གསེར་བུམ་ནང་གི་དུག་ཆུ།
རྩོམ་པ་པོ།:བསོད་རྡོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-12-10 09:50:00
ཀློག་གྲངས།:
ལས་འགྲུབ་ཀྱིས། "རེད། དེ་ལྟར་བཤད་ཀྱང་ཆོག གུང་ཇ་སྐྱ་བྷ་ཚང་དུ་འཐུང་ཟིན།" བཟང་མོས།"ཨོ། དེས་ན་དེ་ལྟར་བྱོས་ཤིག དེ་དུས་འུ་གཉིས་ཀྱིས་གྲོས་བྱས་པ་དེ་ལྟར་སྒྲུབ་དང་ཆོག མིག་སྔར་ང་ལ་སྐྱོན་མི་འདུག་པས། ཁྱོད་རང་སེམས་བདེ་མོས་ངང་སྒོ་ཞོར་ལས་འཚོལ་དུ་སོང་། སྒོ་ཕྱི་ནི་རང་སྡེ་ལྟ་བུ་ཡིན་ནི་མ་རེད། ས་ཆ་མེད་དང་མི་ཆ་མེད་ནས་རང་ལ་བདག་སྐྱོང་བྱེད་རྒྱུ་ཤིན་ཏུ་གལ་ཆེ། སྒོར་མོ་བཙལ་མ་ཐུབ་རུང་ཁྱོད་ལ་དོན་དག་བྱུང་མི་ཉན། གལ་ཏེ་དོན་དག་བྱུང་ཚེ། སྒོར་མོ་ནི་ཅི་ཡང་མ་རེད"ཅེས་ཤ་ཚའི་སྙིང་གཏམ་མང་པོ་བཤད་བྱུང་།
ལས་འགྲུབ་ཀྱིས། "བཟང་མོ། དེའི་ཕྱོགས་ལ་ཁྱོད་ཀྱིས་སེམས་ཁུར་བྱེད་མི་དགོས། ད་ལྟ་ངས་བསམ་ཤེས་ཡོད། ཆུང་དུས་ལྟར་འུ་གཉིས་ས་རྡུལ་ནང་འགྲེས་ལོག་རྒྱག་པའི་བྱིས་སྤྱོད་དག་ད་ལྟ་ཡོད་མི་སྲིད། ཁྱོད་དང་ང་ནི་ཆུང་དུས་སུ་བྱ་གཅིག་གི་གཤོག་ཟུང་ཇི་བཞིན་འཕུར་ས་ཨ་སྔོན་དགུང་དང་འབབ་ས་བྲག་དམར་ཐེམ་ཡིན་ནི་རེད། ངས་ཁྱོད་ཀྱི་སྐད་ཆ་དག་ཡིད་ལ་འཛིན་ཐག་ཆོད་ཡིན། ཁྱོད་ཀྱི་རེ་བ་གཏོང་ཟད་དུ་མི་གཏོང"་ཞེས་དམ་བཅའ་དང་སེམས་གཏམ་ཡོད་ཚད་ལྷུག་པོར་བརྗོད།
ཨ་སྔོན་དགུང་གི་སྐར་ཚོམ་ནི་མུ་ཏིག་ས་ལ་གཏོར་བ་བཞིན་ཁྲ་ལམ་མེར་མངོན་ལ། སྐར་མ་སྨིན་དྲུག་སྐར་ཚོམ་གྱི་དབུས་སུ་ལྷགས་གེར་སྣང་། ལས་འགྲུབ་དང་བཟང་མོ་གཉིས་ཀྱི་ཁ་བརྡ་འང་རིམ་བཞིན་མཚམས་ཆད་པ་དང་ཁང་བ་ནང་གི་གློག་འོད་ཀྱང་སྐད་ཅིག་ལ་གཟིམ་པས། ལས་འགྲུབ་ཚང་གི་ནང་ཁྱིམ་གློ་བུར་དུ་དལ་ཅག་གེར་སྣང་ལ་རྔུར་བ་ཡངས་མོ་ཞིག་མཚན་མོའི་བསིལ་རླུང་དང་བསྡེབས་ནས་ཞིང་སྡེ་ཧྲིལ་བོ་གཉིད་ཀྱི་ཞིང་ཁམས་སུ་ཡུར་ཚར།
ཕྱི་ཉིན་གྱི་ཉིན་གུང་སྐྱ་བྷ་ལས་འགྲུབ་ཚང་དུ་ཐོན་བྱུང་། ཁྱིམ་དུ་ལས་འགྲུབ་དང་བཟང་མོ་གཉིས་ཀྱིས་ལམ་ཆས་བརྒྱག་བཞིན་ཡོད།
བཟང་མོས།"ཨོ། སྐྱ་བྷ་ཐོན་བྱུང་། འདིར་སྡོད་དང་།" སྐྱ་བྷས།"ཨོ། ལམ་མ་ལངས་ཡོད་ལ། ད་དེ་འདྲ་མང་པོ་ཞིག་གྲ་སྒྲིག་བྱེད་མི་དགོས། ལས་ཀ་ལས་སའི་ཆ་རྐྱེན་དེ་འདྲ་ཐབས་ཆག་ཅིག་མ་རེད།" བཟང་མོས།"ལས་ཀ་ལས་ས་ཞིག་ན་ཟས་རང་འགྲུབ་དང་གོས་རང་འགྲུབ་སྐྱིད་པོ་ཞིག་ག་ལ་ཡོད། གང་ལྟར་གྲ་སྒྲིག་བྱས་ན་ལེགས་ཟེར"ཞོར། ཆ་སྟེགས་སྟེང་གི་བོད་སྨན་རྣམས་ཆུ་ཤོག་སེར་པོ་ཞིག་གི་ནང་དུ་བསྡུས་རྗེས་ཏ་ལན་ནང་བཞག
སྐྱ་བྷས"ལས་འགྲུབ་ཁྱོད་ད་ངོ་མ་ལས་ཅན་ཟེར་ནོ་རེད། བཟང་མོས་ཁྱོད་ལ་ལམ་ཆས་བརྒྱག་རོགས་བྱས་པའི་མི་ཚད། ད་དུང་འཐུང་རྒྱུའི་སྨན་ཡང་གྲ་སྒྲིག་བྱས་ཡོད། ངོ་མ་ལས་ཅན་རེད་ཡ།"
ལས་འགྲུབ་ཀྱིས།"འཛུམ་ཞིག་བསྟན་ཏེ། ངའི་ཆུང་མ་འདྲ་བ་ད་ལྟ་ང་ཚོའི་སྡེ་བའི་ནང་ཉུང་ཉུང་ཡིན"ཅེས་ཀུ་རེ་འདྲེས་མའི་སྐད་ཆ་ཞིག་བཤད་ལ།
བཟང་མོ་ཁེར་དགོད་ཅིག་བྱས་ཏེ། "ཁྱོད་ཚོས་གྲ་སྒྲིག་བྱས་ཡོད་དམ།" སྐྱ་བྷས།"ང་ཚོས་གྲ་སྒྲིག་བྱས་ཚར་ནས་ང་ཁྱོད་ཚང་གི་ལས་འགྲུབ་འབོད་དུ་ཡོང་བ་ཡིན། མི་གཞན་རྣམས་ལག་སྐྱོར་འཁོར་ལོའི་སྟེང་བསྡད་དེ་ལམ་ཁ་རུ་སྒུག་ཡོད། འུ་གཉིས་འགྲོ་རན་འདུག
ལས་འགྲུབ་ཀྱིས།"དེ་ནས་ད་འགྲོ་རྒྱུ་བྱེད། ཁྱོད་ཀྱིས་ངའི་རྡོག་ཁྲེས་འདི་འཁུར་དང་།ངས་ཏ་ལན་འཁྱེར་ཟེར་ཞོར་ལམ་དུ་ཆས་ཤིང་། བཟང་མོས་ལས་འགྲུབ་ཀྱི་ཏ་ལན་ནས་བཟུང་སྟེ་"ངས་འཁྱེར"ཟེར་ཞོར་མཉམ་དུ་སྒོར་བུད། ལག་སྐྱོར་འཁོར་སྒྲོམ་དུ་སྡེ་བའི་ཕོ་མོ་ན་གཞོན་བཅུ་ཕྲག་ལྷག་བསྡད་འདུག་ལ། ཁོ་ཚོའི་ལབ་གླེང་ཁྲོད་ལས་འགྲུབ་ལ་སྒུག་འདུག ལས་འགྲུབ་འཁོར་སྒྲོམ་དུ་བསྡད་བྱུང་ལ། སྐྱ་བྷས་ཁ་ལོ་བསྒྱུར་ཏེ་བཟང་མོར"སེམས་བདེ་མོ་བྱོས"ཞེས་སྐད་ཆེན་ཞིག་པོ་རྒྱབ་ཏེ་ལག་སྐྱོར་འཁོར་ལོ་འུར་སྒྲ་དང་བཅས་ཁོ་མོ་དང་རིང་དུ་གྱེས་ཤིང་། བཟང་མོའི་མིག་ཟུང་གཉིས་ཡུན་རིང་ཞིག་ལ་ཁོ་ཚོའི་རྗེས་སུ་ཅེར་ནས་ལུས་འདུག
བཟང་མོ་དང་ལས་འགྲུབ་གཉིས་གཉེན་སྒྲིག་བྱས་ཏེ་ལོ་ངོ་གསུམ་ཙམ་གྱི་རིང་ལ་ཆེས་རིང་ཡང་གཟའ་འཁོར་གཅིག་མ་གཏོགས་ཕན་ཚུན་ཁ་བྲལ་མ་མྱོང་ལ། དེ་རིང་འདི་ལྟར་ཁ་བྲལ་ཏེ་ཉུང་མཐར་ཡང་ཟླ་འགའ་མ་གཏོགས་ཕྱིར་ལོག་མི་ཐུབ་པའི་གཏམ་རྒྱུད་འདི་ཁོ་གཉིས་ལ་མཚོན་ན་ཇི་འདྲའི་མངར་སྐྱུར་འདྲེས་མ་ཞིག་རེད་ཨང་།
གཟའ་འཁོར་གཅིག་འགོར་རྗེས་ཀྱི་ཉིན་གུང་ཞིག་ལ། བཟང་མོས་ལྕི་བ་སླེ་བོ་གང་རྒྱབ་ཏུ་འཁུར་ཏེ་རང་ཁྱིམ་དུ་ལོག་སྐབས་ལམ་བར་དུ་ཨ་མ་དང་འཕྲད་ཟིན།
ཨ་མས།"བཟང་མོ། ཁྱོད་རང་ལྕི་བ་འཐུ་རུ་སོང་ངམ།
བཟང་མོ། ཨོ་ལེ་ཨ་མ། ཁྱོད་རང་གང་དུ་འགྲོ་རྒྱུ།
ཨ་མས། ཨོ། ང་མ་གིའི་ཁྱིམ་མཚེས་ཨ་མ་གཡུ་སྒྲོན་ཚང་དུ་སྟོང་མཆོད་འདོན་པར་རོགས་ཤིག་བྱེད་དུ་འགྲོ་བསམ་གིན་ཡོད། གོ་ཐོས་སུ་ལས་འགྲུབ་རྫོང་ཐོག་ཏུ་ལས་ཀར་བུད་སོང་ཟེར་བ་ཨེ་བདེན། ངས་ཁྱོད་ཀྱི་ཨ་ཕའི་ཁ་ནས་གོ་བ་ཡིན། ཨ་ཕས་ཀྱང་ཕུ་ཚེ་དཔལ་གྱིས་བཤད་ཀི་ཟེར།
བཟང་མོས།"དེ་བདེན་ཡ་ཨ་མ། སྐྱ་བྷས་ལས་ཀ་དགའ་ཞིག་རེད་ཟེར་ནས་ཁོ་ཚོ་བུད་སོང་། སྤྱིར་ཁྱེད་རྒན་རྒོན་གཉིས་ལ་ཅིག་བཤད་བསམ་མོད། འོན་ཀྱང་ལས་འགྲུབ་ཀྱིས་ཁྱོད་གཉིས་འཐད་པ་བྱུང་རྒྱུ་མ་རེད་འདོད་དེ་ཁ་རོགས་གེར་བུད་སོང་ནི་རེད། ད་ཨ་ཕ་ཁྱེད་གཉིས་ཀྱིས་སེམས་ཁུར་བྱེད་དགོས་ནི་མ་རེད། ད་ང་ཡང་བདེ་ཐང་ཡིན་པས། ཁོ་རང་སྒོར་སོང་ནས་ཤེས་རྒྱ་ཞིག་བསྐྱེད་ན་བཟང་།" ཨ་མས།"དེ་ཡག་པོ་འདུག་མོད། འོན་ཀྱང་སྐྱ་བྷ་དེ་སྐྱ་སྟོང་ཡིན་པས། ཨ་ཕས་ཀྱང་སེམས་བདེ་གི་མེད་ཀི ཡ་ཡ། ད་སྐྱོན་མེད་པའི་སྨོན་ལམ་འདེབས། ད་སོང་ཞིག ཁྱིམ་དུ་གཅིག་པུ་སུན་ཚེ། ཡུལ་དུ་ཤོག་དང་ང་ཚོ་མཉམ་དུ་བསྡད་ཆོག"ཡ་ཡ། ཨ་མ་"ཟེར་ཞོར་བཟང་མོས་སླེ་བོ་ཁུར་ཏེ་ཡུལ་དུ་ལོག
ལས་འགྲུབ་དང་སྐྱ་བྷ་སོགས་ཀྱི་ལས་ཀ་ལས་བཞིན་འདུག་ལ། ལས་འགྲུབ་ཀྱིས་སེམས་ཤུགས་ཡོད་རྒུ་བཏོན་ནས་རང་ལ་འཁུར་དུ་བཅུག་ཡོད་པའི་ལས་འགན་དང་དུ་བླངས་ཤིང་། ལས་ཀར་འབད་བརྩོན་བྱེད་བཞིན་མཆིས། ཟླ་གཉིས་འགོར་རྗེས་ཀྱི་ཕྱི་དྲོ་ཞིག་ལ། སྐྱ་བྷས་ཟླ་གཉིས་ཀྱི་གླ་ཕོགས་རྩིས་རྒྱབ་ཏེ། ལས་འགྲུབ་ལ་བྱིན།
སྐྱ་བྷས། འདི། ལས་འགྲུབ།"འདི་ཁྱོད་ཀྱི་ཟླ་གཉིས་ཀྱི་གླ་ཕོགས་རེད། སྐར་གང་ཡང་ཆད་མི་འདུག སྒོར་ཁྲི་གཅིག་དང་སྟོང་གཉིས་ཡོད། ཟླ་གཅིག་ལ་སྒོར་སྟོང་དྲུག ཟླ་གཉིས་ལ་ཁྲི་གཅིག་དང་སྟོང་གཉིས། འདི་ཁྱོས་རྩིས་དང་། དེའི་མི་ཚད་ད་དུང་སྦྱིན་བདག་གིས་ཁྱོད་ལ་སྒོར་ལྔ་བརྒྱ་དགའ་རྟགས་བྱིན་ནི་ཡིན་ཟེར་ཀི ཁྱོད་ཀྱིས་ལས་ཀར་ཤི་རེ་བྱས་ནི་མི་ཚད། ད་དུང་ལས་གྲོགས་རྣམས་ལ་ལྟ་སྐུལ་བྱེད་པ་དང་ཤ་ཚ་བས། ཁྱོད་ཀྱི་རང་གཤིས་དྲང་མོའི་སྙིང་སྟོབས་ལ་བསྟོད་བསྔགས་བྱེད་ཀྱིན་ཡོད། ད་ཅི་འདྲ་རེད། ངས་ཁྱོད་ལ་ལབ་བརྒྱབ་མེད་ལ།"
ལས་འགྲུབ་ཀྱིས།"ངས་ལབ་བརྒྱག་པར་འདོད་ཀི་མེད། དེ་བས། ང་ཁྱོད་དང་འགྲོགས་ནས་འོང་བ་མ་ཡིན་ནམ། ཡང་གཅིག་བཤད་ན་འུ་གཉིས་ཀྱང་དེ་སྔོན་ཞིག་ནས་གྲོགས་བཟང་མིན་ནམ།" ལས་འགྲུབ་ཀྱི་ཡིད་སེམས་དགའ་བས་ཁེངས་ལ། ད་དུང་ཧུར་བརྩོན་བྱེད་དགོས་པའི་སྤོབས་སེམས་ཤིག་ཀྱང་ངང་གིས་ཐོན།
སྐབས་དེར། སྐྱ་བྷས།"ལས་འགྲུབ། ད་གླ་ཕོགས་བྱིན་ཟིན། དེ་དགུང་ད་ཟ་མ་དགའ་ཞིག་བཟས་ན་ཅི་འདྲ་རེད། སྡུག་ཁོ་ན་དག་ཀྱང་ནང་དོན་མི་འདུག མཚམས་ལན་རེར་སྐྱིད་ཅུང་ཙམ་རྒྱག་དགོས་ནི་རེད"ཅེས་བཤད་པར། ལས་འགྲུབ་ཀྱིས་འདང་ཞིག་རྒྱབ་ཏེ། དྲང་མོར་བཤད་ན་དེ་རིང་གི་སྒོར་འདི་དག་སྐྱ་བྷས་རོགས་རམ་དང་འབྲེལ་ཐབས་མེད་ལ། མི་ཞིག་ཡིན་ཚེ་རྒྱུ་འབྲས་ཡོད་དགོས་པ་རེད་བསམ་ནས།"ཆོག་གི དེ་དགོང་ངས་ཁྱོད་ལ་མགྲོན་ཞིག་བྱེད་ཡ། མི་ཞིག་ཡིན་ཚེ་རྒྱུ་འབྲས་ཡོད་དགོས་པ་རེད། ད་ངལ་གསོ་རན་དུ་ཐོན་ལ་ཉེ། འུ་གཉིས་ཉལ་ཁང་དུ་འགྲོར་ཁ་ལག་བཀྲུས་རྗེས་ཟ་མ་བཟའ་རུ་འགྲོ་ཟེར"ཞོར་ཁོ་གཉིས་ཉལ་ཁང་དུ་སོང་།
ཉི་མ་ནུབ་ལ་ཉེ་བའི་མཚམས་སུ་ལས་འགྲུབ་དང་སྐྱ་བྷ་གཉིས་རྫོང་གི་བོད་ཟས་ཁང་ཞིག་གི་སྒོ་མདུན་དུ་ཟ་མ་གང་དུ་བཟའ་རུ་འགྲོ་བར་གྲོས་བྱེད་བཞིན་འདུག
ཅུང་མ་འགོར་བར་བོད་ཟས་ཁང་དེའི་ནང་དུ་འཛུལ།
ལས་འགྲུབ་ཀྱིས།" ཡ་སྐྱ་བྷ། ཁྱོད་ཀྱི་ཅི་ཞིག་འཐུང་ན་འདོད་ཀི"ཞེས་དྲིས་པར།
སྐྱ་བྷས།"ཞབས་ཕྱི་བ་བོས་ཤིག ཟས་བྱང་དུ་བལྟ་ནས་བཤད་ཟེར་ཞོར། ཞབས་ཕྱི་བ། ཟས་བྱང་འཁྱེར་ཤོག་ཟེར། "སྐྱ་བྷས་ཟས་བྱང་དུ་བལྟས་རྗེས།"ཤ་ཚོད་སྡེར་མ་གང་དང་།ནང་ཁྲོལ་རྒྱ་མ་གང་། ཞོ་འབྲས་དཀར་ཡོལ་གང་རེ་བཤད་རྗེས། ལས་འགྲུབ་ལ། འདི་དག་ཅི་འདྲ་རེད། ད་ཁྱོས་ཤོད་ཟེར།"
ལས་འགྲུབ་ཀྱིས།"ད་ཆོག་འདུག མི་འདང་ཚེ་ཡང་བསྐྱར་བཤད་ཆོག ཁྱོད་ཀྱི་ཆང་ཞིག་ཤོད་དང་། ཁྱོད་རང་ཆང་འཐུང་རྒྱུར་དགའ་བ་ངས་ཤེས་ནི་རེད་"ཟེར། སྐྱ་བྷས་ལས་འགྲུབ་ལ་འཛེམ་དོགས་བྱེད་ཁུལ་ཞིག་བྱས། "ཡ་དེས་ན་ལྷ་སའི་ཝུ་ཆང་སྒམ་གང་འཁྱེར་ཤོག"་ཟེར། ལས་འགྲུབ་དང་སྐྱ་བྷ་གཉིས་ཀྱིས་ཟ་མ་བཟའ་འགོ་བརྩམས་ཤིང་། སྐྱ་བྷས་ཝུ་ཆང་དཀར་ཡོལ་གང་བླུག་ནས། ལས་འགྲུབ་ལ།"དེ་རིང་ཁྱོས་ཀྱང་ཉུང་ཙམ་ཞིག་འཐུང"་ཟེར་མོད། འོན་ཀྱང་། ལས་འགྲུབ་ཀྱིས་དང་ལེན་མ་བྱས།"
ལས་འགྲུབ་ཀྱིས།"ངས་འཐུང་མི་ཉན། སྨན་པས་འཐུང་མི་ཉན"ཟེར།
སྐྱ་བྷས།"དེས་ན་ཁྱོས་ཇ་ཆང་གི་ཚབ་ཏུ་འཐུང་ན་ཇི་འདྲ་རེད"ཟེར་ཞོར། ལས་འགྲུབ་ཀྱི་ཇ་ཕོར་དང་ཐུགས་རྒྱབ་ཏེ་ཝུ་ཆང་དཀར་ཡོལ་གང་བོ་དབུགས་ཐེངས་གཅིག་གིས་བཏུང་།
ལས་འགྲུབ་ཀྱིས།"ཡ་ད་ཐོག་མར་ཟ་མ་ཟས་རྗེས་མུ་མཐུད་དུ་འཐུང་ཞིག"
སྐྱ་བྷས།"ཆོག་གི"ཟེར་ཞོར་ཁོ་གཉིས་ཀྱིས་ཟ་མ་བཟའ་འགོ་བརྩམས། ཟ་ཁང་དུ་ཆུ་ཚོད་གསུམ་ལྷག་འགོར་རྗེས། སྐྱ་བྷས་ཝུ་ཆང་སྒམ་གང་གི་བྱེད་ཀ་འཐུང་ཟིན་ལ། བཟི་མདོག་ཀྱང་ཅུང་ཙམ་མངོན་འདུག
སྐྱ་བྷས།"ལས་འགྲུབ་ཁྱོད་རང་སྟག་ཤར་བ་ཞིག་མ་རེད། ཆང་ཅུང་ཙམ་ཡང་མི་འཐུང་བར། ཆུང་མར་སྐྲག་པའི་ཕོ་གསར་ལ་སྟག་ཤ་རའི་མིང་མི་འོས། ད་དུང་འུ་གཉིས་གྲོགས་པོ་ཡིན་ཟེར་བཞིན་ཡོད། གྲོགས་པོ་ཟེར་བ་འདི་འདྲ་བ་ཞིག་ཨེ་རེད"ཅེས་ཆང་གཏམ་མང་པོ་བཤད་བྱུང་། སྐྱ་བྷས་ཟུར་ཟའི་སྐད་ཆ་དག་གི་གནོན་ཤུགས་འོག ལས་འགྲུབ་ཀྱིས་ཀྱང་ཆང་འཐུང་འགོ་བརྩམས་བྱུང་།
སྐྱ་བྷས། ཨོ་ལེ། འདི་འདྲ་ཞིག་ལ་ད་བཟོད་གྲོགས་པོ་ཟེར།རྗེས་ཕྱོགས་མུ་མཐུད་དུ་མཉམ་དུ་སྒོར་མོ་བཙལ་རུ་འགྲོ་ཟེར་ཞོར། ཝུ་ཆང་དཀར་ཡོལ་གང་རེ་གང་རེ་མིད། ལས་འགྲུབ་ཀྱི་ངོ་མདོག་ཀྱང་ཅུང་དམར་པོར་གྱུར་འདུག་ལ། ཁོས་སྐྱ་བྷར། ད་ལོ་རྗེས་མར་སླེབས་ལ་ཉེ་བས། ལོ་རྗེས་མའི་ནང་ཁྱོད་ལ་བསམ་ཚུལ་འདྲ་ཨེ་ཡོད། སྐྱ་བྷས། ལོ་རྗེས་མའི་ནང་འུ་གཉིས་དབྱར་རྩ་དགུན་འབུ་བརྐོ་བར་འགྲོ མགོ་ལོག་ཏུ་ང་འབྲོག་པ་ངོ་ཤེས་དགའ་ཞིག་ཡོད།ཁོ་ཚང་གི་རྩ་སར་འབུ་ཧ་ཅང་མང་། ས་རིན་ཡང་ཕྱེད་ཀ་བྱིན་ན་ཆོག གལ་ཏེ་ཁྱོད་རང་ངོ་མ་ཅན་གྱི་འགྲོ་རྒྱུ་ཡིན་ན། ངས་འབྲེལ་གཏུགས་བྱོས་ཆོག ཁྱོད་ལ་ས་རིན་ཕྱེད་ཀ་མ་གཏོགས་མི་ལེན་ཁོ་ཐག་ཡིན། ངས་ད་ཁ་པར་བརྒྱབ་ན་ཆོག་ཞེས་འུར་ལངས་བར། ལས་འགྲུབ་ཀྱིས་ཀྱང་སྐྱ་བྷའི་གཏམ་དེ་ཐོས་པར་འུར་ལངས་ནས། ལོས་འགྲོ་ལོས་འགྲོ འོ་ན་ཁྱོས་ཁ་པར་ཞིག་བརྒྱབ་ནས་ཚོད་ལྟ་བྱེད་རྒྱུ་ཡིན་ནམ། སྐྱ་བྷས་ཐེ་ཚོམ་ཅི་ཡང་མེད་པར། ཏིན་་་་ཏིན་་་ཏིན།
སྐྱ་བྷས། ཝེ། ཝེ། གྲོགས་པོ་རིག་མཆོག་ཡིན་ནམ། ཡིན། སྐྱ་བྷ་བདེ་མོ། བདེ་མོ་ཡིན་ཞེས་དོན་དག་ཐག་བཅད་བྱུང་ལ། ལས་འགྲུབ་ཀྱི་སེམས་ཁམས་སྔར་ལས་ཇེ་སྐྱིད་དུ་སོང་ནས་སྨན་པ་དང་བཟང་མོས་བཤད་པའི་སྐད་ཆ་དག་ཕལ་ཆེར་བརྗེད་སོང་བ་དང་འདྲ་བར།ཝུ་ཆང་དཀར་ཡོལ་གང་རེ་གང་རེ་ཤུགས་ཀྱིས་འཐུང་སྟེ། ལོ་རྗེས་མའི་ནང་ཁོ་དང་སྐྱ་བྷ་གཉིས་མགོ་ལོག་ཏུ་དབྱར་རྩ་དགུན་འབུ་བརྐོ་རུ་འགྲོ་བར་དུས་བཅད་བྱས་ཤིང་། ཁོ་གཉིས་ཀྱིས་ཝུ་ཆང་སྒམ་གཉིས་འཐུང་རྗེས་བཟི་མ་གསལ་གྱི་ངང་ནས་འཆལ་གཏམ་བཤད་བཞིན་འདུག
སྐྱ་བྷས། ཡ་ལས་འགྲུབ། དེ་དགོང་འུ་གཉིས་ཀྱི་ཆང་འཐུང་ནས་སྐྱིད་རྒྱབ་ཟིན། ད་འུ་གཉིས་སྐྱིད་གཞན་ཞིག་རྒྱག་གི་སོང་ན་ཅི་འདྲ་རེད།
ལས་འགྲུབ་ཀྱིས་བཟི་སྐད་ལས། སྐྱིད་གཞན་ཞིག་ཟེར་བ་ཅི་ཞིག་ཡིན་པ་རེད། ངོ་མ་དེ་འདྲ་ཡ་མཚར་བ་སྐྱིད་པོ་ཞིག་ཡིན་ན། ངས་ཁྱོད་ལ་མགྲོན་ལོས་བྱེད། ད་ཐེངས་ཁྱོས་ང་ལ་རོགས་ཉུང་ཉུང་བྱས་མེད་ཟེར་ཞོར་ལས་སྐྱ་བྷར་ཆང་ཕོར་བྱིན།
སྐྱ་བྷས། ཆང་ཕོར་བ་གང་བོ་ཧབ་གང་བྱས་ནས། ཡ་དེས་ན་ངའི་གཞུག་ཏུ་ཤོག་དང་ཤེས་ངེས་ཟེར་ཞོར། བཟི་མ་སད་ཀྱི་ལས་འགྲུབ་སྐྱོར་ཏེ་གཞང་འཚོང་ཁང་ཞིག་ཏུ་འཛུལ།
དུས་ཚོད་ཇ་ཡུན་ཙམ་འགོར་རྗེས། སྐྱ་བྷ་དང་ལས་འགྲུབ་གཉིས་སྒོར་བུད་བྱུང་ལ། ལས་འགྲུབ་སྔར་བཞིན་བཟི་མ་སད་ཀྱིས་ཆང་སྐད་རབ་རིབ་བཤད་ཀིན་ཡོད།
ལས་འགྲུབ་ཀྱིས་དེ་དགོང་གི་བུ་མོ་མཛེས་མ་དེ་གང་གི་རེད། ཁྱོད་ཀྱི་དགའ་རོགས་རེད་པ། ཁྱོད་ལ་དགའ་རོགས་ཡག་མ་མང་ཀ་ཞེས་ལས་འགྲུབ་ཀྱིས་སྐྱ་བྷའི་དགའ་རོགས་ཁོ་ལ་ངོ་སྦྱོར་བྱས་པ་བསམ་པ་ལས་ཁོ་རང་གཞང་འཚོང་མ་ཞིག་ལ་ཐུག་ཏུ་བཅུག་ཡོད་པ་ཅིས་ཀྱང་འདོད་མེད་དོ།
སྐྱ་བྷས། ལས་འགྲུབ་ཀྱི་མཆན་ཁུང་ནས་སྐྱོར་ཏེ་མལ་ཁང་དུ་ལོག་བཞིན། ཡ་ལས་འགྲུབ། དེ་རིང་ད་སྐྱིད་རྒྱབ་ལ། ཁྱོད་འདི་བཟི་སྟོབས་མེད་ཀི ཆང་འཐུང་ནི་ཅན་གོ་མ་རེད། ཁྱོས་ད་ཅི་སྐྱིད་རྒྱབ་པ་བརྗེད་སོང་བ་ཅི་ཡིན་རེད། རྗེས་ཕྱོགས་ད་དུང་འུ་གཉིས་ཀྱི་སྐྱིད་མང་པོ་རྒྱག་ཐུབ་ངེས་ཟེར་ཞོར་ཁོ་གཉིས་སྡོད་སར་འཛུལ།
ཟླ་གསུམ་གྱི་རྗེས་སུ། ནོར་འཛིན་ཨ་མས་དགུན་གྱི་ལྭ་བ་མནབས་འགོ་བརྩམས་ལ། ལས་འགྲུབ་ཀྱིས་ལས་ཀ་མཚམས་བཞག་ནས་གླ་ཕོགས་སྒོར་ཁྲི་གཅིག་དང་སྟོང་བརྒྱད་ལྷག་འཁྱེར་ནས་དགའ་འཛུམ་ཁྲོད་ཁྱིམ་དུ་ལོག་པ་དང་། ཁོས་བཟང་མོར་ལག་འཁྱེར་ཁ་པར་ཞིག་ཀྱང་ཉོས་ནས་འོང་།
བཟང་མོ། "སྒོར་མོ་འདིའི་སྟེང་བརླག་ནས་ཅི་བྱེད། གོང་ཆེན་ཞིག་ཡིན་ནམ། བཟང་མོས་དེ་ལྟར་འདྲི་བཞིན་འདུག
ལས་འགྲུབ་ཀྱིས། རིན་གོང་མཐོ་རྒྱུ་མི་འདུག དེང་སང་བརྡ་འཕྲིན་གྱི་དུས་རབས་ལ་སླེབས་ཡོད་ནི་རེད། རྗེས་ཕྱོགས་ང་སྒོ་ཕྱི་ལ་སོང་ཚེ་ཁྱོད་ལ་འབྲེལ་གཏུགས་བྱེད་སྤྱད་ཅིག་དགོས་ཀི"ཟེར།
བཟང་མོས་རང་གི་བཟའ་ཟླའི་སྒོར་འདི་འདྲ་མང་པོ་ཞིག་འཁྱེར་ཡོང་བ་ཡིད་ལའང་མ་དྲན་ཞིང་། ཁོ་མོའི་རྒྱུན་པར་བསམ་བཞིན་པ་ནི་རང་གི་ཁྱོ་ག་ཐེངས་དང་པོར་སྒོར་སོང་ནས་སྦྱོང་བརྡར་བྱས་ཚེ་དོན་རྐྱེན་འདྲ་བྱུང་ཨེ་འགྲོ་སྙམ་ནས་སེམས་ཁྲལ་བྱེད་བཞིན་ཡོད་པ་དེ་ཡིན་མོད། འོན་ཀྱང་། ཐེངས་འདིར་ལས་འགྲུབ་ཀྱིས་ཞོར་ལས་བཙལ་ནས་ཁེ་སྤོགས་བཟང་པོ་ཞིག་ལོན་པ་འདིས་ཁོ་གཉིས་ཀྱི་འདང་བརྩེ་ལ་ཡང་བསྐྱར་དྲག་མདངས་འཚེར་བའི་འོད་སྣང་ཞིག་བསྣན་ཡོད་པར་མ་ཟད། ད་དུང་ཕ་ཨ་རྣམ་གཉིས་དང་ཕུ་ནུ་མིང་སྲིང་། སྡེ་མི་སོགས་ཀྱིས་ཀྱང་ལས་འགྲུབ་ནི་བུ་རེ་བ་ཅན་ལ་རེ་བཞག་དང་གོས་རི་མོ་ཅན་ལ་རྒྱང་ལྟས་ཀྱི་ཚུལ་གྱིས་ཁ་མིག་ཡར་ལྟ་བྱེད་སའི་མིག་དཔེ་ཞིག་ཏུ་འཛིན་བཞིན་ཡོད།
ཟླ་དྲུག་གི་རྗེས་སུ། ལྷ་ཡག་སྡེ་བའི་སྡེ་མི་ཚོས་ཐུན་མོང་དུ་གླེང་བཞིན་པའི་བརྗོད་བྱ་གཅིག་པུ་ནི་ད་ལོར་དབྱར་རྩ་བརྐོ་རུ་གང་དུ་སོང་ན་ལེགས་པའི་སྐོར་དང་རྩྭ་ས་ཇི་ལྟར་ཉོ་རྒྱུའི་སྐོར་ཡིན་ལ། སྐྱེ་ཕོ་མོ་རྒན་གཞོན་ཚང་མ་དབྱར་རྩ་དགུན་འབུ་བརྐོ་རུ་འགྲོ་བར་གྲ་སྒྲིག་བྱེད་བཞིན་མཆིས། བལྟས་ཚོད་དུ་དབྱར་རྩ་དགུན་འབུ་ནི་རོང་འབྲོག་མང་ཚོགས་ཀྱི་འཚོ་རྟེན་ཁོ་ནར་གྱུར་ཡོད་པར་འདྲ་ལ། མི་སུ་ལའང་དབྱར་རྩ་དགུན་འབུ་བརྐོ་རུ་མ་སོང་ཚེ། དཔལ་འབྱོར་གྱི་ཡོང་ཁུངས་ཟད་པ་ལྟ་བུའི་ཚོར་བ་ཞིག་བསྐྱེད་ཀིན་འདུག གུང་ཇའི་སྐབས་ཤིག་ལ། ལས་འགྲུབ་ཀྱིས་ཀྱང་དེ་སྔོན་གྲོགས་པོ་སྐྱ་བྷ་ཁོ་གཉིས་མགོ་ལོག་ཏུ་དབྱར་རྩ་བརྐོ་རུ་འགྲོ་བར་དུས་བཅད་བྱས་ཡོད་པའི་གནས་ཚུལ་སོགས་བཟང་མོར་བཤད།
ལས་འགྲུབ། བཟང་མོ། ད་དབྱར་རྩ་བརྐོ་རན་ལ་ཐོན་ཟིན། དེ་དུས་ང་རྫོང་ཐོག་ཏུ་ཞོེར་ལས་ལ་སོང་ནས། སྐྱ་བྷ་ངེད་གཉིས་ཀྱིས་ད་ལོ་མགོ་ལོག་ཏུ་དབྱར་རྩ་དགུན་འབུ་བརྐོ་རུ་འགྲོ་རྒྱུར་གྲོས་བྱས་ནས་ཐག་བཅད་ཡོད། དེ་བས། ད་ཉིན་གཅིག་གཉིས་ཙམ་གྱིས་སྐྱ་བྷས་བརྡ་ཡོང་བ་ཁོ་ཐག་ཡིན། ད་ངས་ཀྱང་ལམ་ལ་ལངས་ན་རེད།
བཟང་མོ། ད་དེ་ལྟར་བྱོས་ཤིག ཐེངས་སྔོན་མར་སྐྱ་བྷ་ཁྱོད་གཉིས་ཞོར་ལས་སུ་སོང་ནས་ལག་ཡོང་ཧ་ཅང་ཧྲ་གི ད་ཐེངས་ཀྱང་ཁྱོད་གཉིས་ཀྱི་དོན་དག་ལམ་འགྲོ་ཡོང་བའི་སྨོན་ལམ། ངས་ཁྱོད་ཀྱི་སྡུག་འདག་གིན་འདུག་བསམ་ནས་སེམས་ཁུར་ཡོང་གི
ལས་འགྲུབ། བཟང་མོ། དེར་སྐྱོན་མི་འདུག གཙོ་བོ་འུ་གཉིས་ལ་ན་ཚ་རེ་མ་ཡོང་ན། སྡུག་ཅུང་ཙམ་རེ་བཏག་ན་དེར་སྐྱོན་ཅི་ཡོད། ད་དུང་ང་གསར་བུ་རེད་མོད་ཟེར་ཞོར་ལག་པ་གཉིས་ཡར་བཀྱག་ནས་རང་གི་བྲང་ཁར་རྡུང་ནས་སྟོབས་ཤུགས་ཤིག་བསྟན།
བཟང་མོ། ལས་འགྲུབ་ཀྱི་སེམས་གསོའི་རྣམ་པ་དེར་གད་མོ་ཞིག་ཤོར་ཏེ་འཛུམ་ཤིག་བསྟན་ནས། གང་ལྟར་རང་གི་རང་ལ་བདག་སྐྱོང་བཟང་བོ་བྱས་ན་ལེགས་ཟེར་ཞོར་ལས་འགྲུབ་ལ་ཇ་བླུག
བཟང་མོས་ཀྱང་ལས་འགྲུབ་ཀྱི་ཁ་ཐོག་ཏུ་བཞག་པ་དང་། ལས་འགྲུབ་ལ་ལམ་ཆས་བརྒྱག་པར་གྲ་སྒྲིག་བྱས། བཟང་མོས་ལས་འགྲུབ་སྒོར་སོང་ནས་དཀའ་སྡུག་མྱོང་བའང་ཁྱིམ་འདི་དང་མོ་རང་གི་ཆེད་དུ་ཡིན་པ་ནམ་ཡང་རྟོགས་ཀྱིན་ཡོད་ལ། ཁོ་རང་ཐོག་དང་པོར་རྫོང་ཐོག་ཏུ་ལས་ཀར་སོང་ནས་ལག་འབྲས་བཟང་པོ་བླངས་པར་མོ་རང་ཡིད་འགུལ་ཐེབས་བཞིན་ཡོད། ད་ཐེངས་མགོ་ལོག་དུ་དབྱར་རྩ་དགུན་འབུ་བརྐོ་རུ་སོང་ན་ཕྱོགས་གཅིག་ནས་ལམ་ཐག་རིང་བ་དང་ཕྱོགས་གཞན་ཞིག་ནས་ས་ཆ་མེད་དང་ལ་གཟར་ལུང་ཟབ་ཡིན་པས་མོའི་སེམས་དེ་འདྲ་སྐྱིད་པོ་མི་འདུག་ནའང་། མོས་རང་ནུས་ཅི་ལྕོགས་ཀྱིས་ལས་འགྲུབ་ཀྱི་དོན་ལ་སེམས་ཤུགས་བསྐྱེད་དེ་རྒྱབ་སྐྱོར་གནང་བཞིན་ཡོད།
ལྷ་ཡག་སྡེ་བའི་ཕོ་མོ་རྒན་གཞོན་མང་ཆེ་བ་དག་ལག་སྐྱོར་འཁོར་ལོར་བསྡད་དེ་འཕྲོ་རིམ་འཕྲོར་སྡེ་བ་དང་ཁ་བྲལ་བཞིན་འདུག དེ་རིང་ནི་ལས་འགྲུབ་དང་སྐྱ་བྷ་གཉིས་ཀྱང་དབྱར་རྩ་དགུན་འབུ་བརྐོ་རུ་འགྲོ་བའི་ཉིན་ཡིན་ལ། བཟང་མོ་སྔ་མོ་ཞིག་ནས་ཡར་ལངས་ཏེ། ཁྱིམ་ལས་རྩག་རྩིག་རྣམས་ལས་བཞིན་མཆིས། ལས་འགྲུབ་ཀྱང་ཡར་ལངས་ནས། སྒོ་ཕྱུགས་རྣམས་རི་འགོར་ཕུད་ཅིང་། ཞོར་དུ་སྐྱ་བྷ་ཚང་དུ་སོང་ནས་ཁོ་བོར་སྔ་མོ་རུ་ལམ་དུ་ཆས་དགོས་བར་བརྡ་བཏང་རྗེས་ཕྱིར་ཁྱིམ་དུ་ལོག བཟང་མོས་ལས་འགྲུབ་ཀྱི་ལམ་ཆས་ཡོད་ཚད་ཚགས་སུ་ཆུད་ཡོད་པ་དང་། སྨན་རྫས་དང་། རིལ་དཀར་སོགས་བོད་སྨན་དང་རྒྱ་སྨན་སོགས་ཀྱི་འགྱིག་ཤོག་ཁུག་མ་གང་གྲ་སྒྲིག་བྱས་ནས། ལས་འགྲུབ་ལ་རི་མགོ་རྫ་མགོ་མཐོ་སར་སོང་ན་རྒྱུན་དུ་ལུས་ཁམས་ལ་ཉམས་འཇོག་བྱེད་དགོས་པར་མ་ཟད། ད་དུང་ལུས་ཁམས་བདེ་མིན་ལྟར་སྨན་རྒྱུན་འཐུང་བྱེད་དགོས་པ་སོགས་ཀྱི་ཤ་ཚའི་གཏམ་ནན་བཤད་བྱེད་བཞིན་ཡོད་པ་དང་། ལས་འགྲུབ་ཀྱིས་ཀྱང་བཟང་མོར་སེམས་ཁྲལ་བྱེད་མི་དགོས་པའི་སྐོར་གྱི་སེམས་གསོ་གང་མང་བྱེད་བཞིན་འདུག ཅུང་མ་འགོར་བར། སྐྱ་བྷ་ཐོན་བྱུང་།
སྐྱ་བྷ།"གྲ་སྒྲིག་བྱས་ཚར་ཡོད་དམ། ད་འགྲོ་རྒྱུ་བྱེད།"
ལས་འགྲུབ། "གྲ་སྒྲིག་བྱས་ཚར་ཟིན། ང་ཚོ་འགྲོ་ཆོག"ཅེས་ཟེར་ཞོར་རྡོག་ཁྲེས་དང་ཅ་ལག་རྣམས་འཁྱེར་ནས་སྒོར་བུད། བཟང་མོས་ཏ་ལེན་ཁུག་མ་འཁུར་ཏེ་ལས་འགྲུབ་སྐྱེལ་མ་བྱས། འགྲོ་ཞོར་དུ། སྐྱ་བྷ། "དེ་རིང་ངའི་ལག་སྐྱོར་འཁོར་ལོ་བསྐོར་ཏེ་རྫོང་ཐོག་ཏུ་སོང་ན། ཕྱི་དྲོ་མགོ་ལོག་གི་སྦྱིན་བདག་ང་ཚོ་ལེན་དུ་ཡོང་ངེས། ང་ཚོ་སང་ཉིན་ཕྱི་དྲོ་མ་གཏོགས་མགོ་ལོག་ཏུ་ཐོན་མི་སྲིད"།
བཟང་མོས།"དེས་ན་ཁྱོད་གཉིས་ཀྱིས་སེམས་ཆུང་བྱེད་དགོས། མགོ་ལོག་ཏུ་འབྱོར་ཚེ། ཁ་པར་གཏོང་རྒྱུ་མ་བརྗེད།"
སྐྱ་བྷ། "བཟང་མོ་ཁྱོད་རང་སེམས་བདེ་མོ་བྱོས་ཏེ་སྡོད་ཅིག ལས་འགྲུབ་ངེད་གཉིས་མཉམ་དུ་ཡོད་ཚེ་དོན་དག་འབྱུང་མི་སྲིད་པ་ཁོ་ཐག་ཡིན"ཞེས་བཤད་ཞོར།
འགུལ་སྟངས།(ཅ་ལག་རྣམས་ལག་སྐྱོར་འཁོར་ལོའི་འཁོར་སྒྲོམ་དུ་བཞག་ལ། འཁོར་སྒྲོམ་དུ་སྡེ་བའི་ན་གཞོན་འགའ་ཡང་བསྡད་འདུག སྐྱ་བྷས་ལག་སྐྱོར་འཁོར་ལོ་བསྐོར་ཏེ་འུར་སྒྲ་དང་བཅས་བཟང་མོ་དང་རྒྱང་དུ་གྱེས། འདི་ལྟར་ལས་འགྲུབ་དང་བཟང་མོ་གཉིས་ཡང་བསྐྱར་འཇིག་རྟེན་འཚོ་བའི་ཆེད་དུ་རེ་ཞིག་ཁ་བྲལ་ལ། འདི་ནི་ལས་འགྲུབ་དང་བཟང་མོ་གཉིས་དུས་ཡུན་ག་ཙམ་ཞིག་གི་རྗེས་ཀྱི་ཁ་བྲལ་ཐེངས་གཉིས་པ་རེད།)
འགུལ་སྟངས།(ཉིན་གསུམ་འགོར་རྗེས་ཀྱི་ཉིན་གུང་ཞིག་ལ། བཟང་མོས་ཁྱིམ་གྱི་ཁྱམས་ར་རུ་གོན་པ་བཀྲུ་བཞིན་ཡོད་ལ། ནམ་ཡང་རེ་སྒུག་བྱེད་བཞིན་པའི་ཁ་པར་འབོད་བརྡ་དེ་གྲགས་བྱུང་། མོས་རང་གི་གམ་དུ་བཞག་ཡོད་པའི་ཁ་པར་མྱུར་དུ་བླངས་ཏེ།)
བཟང་མོས་ཁ་པར་ལ་ཉན་པའི་ཞིབ་བརྙན། "ཝེ། ང་ལས་འགྲུབ་ཡིན། ང་ཚོ་ད་ནངས་སྔ་མོར་ཐོན་པ་ཡིན། ཁ་སང་ལམ་དུ་མ་བསམ་ས་ནས་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་བས། ལམ་དུ་འགོར་འགྱངས་བྱས་སོང་། ལམ་བར་དུ་བརྡ་རྟགས་མེད་པས་་་་་། སྐད་ཆ་བཤད་མ་ཚར་གོང་ལ།
བཟང་མོས། དེས་ན་ཁྱོད་ལ་སྐྱོན་མི་འདུག་གམ། ཁྱོད་ལ་ཁ་པར་མེད་པས་་་་་། སྐད་ཆ་བཤད་མ་ཚར་གོང་ལ།
ལས་འགྲུབ། ང་ལ་སྐྱོན་མི་འདུག ང་ཧ་ཅང་བདེ་ཐང་ཡིན། ཁ་པར་གྲོགས་པོ་གཞན་ལ་ཡོད་ཀི ངས་གཡར་ནས་ཁྱོད་ལ་གཏོང་བསམ་གི་ཡོད། ང་ཚོའི་རླངས་འཁོར་མ་རེད། ཁལ་འདྲུད་མཁན་གྱི་རླངས་འཁོར་ཞིག་རེད།
བཟང་མོ། ཨོ་ཨོ། དེས་ན་བཟང་གི ཁྱོས་ད་ལྟ་ས་ཆ་གང་གང་ཞིག་ན་ཁ་པར་གཏོང་གིན་ཡོད།
ལས་འགྲུབ། ངས་ཚོང་ཁང་ཆུང་ཆུང་ཞིག་ཏུ་ཁ་པར་གཏོང་བཞིན་ཡོད། ངས་ཟ་མ་མ་བཟས་པར་ཁྱོད་ཁ་པར་གཏོང་གི་ཡོང་ནི་ཡིན།
བཟང་མོ། ཨོ། དེས་ན་ད་སོང་ནས་ཟ་མ་ཟོ་ཞིག རང་གི་བདེ་འཇགས་ལ་སེམས་ཁུར་བྱེད་དགོས་ཡ།
ལས་འགྲུབ། ཡ་ཡ། སྐྱོན་མི་འདུག ཁྱོས་ཀྱང་རང་ཉིད་ལ་བདག་སྐྱོང་བྱོས། ད་བདེ་མོ། བདེ་མོ།"
བཟང་མོ། བདེ་མོ། བཟང་མོས་ཁ་པར་རང་གི་གམ་ཏུ་བཞག་རྗེས་མུ་མཐུད་དུ་ལྭ་བ་བཀྲུ་བཞིན་འདུག
ཟླ་གཅིག་གི་རྗེས་སུ། བཟང་མོས་རྒྱུན་དུ་ལས་འགྲུབ་ཀྱི་ཁ་པར་ལ་རེ་སྒུག་བྱས་ཡོད་མོད། འོན་ཀྱང་ལས་འགྲུབ་མགོ་ལོག་ཏུ་ཐོན་པའི་ཉིན་དེ་ནས་བཟུང་བཟང་མོར་ཁ་པར་ཐེངས་གཅིག་མ་གཏོགས་མ་འབྱོར། ཟླ་གཅིག་རིང་ལ་མོའི་ཁ་པར་འབོད་བརྡ་ཞིག་གྲགས་མ་མྱོང་བ་རེད། དེ་ཡང་གཙོ་བོ་བཟང་མོས་རང་གི་ཁ་པར་ཨང་གྲངས་དེ་གཞན་ལ་གང་འདོད་དུ་སྟེར་མི་འདོད་པ་དང་། ཡང་ན་རང་ལ་ལག་འཁྱེར་ཁ་པར་ཡོད་པ་གཞན་ལ་ངོམས་སོ་བྱ་མི་འདོད་པའི་གཞུང་དྲང་ལྷད་མེད་ཀྱི་སྤྱོད་པ་དེ་ཡིན་སྲིད། ལས་འགྲུབ་ཀྱིས་ཁ་པར་མ་བཏང་བའང་ལས་ཀ་འགོ་བརྩམས་ཚེ། ཁོས་ཧུར་ཐག་སྒོས་འབད་བརྩོན་བྱེད་རྒྱུ་དེ་དང་ཡང་ན་རི་མགོ་མཐོ་ས་རུ་འཕྲིན་གཏོང་སྒྲིག་ཆས་སྟབས་མི་བདེ་བ་སོགས་ཀྱིས་ཡིན་ལ། ད་ལྟ་ལས་འགྲུབ་ཀྱི་དབྱར་རྩའི་གྲངས་ཀ་ནི་ཁོ་ཚོའི་རུ་ཁག་ནང་གི་མདུན་གྲལ་ཡིན་པའང་བཟང་མོས་ག་ལ་ཤེས།
ལས་འགྲུབ་ཀྱིས་ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་དབྱར་རྩ་བརྐོ་བཞིན་ཡོད་པ་དང་། སྐྱ་བྷས་རྒྱུན་དུ་སྒྱིད་ལུག་ངང་དུས་འདའ་བར་བྱེད་བཞིན་ཡོད། དབྱར་རྩ་བརྐོ་བའི་དུས་ཚིགས་བརྒལ་བའི་ཉིན་རིམ་གྱིས་སླེབས་ཤིང་། སྦྱིན་བདག་གི་བཀོལ་བ་ཡོད་ཚད་ཀྱང་གྲོག་ཚང་ནང་དུ་རྡོ་འཕང་སོང་བ་ཇི་བཞིན་རླངས་འཁོར་འབབ་ཚིགས་སོ་སོ་རུ་ཡར་འགྲོ་མར་རྒྱུག་བྱེད་བཞིན་ཡོད་ལ། ལས་འགྲུབ་དང་སྐྱ་བྷ་གཉིས་ཀྱང་མི་ཚོགས་ཁྲོད་ཕ་ཡུལ་ལ་ལམ་དུ་ཆས་པར་གྲ་སྒྲིག་བྱེད་བཞིན་ཡོད། བཀོལ་བ་དང་རླངས་འཁོར་ནི་ལུག་ཁྱུ་དང་ནོར་ཁྱུ་ཕན་ཚུན་འདྲེས་པ་ལྟར་སྣང་བས། ལས་འགྲུབ་དང་སྐྱ་བྷ་གཉིས་ཀྱིས་ཟི་ལིང་ཕྱོགས་ཀྱི་རླངས་འཁོར་ཇི་ལྟར་བཙལ་ནའང་ཡོད་ཚད་ཀྱི་པ་སེ་བཙོང་ཚར་འདུག་ཕྱིར། ཁོ་གཉིས་ཞག་འདུག་མི་བྱེད་ཀ་མེད་བྱུང་།
དགུང་མོ་ཁོ་གཉིས་མགྲོན་ཁང་ཆུང་ཆུང་ཞིག་ཏུ་བསྡད་འདུག་ལ། ཕན་ཚུན་གྱི་ཡོང་འབབ་ཅི་འདྲ་ཡིན་པར་ལབ་གླེང་བྱེད་བཞིན་ཡོད།
སྐྱ་བྷ། ཡ་ལས་འགྲུབ། ད་ཐེངས་ཀི་ཡོང་སྒོ་ཅི་འདྲ་རེད།
ལས་འགྲུབ། ངས་ས་རིན་སྤྲད་རྗེས་ཤུལ་དུ་སྒོར་ཁྲི་ལྔ་ལྷག་ཡོད་ཟེར། འོ་ན་ཁྱོད་ཀྱི་ཡོང་སྒོ་ཅི་འདྲ་རེད།
སྐྱ་བྷ། འོ། ངས་ས་རིན་སྤྲད་རྗེས་ཤུལ་དུ་སྒོར་ཁྲི་གཅིག་དང་སྟོང་གསུམ་མ་གཏོགས་ལྷག་མེད་ཟེར། དེ་ལྟར་ཁོ་གཉིས་ཀྱིས་སྒོར་མོ་མང་ཉུང་གླེང་བཞིན་འདུག
སྐྱ་བྷས།"ད་ཐེངས་ཀྱང་ཁྱོད་ང་ལས་རྒྱལ་ཡོད། ཁྱོད་འདི་ངོ་མ་བུ་ངར་བ་ཟེར་ནོ་རེད་ཡ། ང་དང་གྲོགས་པོ་བསྒྲིག་པ་འཆུགས་མེད་ལ། "ཟེར།
ལས་འགྲུབ།"རེད་ཡ། འདི་དག་ཡོད་ཚད་ཁྱོད་ཀྱི་བཀའ་དྲིན་ཡིན་ནི་རེད། ད་ཐེངས་ཁྱོས་ང་ཁྲིད་འོང་མེད་ཚེ། སྒོར་འདི་དག་རྨི་ལམ་མིན་ནམ། ད་ཐེངས་ངས་ཁྱོད་མགྲོན་བཟང་བོ་ཞིག་བྱེད་ཡ།"
སྐྱ་བྷ ། ཧ་ཧ། ཁྱོས་དེ་ཤེས་ཡོད་ན་ཆོག་གི ཁྱེད་ཀྱིས་ང་ལ་ལྷག་ཏུ་མགྲོན་བྱེད་མི་དགོས། འུ་གཉིས་ཀྱིས་སྐྱིད་ཅིག་བརྒྱབ་ན་ཆོ་གི ཁྱོས་བལྟས་ན་ཅི་འདྲ་རེད།"
ལས་འགྲུབ།"དེ་ལྟར་བྱེད། ཁྱོས་ཁ་བླངས་ན་དོན་དག་མི་འབྱུང་བ་ཁོ་ཐག་ཡིན"་ཟེར།
སྐྱ་བྷ། དེས་ན་དེ་དགོང་ཅི་ཞིག་བྱེད་རྒྱུ།
ལས་འགྲུབ།"ཁྱོས་བལྟས་ཤིག"
སྐྱ་བྷ།" དེས་ན་དགུང་ཇ་འཐུང་རྗེས། ཇ་ཁང་དུ་འགྲོར་ངལ་གསོས་ཏེ། ཆང་ཞིག་འཐུང་ན་ཅི་འདྲ་རེད།
ལས་འགྲུབ། "དེ་ལྟར་བྱེད། དེས་ན་ད་སྔ་རྒྱུ་མི་འདུག ང་སྒོར་སོང་ནས་བཟང་མོར་ཁ་པར་ཞིག་བཏང་རྗེས། འུ་གཉིས་ཟ་མ་ཟ་རུ་འགྲོ"་ཟེར།
སྐྱ་བྷ། "དེ་ལྟར་བྱེད།"(ལས་འགྲུབ་མགྲོན་ཁང་དུ་ཕྱིར་བུད་དེ་བཟང་མོར་ཁ་པར་གཏོང་འགོ་བརྩམས། སྐྱ་བྷས་ཁ་པར་བླངས་ཏེ།"ཝེ། དེ་དགོང་ང་ལ་མཛེས་མ་ཞིག་ངོ་སྤྲོད་མི་བྱེད་དམ། མི་གཉིས་ཡོད། ངའི་གྲོགས་པོ་ཞིག་ཡིན། ཡ་ཡ། དེས་ན་སྐབས་ཐོག་ཏུ་ཁ་པར་གཏོང་། ཁ་དན་ཚིག་ལ་གནས་དགོས། སྐབས་དེར་མེད་ཟེར་ན་མི་ཆོག་"ཅེས་ཟེར་ཞོར་ཧབ་དགོད་ཅིག་བྱས་ཏེ་ཁ་པར་གྱི་སྒོ་བརྒྱབ། སྐྱ་བྷའི་མིག་དང་ངོ་གདོང་གི་བཟོ་ལྟ་ཆམ་ཆོམ་གྱི་ཞིབ་བརྙན)
ལས་འགྲུབ། "བཟང་མོ། ཁྱོས་སྡུག་མ་མྱང་ང་། ངས་ཁྱོད་ལ་ཁ་པར་གཏོང་རྒྱུ་ནམ་ཡང་སེམས་ནས་བརྗེད་མ་མྱོང་། འོན་ཀྱང་འབུ་བརྐོ་ས་རུ་བརྡ་རྟགས་དང་ཁ་པར་གཏོང་བྱེད་སོགས་མེད་པས་ཁ་པར་གཏོང་མ་ཐུབ་ཐལ། ཁྱོད་རང་ཁོང་ཁྲོ་ལངས་མི་ཉན། སྤྱིར་ཡིན་ན་དེ་རིང་ཟི་ལིང་དུ་ཐོན་དུ་འཇོག་བསམ་མོད། འོན་ཀྱང་རླངས་འཁོར་པ་སེ་བཙོང་ཚར་བས། ཡོང་མ་ཐུབ་ཐལ། སང་ཉིན་ཟི་ལིང་དུ་ཐོན་ངེས། དེ་དུས་ངས་ཁྱེད་ལ་ཁ་པར་གཏོང་འ། ཡ་ཡ། དེ་ནས་ད་བདེ་མོ་བྱོས། འདིར་ཟུག་སྒྲ་ཆེ་བས་སྐད་ཆ་གསལ་བོ་ཞིག་གོ་མི་འདུག ཡ་ཡ། ད་བདེ་མོ་བྱོས།(ལས་འགྲུབ་ཀྱིས་ཁ་པར་བཏང་ཚར་ཏེ་ཕྱིར་མགྲོན་ཁང་དུ་ཐོན། སྐྱ་བྷ་མལ་ཁྲིའི་སྟེང་གན་རྐྱལ་དུ་ལོག་འདུག)
སྐྱ་བྷ།"ཁ་པར་བཏང་ཚར་སོང་ངམ། དེས་ན་ཟ་མ་ཟ་རུ་འགྲོ་རྒྱུ་ན་ཟེར"ཞོར། ཡར་ལངས་ཏེ་སྒོར་བུད་ཅིང་ཁོ་གཉིས་ཟ་ཁང་ཞིག་ཏུ་འཛུལ། ཟ་མ་ཟས་ཚར་རྗེས་ཁོ་གཉིས་ཕྱིར་ཐོན་ཞིང་། སྔུན་ལ་གྲོས་བྱས་པ་ལྟར། ཇ་ཁང་དུ་བསྐྱོད། ཇ་ཁང་དུ་སྐྱ་བྷས་ལས་འགྲུབ་ལ་ཇ་འཐུང་གི་ག་ལ་འཇོག ཁོ་གཉིས་ཀྱིས་ཝུ་ཆང་སྒམ་གསུམ་འཐུང་ཟིན།
སྐྱ་བྷ། སྐྱ་བྷས་ཁ་པར་ལངས་ཏེ། བཟི་གཏམ་འདྲེས་མས།" ཝེ། ངེད་གཉིས་ཡོང་གི་ཡོད། མཛེས་མ་གྲ་སྒྲིག་བྱས་ཡོད་ལ་"ཟེར།
ལས་འགྲུབ། ལས་འགྲུབ་ཀྱང་ཅུང་བཟི་འདུག་ལ།"སྐྱ་བྷ། ས་འདི་ན་མཛེས་མ་ཞིག་གང་ན་ཡོད། ད་འུ་གཉིས་ངལ་གསོ་རུ་སོང་ན་རེད།"
སྐྱ་བྷ།"དེར་ཁྱོས་སེམས་ཁུར་བྱེད་མི་དགོས། ང་སྐྱ་བྷ་ཡོད་ས་ཞིག་ནས་གྲོགས་པོ་དང་མཛེས་མ་མང་ནི་རེད། ཁྱོད་མཛེས་མར་མི་དགའ་འམ། ཟི་ལིང་གི་མཛེས་མ་ས་འདིའི་མཛེས་མ་ལས་ཀྱང་མཛེས་ཟེར་ཞོར་འུ་གཉིས་གཞན་ཞིག་ཏུ་འགྲོ ངའི་གྲོགས་པོ་ཚང་ན་མཛེས་མ་མང་ཟེར།
ལས་འགྲུབ། "ཟི་ལིང་གི་མཛེས་མ་ཟེར་བ་གང་ཞིག་ཏུ་འདུག"
སྐྱ་བྷས། "བོད་མིའི་ཁྲོམ་ན་ཁྱུ་དང་ཁྱུ་བྱས་ཏེ་ཡོད་པ་ཁྱོས་མ་མཐོང་ངམ། བོད་རྒྱ་སོག་གསུམ་ཡོད་ནི"རེད་ཟེར་ཞོར་ཡར་ལངས་རྩིས་བྱས།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།