུང༌། ཁྱོད་ནི་སྤྲིན་སྨུག་གིས་བཟུང་བའི་རི་གསེབ་ཀྱི་ལམ་ཕྲན་ཐོག་ཞི་ལྷོད་དང་སྤྲོ་སྣང་གི་རྣམ་འགྱུར་མངོན་བཞིན་སྐྱོད་ཀྱིན་འདུག ཕྱིས་སུ་ཁྱོད་གསལ་ལ་མི་གསལ་བའི་མི་གཞན་ཞིག་ཏུ་འགྱུར་སོང་བ་འདྲ་བས། ང་རྨི་ལམ་དུ་དགའ་ནས་སོ་དཀར་ཕྱི་ལ་མངོན་སོང༌། དཔག་མེད་ཀྱི་དགའ་སྤྲོ་དེས་ང་གཉིད་ལས་བསླངས་སོང༌། ང་མལ་ཁྲིའི་སྟེང་ཙོག་པུར་བསྡད་དེ་རྨི་ལམ་དེར་བརྟགས་པ་ཡིན། ངས་ཁྱོད་ཀྱི་བདེ་སྣང་གི་རྣམ་འགྱུར་དེ་ལས་ད་ནི་ཁྱོད་ངན་སོང་གི་སྡུག་བསྔལ་དང་འབྲལ་རྒྱུ་ཡིན་པ་བདེན་དཔང་བྱེད་ནུས་ལ། རྨི་ལམ་ནང་ཁྱོད་གསལ་ལ་མི་གསལ་བར་གྱུར་པ་དེས་ཁྱོད་ཀྱི་མི་ལུས་བླངས་ཟིན་པ་གསལ་བཤད་བྱས་ཡོད། དེ་ལྟར་བསམས་ཀྱིན་བསམས་ཀྱིན་ང་ལ་དགའ་སྤྲོ་ཚད་མེད་འཕེལ་བས་གཉིད་ཡོངས་སུ་སངས་སོང༌། ནམ་སྨད་དུ་བསླེབས་དུས། ངའི་ཕོ་བར་ན་ཟུག་དྲག་པོ་ལངས་པས་ཐོད་པ་རུ་མུ་ཏིག་བསྟར་ལ་བརྒྱུས་འདྲའི་རྔུལ་ཆུ་འཛུམ་བྱུང༌། ངའི་སེམས་སུ་འདི་ལྟར་ན་ཟུག་ལངས་ཚེ་ང་དེ་རིང་སྐོར་བར་འགྲོ་ཐུབ་རྒྱུ་མིན་པ་འདྲ་སྙམ། འོ་ན་ཁྱོད་ཇི་ལྟར་བྱེད་དགོས་སམ། ཡང་སེམས་སུ་ཕོ་ནད་འདི་ཡུན་ཆེས་རིང་ན་ཆུ་ཚོད་གཅིག་ཙམ་ཡིན་ངེས་སྙམ་པས། ང་ཡར་ལངས་ཏེ་བོད་སྨན་རིལ་བུ་འགའ་ཟོས་རྗེས་སླར་ཡང་ཉལ་བ་ཡིན། ཁྱོད་ཀྱིས་སྒོ་རྡུང་སྐབས་ལྗིད་ཏིག་ཏིག་གི་ན་ཟུག་དེ་ད་དུང་ངའི་ཕོ་བའི་ནང་དུ་ལུས་ཡོད་པས་འགུལ་ཙམ་ཡང་བྱེད་མི་ནུས། ཁྱོད་ཀྱིས་སྒོ་རྡུང་བའི་ཤུགས་ཇེ་དྲག་ཏུ་ཕྱིན་པས། ང་བཙན་ཚུགས་ཀྱིས་ཡོང་ནས་སྒོ་ཕྱེ་ཞིང་ཁྱོད་ཀྱི་འདོགས་ཐག་གྲོལ་རྗེས་ང་ན་བཞིན་ཡོད་པས། ཁྱོད་སྐོར་བར་སོང་ལ་མྱུར་མོར་བསླེབ་ཤོག”ཅེས་བཤད། ཁྱོད་ཀྱིས་མགོ་བོ་བཀྱགས་ནས་ང་ལ་ཐེ་ཚོམ་གྱིས་ལྟ་བཞིན་མཉམ་དུ་སྒོའི་ཕྱིར་འབུད་པར་སྒུག དེར་ངས་ཁྱོད་སྒོ་ཆེན་དུ་བསྐྱལ་ནས་འཕུད་རྒྱག་གིས་སོང་ཞིག་ཅེས་བརྡ་བརྒྱབ་ཀྱང༌། ཁྱོད་ཁ་ཕྱིར་འཁོར་ཞིང་ཧང་སངས་པའི་ངང་ང་ལ་ཅེར་འདུག ངས་ཁྱོད་ལ་ལག་བརྡ་བསྟན་ནས་མདུན་དུ་འགྲོ་དགོས་ཚུལ་གྱི་བརྡ་བཏང་བར། ཁྱོད་ཀྱིས་ངའི་བསམ་དོན་རྟོགས་སོང་བ་ལྟར་ཁ་ཕྱིར་འཁོར་ནས་ལམ་ཕྲ་མོ་དེ་དེད་ནས་ཕྱིན་སོང་ལ། རྨིག་སྒྲ་སྙན་པོ་དེ་ཕྱི་རུ་བཞག་ནས་ལམ་ཕྲན་གྱི་སྣེ་མོ་རུ་ཡལ་སོང༌།
ང་མལ་དུ་ཉལ་ནས་ན་ཟུག་ཨེ་འཇགས་ཀྱི་རེ་སྒུག་བྱས་ནས་བསྡད།
ཉི་འོད་སྒེའུ་ཁུང་ཁར་འཕྲོས་པ་ལ། ངས་མལ་སའི་ནང་ཁྱོད་ལ་སེམས་ཁྲལ་བྱེད་མགོ་བརྩམས། སེམས་གཅོང་དེ་མེ་ལྟར་འབར་པས་ངའི་ན་ཟུག་བརྗེད་སོང༌། ངས་ལྭ་བ་གྱོན་ཏེ་ཕྱི་རུ་ཁྱོད་བཙལ་བར་ཕྱིན། ན་ཟུག་དེས་ངའི་ལུས་ནས་རྔུལ་ཆུ་འཛུམ་པར་བྱེད་ཅིང་རྐང་བ་ཕར་སྤོ་རུ་མི་འཇུག་པས། སྒོ་ཆེན་གྱི་སྒོ་སྒྲོམ་ལ་ཁེན་ནས་སྡོད་པ་ལས་ཐབས་མ་བྱུང༌། ན་ཟུག་ཏོག་ཙམ་བཞག་པ་དང་འབྲེལ། ངས་མིག་འོད་སྲང་ལམ་ཕྲ་མོའི་སྣེ་མོར་འཕངས་པར། ཁྱོད་ཀྱི་དུང་མདོག་གི་ལུས་པོ་ངའི་འདྲེན་བྱེད་ལམ་དུ་མངོན་བྱུང༌། ཁྱོད་ནི་སྲང་ལམ་ཕྲ་མོའི་སྣེ་མོ་རུ་དལ་བྲེལ་མེད་པར་བསླེབས་ཡོང་གིན་འདུག ལན་རེར་གོམ་པ་སྤོ་མཚམས་བཞག་སྟེ་ཕྱོགས་བཞིར་ལྟ་ཞིབ་བྱེད་ཀྱིན་མཆིས། ཁྱོད་གཅིག་པུ་སྐོར་བར་འགྲོ་ཐུབ་པ་བྱུང་བས་ང་ལ་དགའ་སྤྲོའི་མཆི་མ་བཞུར། ང་བཙན་གྱིས་ཡར་ལངས་ཏེ་ཁྱོད་ང་དང་བཅར་འོང་བར་སྒུག ཁྱོད་སྒེའུ་ཁུང་གི་འོག་ཏུ་བཏགས་རྗེས་གཟན་རྩྭ་བྱིན་པ་ཡིན། ཨེ། ཡང་སྙིང་རྩར་ཟུག་པའི་ན་ཟུག་ཅིག་ཐོན་ཡོང་བས་ང་སར་མི་སྡོད་ཐབས་མེད་བྱུང་ཞིང་ལག་པས་ན་ཟུག་ཡོད་སར་གནོན་ཅི་ཐུབ་བྱས། ཁྱིམ་མཚེས་ཚོས་བསྐོར་ཡོང་ནས“སྤོ་སྙན་གྲགས་ལགས། ཁྱེད་ལ་ཅི་ཞིག་བྱུང་སོང༌། ”“ སྨན་ཁང་དུ་ནད་སྟོན་པར་འགྲོ། ”“ཁྱེད་ཀྱི་བཞིན་མདངས་འགྲིག་མེད་པས། ང་ཚོས་ཁྱེད་སྨན་ཁང་དུ་བསྐྱལ་འགྲོ། ” ཞེས་བཤད་དེ་ཨུ་ཚུགས་ཀྱིས་ང་སྨན་ཁང་དུ་བསྐྱལ། ངས་ཁོ་ཚོའི་ཨུ་ཚུགས་ཀྱི་སྣ་མ་བརྟན་པས་སྨན་ཁང་དུ་སོང་ནས་བརྟག་དཔྱད་བྱས་པ་ལ། སྨན་པས་ངའི་ན་ཚ་ལྕི་བས་སྨན་ཁང་དུ་སྡོད་དགོས་གསུངས་བྱུང༌། སྨན་ཁང་དུ་མི་སྡོད་པའི་བཙན་ཚུགས་བཟུང་ཐོག་ན་ཟུག་ཞི་བའི་སྨན་ཁབ་རྒྱག་དགོས་པའི་རེ་བ་ཞུས། ཁྱིམ་མཚེས་ཚོས“ཉིན་རེའི་ཇ་ཐུན་གསུམ་པོ་ནི་ང་ཚོས་རེས་སྐོར་ནས་ཁྱེད་ལ་བསྐྱལ་ཆོག”ཅེས་ང་སྨན་ཁང་དུ་སྡོད་དགོས་པར་བཙན་ཚུགས་བྱེད། ང་སེམས་འགུལ་ཐེབས་ནའང་སྨན་ཁང་དུ་འདུག་འདོད་གཏན་ནས་མ་བྱུང༌། སྨན་པས་ཁྱིམ་མཚེས་འགའ་ཕྱི་ལ་བོས་སོང༌། ཕྱིར་འོངས་དུས་ཁོ་ཚོའི་ངོ་གདོང་ལ་ཐེ་ཚོམ་དང་ཧང་སངས་ཀྱི་རྣམ་འགྱུར་ཀྱིས་ཁེངས་འདུག ངས་ཁོ་ཚོའི་རྣམ་འགྱུར་ལས་རང་གི་ནད་དེ་ད་ནི་བཅོས་ཐབས་མི་འདུག་པའི་ཚད་ལ་ཐོན་ཡོད་པ་ཤེས་སོང༌།
ངས“སྨན་པ་ལགས། ང་ཡུགས་ཕོ་ཁེར་ཧྲེང་ཞིག་ཡིན་པས། ནད་ཀྱི་གནས་ཚུལ་གསལ་པོ་ཞིག་བཤད་རོགས་ཞུ”ཞེས་སྨན་པར་ཞུ་བ་བྱས་པ་ཡིན། སྨན་པས“ཁྱོད་ཐང་ཆད་དྲགས་པས་ཉིན་འགར་སྨན་ཁང་དུ་བསྡད་ནས་སྨན་གསོ་བྱ་བའི་དགོས་པ་འདུག”ཅེས་གསུངས་བྱུང༌། ངས“ཁྱོད་ཀྱིས་ང་ལ་དྲང་གཏམ་ཤོད་དང༌། ད་གིན་ཁྱིམ་མཚེས་ཚོའི་མིག་མདངས་ལས་ངས་རང་གི་ནད་ཀྱི་གནས་ཚུལ་ཚབས་ཆེན་ཡིན་པ་ཤེས་ཡོད”ཅེས་ལབ་པར། ཁྱིམ་མཚེས་ཚོས“ཉོག་གཏམ་མ་བཤད། ནད་ལྕི་མོ་ག་ལ་ཡིན། ཁྱེད་སྔོན་མར་སྨན་ཁང་དུ་ཉིན་འགའ་ལ་བཞུགས་རོགས་གནོངས་དང་”ཞེས་སློབ་གསོ་བཏང་བྱུང༌། ངས“སྨན་པ་ལགས། ཁྱེད་ཀྱིས་ནད་ཐོ་ང་ལ་སྟོན་རོགས། མཇུག་འབྲས་ཅི་འདྲ་ངན་རུང་ངས་སེམས་ལྷོད་པོས་སྨན་བཅོས་དང་ལེན་བྱེད་ངེས”ཞེས་བཤད། སྨན་པས་མིག་ཟུང་ཁྱིམ་མཚེས་ཚོའི་གདོང་ལ་བསྐོར་པར། ཁོ་ཚོས་ཅི་ཡང་མི་སྨྲ་བར་མགོ་བོ་བྲང་ཁར་སྨད་སོང༌། དེར་ངས“ང་ལ་ཤ་ལས་མཆེད་པའི་བུས་ཕྲུག་མེད་པར་བརྟེན། ཡོད་ཚད་རང་གཅིག་པུས་ཐག་གཅོད་བྱེད་དགོས། ཁྱོད་ཀྱིས་ང་ལ་སྟོན་རོགས་མཛོད”ཅེས་སྨྲས་པར། སྨན་པ་འུ་ཐུག་བཞིན་ནད་ཐོ་ང་ལ་སྤྲད་བྱུང༌།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།