གསེར་བུམ་ནང་གི་དུག་ཆུ།
རྩོམ་པ་པོ།:བསོད་རྡོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-12-10 09:50:00
ཀློག་གྲངས།:
ཨ་ཕ་ཚང་གི་སྒོ་ཁར་སླེབས་པ་ན། ལས་འགྲུབ་ཀྱི་ཕུ་བོ་ཚེ་དཔལ་སྐྱབས་དང་།སྲུ་མོ་ལྷ་སྒྲོན། ཚ་མོ་ཕག་མོ་སྒྲོལ་མ་སོགས་སྔུན་ལ་ཡོང་ནས་སྲུ་མོ་བཟང་མོར་སྐྱོན་ཨེ་ཡོད་ཀི་ཞེས་གཅིག་རྗེས་གཉིས་མཐུད་ཀྱིས་འཚམས་འདྲི་བྱེད་པ་དང་མཉམ་དུ་བཟང་མོ་སྐྱོར་མོད། འོན་ཀྱང་བཟང་མོར་མཚོན་ན། རང་གི་བྱིས་པ་མ་འཚམས་པ་ནི་རང་གིས་བཟོས་བའི་སྡུག་བསྔལ་དང་ངོ་ཚ་ཡིན་ལ། འདི་དག་རང་སྟེང་དུ་མངོན་སུམ་དུ་བྱུང་བར་ན་ཟུག་བཟོད་དུ་མེད་པ་ཅིག་འདུག་པས། ད་ལྟ་རང་སེམས་སྟོང་བར་གྱུར་ཡོད་པའི་སྐབས་འདིར་སྐྱི་པགས་སོགས་ལ་རྨས་སྐྱོན་ཐེབས་པའི་ཟུག་གཟེར་ནི་ན་ཟུག་ཅིག་ཏུ་རྩི་བཞིན་མེད་ལ། སེམས་ཀྱི་རྨ་ཁ་ནི་ནམ་ཡང་གསོ་དཀའ་བའི་རྨ་ཁ་ཡིན་པར་བསམ་བཞིན།
བཟང་མོས"ང་ལ་སྐྱོན་མི་འདུག ཁྱེད་ཚོས་ང་སྐྱོར་མི་དགོས"ཞེས་ཡང་དང་ཡང་གིས་དེ་ལྟར་བཤད། སྐབས་དེར། ལས་འགྲུབ་ཀྱི་ཁྱིམ་མཚེས་སྡེ་བར་མག་པ་ཡོང་ནས་ཁོ་དང་འགྲོ་རོགས་འདུག་རོགས་སུ་གྱུར་ཡོད་ལ། ཚང་མས་ཁོའི་མཚང་མིང་དུ་སྐྱ་བྷ་ཞེས་འབོད་པའི་གྲོགས་པོ་རིན་ཆེན་ཡང་གང་ནས་ཐོན་པར་ཉམས་མ་བཞག་པར། སྔོ་ལྷོག་ལྷོག་ཞིག་འཐེན་ཞོར་ལས་འགྲུབ་ཀྱི་གམ་ཏུ་ཡོང་ནས། ཆང་དྲི་འཐུལ་ཞིང་དུ་དྲིའི་ཁེངས་པའི་བཟོ་ལྟ་ཞིག་གིས།
སྐྱ་བྷས" གྲོགས་པོ་ལས་འགྲུབ། ཁྱོས་ལས་ངོ་མ་ཅིག་བཙོག་གི་ཡ། བྱིས་པ་མེད་སོང་ནི་ཨེ་རེད། འོན་ཀྱང་སྐྱོན་མི་འདུག འུ་ཆ་བོ་ད་དུང་གསར་བུ་ཡིན་པས། བྱིས་པ་ད་དུང་མང་པོ་སྐྱེ་ཐུབ་ནི་རེད"ཅེས་ཟུར་ཟ་དང་སེམས་གསོ་འདྲེས་མ་ལྟ་བུའི་སྐད་ཆ་ཉ་ཉོག་མང་པོ་བཤད།
ལས་འགྲུབ་ཀྱིས"ད་ཁྱོད་ཁ་རོགས་གེར་ཅིག་སྡོད་དང་། ཁྱོས་ང་ལ་ཉོག་གཏམ་ཅི་ཞིག་བྱེད་བསམ་བཞིན་ཡོད། རང་ཀ་རང་གི་ཆང་འཐུང་དུ་སོང་། འདིར་ཡོང་དགོས་དོན་མེད་ལ། འདིར་ཁྱོད་ལ་སྒྲུབ་རྒྱུའི་དོན་དག་ཀྱང་མེད"ཅེས་ཁོང་ཁྲོའི་སྐད་ཆ་དག་འཕྲོ་རིམ་འཕྲོར་ཤོར།
སྐབས་དེར། ལས་འགྲུབ་ཀྱི་ཨ་མས"མག་པ་རིན་ཆེན་སྐྱ་བྷ། ད་ཁྱོད་སོང་ཞིག ཁྱོས་བསམ་བཞིན་དུ་ང་ཚོར་ཆང་སྐྱོན་ཕུད་ནས་སེམས་ཁམས་དཀྲུག་བསམ་པ་ཨེ་ཡིན། གྲོགས་པོ་ཟེར་བ་འདི་འདྲ་ཞིག་ཡིན་པ་ཨེ་རེད། ཁྱོས་ལས་འགྲུབ་ལ་ཤ་ཚ་ན་ཆང་འཐུང་མེད་དུས་ཡོང་ནས་ཁ་ལ་བྱས་ན་ཆོག ད་ཁྱོད་རང་སོང་ཞིག"ཅེས་མག་པ་རིན་ཆེན་སྐྱ་བྷའི་ཕུ་ཐུང་ནས་བཟུང་སྟེ། སྒོའི་ལྟག་རྒྱབ་ཕྱོགས་སུ་འགྲོ་རུ་བཅུག
ལས་འགྲུབ་བཟའ་ཚང་གང་བོ་ཨ་ཕ་ཚང་དུ་འཛོམས་ཤིང་། མནའ་མ་བཟང་མོ་སྲུ་མོ་ལྷ་སྒྲོན་གྱིས་སྐྱོར་དེ་ཚ་ཐབ་སྟེང་འདུག་ཏུ་འཇོག་བསམ་མོད། འོན་ཀྱང་བཟང་མོས།
བཟང་མོས"ང་གོ་ཁ་རུ་འདུག་རྒྱུ་ཡིན་"ཞེས་འཛེམ་དོགས་བྱས་པར།
ཨ་མས"བཟང་མོ། ཁྱོས་དེ་རིང་སྨན་པ་ཚེ་རིང་སྐྱིད་ཀྱིས་བཤད་པའི་བསླབ་བྱ་ཡོད་ཚད་བརྗེད་སོང་ངམ། རྗེས་ཕྱོགས་བྱིས་པ་བཙའ་ན་ད་ལྟ་ནས་རང་ལ་བདག་སྐྱོང་བྱེད་རྒྱུ་ཤིན་ཏུ་གལ་ཆེ་ཟེར་བ་དག་ཡིད་ལ་མི་འཁོར་རམ། ད་ཐེངས་ཁྱོད་ཀྱི་ལུས་སྟེང་ནས་ཁྲག་བཞུར་བ་ཅུང་མང་བས།ལུས་ཕུང་སླར་གསོ་བྱེད་རྒྱུ་དཀའ་ནི་རེད། ལྷག་པར་དུ་ཚེགས་མི་རུང་ལ། ལས་ཀ་དེ་བས་ཀྱང་ལས་མི་རུང་། སྦྲུམ་མའི་དཀའ་སྡུག་གི་ཚོར་བ་ངས་མྱང་ཡོད་ནི་རེད། རང་གིས་རང་ལ་བདག་སྐྱོང་བྱེད་རྒྱུ་ཧ་ཅང་གལ་ཆེ། ཁྱིམ་ལས་སྐོར་ནས་འདང་མང་པོ་རྒྱག་མི་དགོས། སྲུ་མོ་དང་ཕུ་བོ་སོགས་ཡོད་པས།" ཞེས་བཤད་པར། བཟང་མོས་ཀྱང་རང་གི་མ་འོངས་པར་ཞིབ་འདང་དང་སྨན་པ་ཚེ་རིང་སྐྱིད་དང་རང་གི་ཨ་ནེའི་སྐད་ཆ་དག་ཡིད་ལ་བཟུང་ཞིང་། སྲུ་མོའི་ཁ་ལ་ཉན་ཏེ་ཚ་ཐབ་སྟེང་ཙོག ཕུ་བོ་ཚེ་དཔལ་སྐྱབས་ཀྱིས་སྐད་ཆ་ལྐུག་པའི་ངང་ནས་བཤད་སྒྲ་མཐོན་པོས།
ཕུ་བོ་ཚེ་དཔལ་སྐྱབས་ཀྱིས། ཕག ཕག ཕག་མོ་སྒྲོལ་མ། ཁྱོས ཁྱོས ཁྱོས་ཨ་མྱེས་དང་ཨ་ཡེ་གཉིས་ལ་ཇ་བླུག སྲུ་མོ་ལྷ་སྒྲོན་གྱིས་ནུབ་ཚ་བསྐོལ་འགོ་བརྩམས་ལ། ཞོར་དུ་ལུག་གི་མཚང་རུས་ཤིག་བླངས་ཏེ་བཟང་མོར་ཤ་ཁུ་ཞིག་གདུས། ནུབ་ཚ་འཐུང་ཞོར་དུ།
ཨ་ཕས"རྗེས་ཕྱོགས་མག་པ་རིན་ཆེན་སྐྱ་བྷར་འགྲོགས་ཡ་མ་བྱེད། མི་སྐྱ་སྟོང་ནང་སྟོང་ལ་འགྲོགས་ན་བྱ་བ་ལམ་འགྲོ་མི་ཡོང་། ཁ་དཔེར་ཡང་། མཆོད་རྟེན་ལ་འགྲོགས་ན་དཀར་པོ་དང་། སླ་ང་ལ་འགྲོགས་ན་དྲི་མོག་ཟེར་བ་རེད། ཕུ་བོ་ཁྱོད་གཉིས་ནང་གི་སངས་པ་ཞིག་དང་རིག་རྒོལ་ཞིག་ཡིན་ནོ་ཁྱོད་རེད། ཕུ་བོ་ད་ཁྱོས་ཤེས་ནོ་འདི་རེད། བཤད་སྤྱད་ཀྱི་ངག་མི་བདེ་ནི་མི་ཚད། ད་དུང་ཉན་བྱེད་ཀྱི་རྣ་བའང་འོན་ཡོད་པས། མྱི་ནང་ཆི་ནང་དུ་འགྲོ་ཚུལ་མེད་ཀི དེ་བས། ཕུ་བོ་ངེད་གཉིས་ཀྱི་གམ་དུ་མི་འཇོག་ཀ་མེད་ཡིན་ནོ་ཁྱོད་ཀྱིས་ཀྱང་ཤེས་ནོ་འདི་རེད། ཁྱོད་དང་བཟང་མོ་གཉིས་ཁེར་རེར་བསྡད་བཏང་ཚེ། ཨ་ཕ་ངས་ཁྱོད་གཉིས་ཀྱི་ཕྱོགས་ལ་ཤི་རེ་བྱེད་ཁོ་ཆག་ཡིན།"
ལས་འགྲུབ་ཀྱིས"ཨ་ཕ་ད་ཁྱོད་ཀྱིས་སེམས་ཁུར་མ་བྱེད་ཅིག ངས་ཤི་རེ་བྱེད་ངེས་ཡིན། འུ་ཚོ་ཚང་མས་ཧུར་བརྩོན་འོག་བཟང་མོ་ངེད་གཉིས་ཀྱི་ཁང་པའང་ང་ཚོ་སྡེ་བའི་ཡང་རྩེ་གྲལ་མིན་ནས། རྗེས་ཕྱོགས་ངས་བཟང་མོར་ལྟ་སྐྱོང་ལེགས་པོ་བྱས་ནས་ཁྱིམ་ཚང་ཡག་པོ་སྐྱོང་ནོ་ཁོ་ཐག་ཡིན།"
ཨ་མས་ཀྱང་། ཤ་ཚ་བའི་ངང་ནས། ཨོ་ལེ། ཨ་ཕས་བཤད་པ་བདེན་པ་རེད། ད་ཁྱོད་རང་ཡང་ནར་སོན་ཟིན། བྱ་བ་ཅི་ཞིག་བསྒྲུབ་དགོས་རུང་འདང་རྒྱག་ཤེས་པའི་དུས་རེད། རྗེས་ཕྱོགས་བཟང་མོར་བདག་སྐྱོང་བྱས་ནས་ཁྱིམ་ཚང་སྐྱིད་པོ་ཞིག་འཁྱོངས་སུ་འཇོག་རྒྱུ་ནི་ཁྱོད་ལ་རག་ལས་ཡོད་པ་རེད།"ཅེས་འགན་ཁུར་ལྕི་བའི་གཏམ་དེ་དག་གིས་ལས་འགྲུབ་ཀྱི་སེམས་ཁམས་སུ་གནོན་ཤུགས་ཀྱི་ཁུར་བོ་ཞིག་བསྣན་པ་དང་གཉིས་སུ་མཚུངས་མོད། འོན་ཀྱང་ལས་འགྲུབ་ཀྱིས་དེ་དག་ལ་འདང་རྒྱག་དགོས་དོན་ཅི་འདུག་སྙམ་པའི་བཟོ་ལྟ་ཞིག་མངོན་ནས་བཟང་མོར་ཟུར་མིག་ཅིག་འཕང་ཏེ་ཅི་ཡང་མི་ཟེར་བར་འདུག
ཚང་མས་ནུབ་ཚ་འཐུང་ཚར་ལ་ཉེ་བ་དང་། ལས་འགྲུབ་ཀྱིས"ཨ་ཕ།ཨ་མ། ང་དང་བཟང་མོ་གཉིས་ངལ་གསོ་བྱེད་དུ་འགྲོ་རྒྱུ། ཁྱོད་དང་ཨ་མ་གཉིས་ཀྱང་ཐང་ཆད་ཡོད། ད་ང་ཚོ་སྔ་མོ་ནས་ངལ་གསོ་ཟེར།
ཨ་མས། དོ་དགོང་ཡུལ་དུ་སྡོད་དང་། སང་ཉིན་སོང་ན་མི་ཆོག་གམ། ཕུ་བོ་དང་སྲུ་མོ་གཉིས་ཀྱིས་ཀྱང་དེ་ལྟར་བཤད།
བཟང་མོས"ངེད་གཉིས་ཡུལ་དུ་བུད་ལ་འགྲོ ང་ལ་སྐྱོན་མི་འདུག ད་བདེ་བར་གྱུར་ཡོད"ཅེས་བཟང་མོ་ཅུང་དོགས་མི་བདེ་བའི་ངང་ནས་དེ་ལྟར་བཤད།
ཨ་མས། འོ་ན་ད་དེ་ལྟར་བྱོས་ཤིག ཡུལ་དུ་ལོག་ན་མལ་ས་དྲོན་པོ་བྱེད་དགོས། ཉིན་འདི་འགར་བཟང་མོ་མལ་ས་འཁྱགས་སའི་སྟེང་ཉལ་མི་རུང་ཞེས་བདེ་སྲུང་སྐོར་གྱི་ཁ་ལ་བྱས།
ལས་འགྲུབ་ཀྱིས"ཨ་མ་ངས་ཤེས་ཡོད་"ཟེར་ནས་བཟང་མོ་ཁྲིད་དེ་རང་གི་ཁྱིམ་དུ་ལོག་གོ
ཟླ་གཅིག་འགོར་རྗེས། བཟང་མོའི་ལུས་ཕུང་བདེ་བར་གྱུར་ནས་སླར་སོས་ཡོད་པ་དང་། སྟོན་ལས་ཀྱང་སྡུད་ཚར་འདུག ཞོགས་པའི་མཚམས་སྤྲིན་ལྷ་ཡག་སྡེ་བའི་མདུན་རིར་འཁྱུད་ཅིང་། ཁྲི་གདུགས་ཉི་གཞོན་མདུན་རིའི་རྩེ་ནས་འཛུམ་ཞལ་ངོམས། ལྷ་ཡག་སྡེ་བའི་མཁའ་དབྱིངས་སུ་དུ་སྤྲིན་དང་བསང་དྲིས་བཀང་འདུག་ལ། སྒོ་ཁྱིའི་ཟུག་སྐད་རེ་གཉིས་གྲམ་གཞུང་དུ་བྲག་ཅར་མཆེད་ཅིང་། སྐྱ་ཀ་ཁྲ་མོ་དང་བྱེའུ་ཆུང་འཇོལ་མོའི་གསུང་སྐད་རེ་གཉིས་ཀྱང་ཐོས་འཛིན་རྣ་བའི་བུ་ག་རུ་གསལ་བྱུང་། བཟང་མོས་ཟོ་བ་འཁུར་ཏེ་སྡེ་བ་དང་བར་ཐག་ཅུང་རིང་བའི་ལུང་གཞོང་གི་ཕུ་ཆུ་རུ་ཆུ་ལེན་དུ་སོང་། བཟང་མོས་ཆུ་འཁུར་ཏེ་ཕྱིར་ཡོང་བའི་ལམ་བར་དུ་ཁྱིམ་མཚེས་བདེ་སྐྱིད་འཚོ་དང་ཆུ་ལེན་བུ་མོ་འགར་ཐུགས་བྱུང་།
བདེ་སྐྱིད་འཚོས། བཟང་མོ་ད་ཁྱོད་སྐྱོན་མི་འདུག་གམ། ད་ལྟ་ད་རུང་ཆུ་འཁུར་ཨེ་ཉན་ནམ་ཞེས་དྲིས་པར།
བཟང་མོས། སྐྱོན་མི་འདུག ད་ང་སངས་དྲག་རེད།
བདེ་སྐྱིད་འཚོ་སོགས་ཀྱིས"དེས་ན་སེམས་ཆུང་བྱོས་ཏེ་སོང་ཞིག བཟང་མོས། བཟང་མོས"ཡ་ཡ།
བདེ་སྐྱིད་འཚོ་སོགས་ཀྱིས"བཟང་མོའི་ངོ་མདངས་ཕྱིར་ཡོང་ཀི ཡང་མངལ་ཆགས་ཡོད་ནི་མིན་ནམ། ལས་འགྲུབ་ཀྱིས་རང་དགར་བསྐྱུར་ནི་མ་རེད། ཁོ་གཉིས་ཆུང་འགྲོགས་ཡིན་པས། འུ་ཚོ་ལྟ་བུའི་བཟའ་ཚང་དང་མི་འདྲ། ཡང་གཅིག་བཞག་ཡོད་ནོ་ཁོ་ཐག་རེད། ཨེ་རེད། ཨ་ཅེ། ཧ་་་་་་་"ཞེས་ཆུ་ལེན་བུ་མོ་ཚོས་ཀུ་རེ་དང་དགོད་ཁའི་ལབ་གླེང་ཁྲོད་བཟང་མོ་དང་རྒྱང་དུ་གྱེས་ལ། བཟང་མོས་ཁོ་མོ་ཚོའི་ལབ་གླེང་དག་གོ་རྗེས་གདོང་ལ་འཛུམ་ཞིག་རྒྱས་ཏེ་ཡུལ་དུ་བསྐྱོད། བཟང་མོས་ཆུ་འཁུར་ཏེ་ཁྱིམ་དུ་སླེབས་ཤིང་། ལས་འགྲུབ་ཀྱིས་ནངས་བསང་ཕུལ་བཞིན་འདུག བཟང་མོས་ཆུ་རྫ་མ་ནང་དུ་བླུགས་རྗེས་མྱུར་དུ་ནངས་ཇ་བསྐོལ་འགོ་བརྩམས་ཤིང་། ལས་འགྲུབ་ཀྱིས་སྒོ་ཕྱུགས་རྣམས་སྒོར་ཕུད།
སྐབས་དེར། བཟང་མོ་ལས་འགྲུབ་ཀྱི་གམ་ཏུ་རྒྱུག་འོང་ཏེ།"ལས་འགྲུབ། ངས་ནངས་ཇ་བསྐོལ་ནས་འགྲུབ་ཡོད། ནངས་ཇ་འཐུང་རྗེས་ཕུད་ན་ཆོག
ལས་འགྲུབ་ཀྱིས"ངས་ཐོག་མར་ཕྱུགས་ཟོག་རྣམས་རི་འགོར་ཕུད་རྗེས་ཕྱིར་ཡོང་ནས་འུ་གཉིས་ཀྱིས་འཐུང་། ཕྱུགས་ཟོག་གིས་ནངས་མོའི་བསིལ་རྩྭ་བཟའ་རྒྱུ་གལ་ཆེན་རེད་ཟེར། བཟང་མོས"དེས་ན་མྱུར་དུ་ཤོག་ཅེས་བཤད་ཞོར་དུ། ལས་འགྲུབ། དེ་རིང་ཚེས་དུ་རེད"ཅེས་དྲིས།
ལས་འགྲུབ་ཀྱིས། "དེ་རིང་། ཚེས25རེད། ཅི་རེད། ཟླ་ཚེས་དྲིས་ནས་ཅི་བྱེད། ཁྱོད་ལ་དོན་དག་ཅི་ཞིག་ཡོད"ཅེས་བཤད།
བཟང་མོས "དོན་དག་མེད། ད་ཁྱོས་སྒོ་ཕྱུགས་རྣམས་རི་འགོར་འཕུད་རྗེས་ལམ་བར་དུ་འགོར་འགྱངས་མ་བྱེད་པར་མྱུར་དུ་ཤོག ངས་ནངས་ཇ་གྲ་སྒྲིག་བྱས་ཏེ་ཁྱོད་ལ་སྒུག་ངེས་ཡིན།" བཟང་མོར་མཚོན་ན། ཚེས25ཡིན་ཚེ། རང་གི་བྱིས་པ་མེད་བརླག་ཏུ་སོང་ནས་ཉིན་ལྔ་མ་གཏོགས་ཟླ་གསུམ་འགོར་ལ་ཉེ་ཡོད་པས། བཟང་མོས་སྨན་པ་ཚེ་རིང་སྐྱིད་ཀྱིས་བཤད་པའི་སྐད་ཆ་དག་ཡིད་ལ་འཁོར།
སྨན་པ་ཚེ་རིང་སྐྱིད་ཀྱིས། ད་ཐེངས་ནི་ཁྱོད་ཀྱི་བྱིས་པ་ཐོག་མ་ཡིན་པས། ལུས་ཕུང་བདེ་ཐང་བྱུང་ཚེ། མངལ་ཆགས་སླ་བ་རེད། གཙོ་བོ་ཁྱོ་ག་དང་ཁྱོད་ཀྱིས་ཕན་ཚུན་ལ་གྲོས་བྱས་ཏེ། གཙང་སྦྲ་འཕྲོད་བསྟེན་དང་། མངལ་སྦྲུམ་ཡར་སྔོན་གྱི་བདེ་སྲུང་སྐོར་ལ་མཉམ་འཇོག་བཟང་བོ་བྱས་ཚེ། བྱིས་པ་བདེ་ཐང་ངང་སྐྱེས་ཐུབ་པར་མ་ཟད། ད་དུང་ཁྱོད་ལའང་ནད་རོ་སོགས་མི་འབྱུང་བ་རེད། ཁྱོད་ལ་མི་འགྱང་བར་མངལ་ཆགས་པའི་སྨོན་འདུན་ཞུ།"ཞེས་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱི་ཤ་ཚའི་གཏམ་དེ་དག་འཕྲོ་རིམ་འཕྲོར་བཟང་མོའི་ཡིད་ལ་ཝ་ལེར་འཁོར་བྱུང་། བཟང་མོའི་གདོང་ལ་འཛུམ་ཞིག་རྒྱས་ནས། ལས་འགྲུབ་ཡོང་ན་བུ་བཙའ་ལྟེ་གནས་སུ་ཡང་བསྐྱར་བརྟག་དཔྱད་བྱེད་དུ་འགྲོ་དགོས་པའི་སྐོར་ནས་གྲོས་བྱེད་པར་གྲ་སྒྲིག་བྱེད་བཞིན་འདུག
བཟང་མོས་ནངས་ཇ་གྲ་སྒྲིག་བྱས་འདུག་ལ།ལས་འགྲུབ་ཀྱིས་གདོང་ལའང་འཛུམ་ཞིག་རྒྱས་ཏེ་ཁྱིམ་དུ་འཛུལ་བྱུང་།
བཟང་མོས། ཁྱོད་རང་འདི་འདྲ་དགའ་བོ་བྱུང་ཡོད་པ་ཅི་ཡིན་ནམ།
ལས་འགྲུབ་ཀྱིས། ང་གྲོགས་སྐྱ་བྷར་འཕྲད་ཟིན། ཁོས་བཤད་རྒྱུར། ཟླ་རྗེས་མའི་ནང་རྫོང་ཐོག་ཏུ་ལས་ཀ་གླ་རྒྱག་ཏུ་འགྲོ་ཟེར། ད་དུང་ང་ལས་ཀའི་ལས་དཔོན་དུ་འཇོག་ཟེར། ཟས་རིན་དང་ཁང་རིན་ཕུད་རྗེས་ཉིན་རེར་སྒོར་ཉིས་བརྒྱ་རེ་སྟེར་ཟེར། དེ་ལྟར་བྱས་ན་ཟླ་གཅིག་ལ་སྒོར་སྟོང་དྲུག་བཙལ་ཐུབ། འདི་དོན་དག་དགའ་ཞིག་རེད། སྒོར་མོ་འགའ་བཙལ་ཏེ་ཁྱིམ་འདི་གཞན་གྱིས་ཡིད་སྨོན་བྱེད་ས་ཞིག་དང་རང་ཉིད་འདུག་ས་འགྲོ་བ་ཞིག་ཏུ་འགྱུར་དུ་འཇོག་དགོས། ད་དུང་ཁྱོད། ཁྱོད་ལ་སྡུག་ཅིག་ག་ལ་འདག་གི་འཇོག་ཉན། རྗེས་ཕྱོགས་ཁྱོས་ཁོག་ལ་བྱིས་པ་ཞིག་འཁོར་ཚེ། མཐུན་རྐྱེན་བཟང་བོ་སྐྲུན་དགོས། དེ་དུས་སྨན་པ་ཚེ་རིང་སྐྱིད་ཀྱིས་བཤད་དོན།ཆུང་མའི་བྱིས་པ་སྐྱེ་ན་ཨ་མར་འཚོ་བཅུད་ལེགས་པའི་ཟས་རིགས་བཟའ་རུ་འཇོག་པ་དང་།སྤྱི་ཚོགས་དང་ཁྱིམ་ཚང་གི་ཁོར་ཡུག་གི་མཐུན་རྐྱེན་ལེགས་པོ་སྐྲུན་དགོས་ཟེར།" དེ་ལྟར་བྱས་ན་མ་བུ་གཉིས་ཀ་བདེ་བར་སྲུང་ཐུབ་པའི་མི་ཚད། ཁྱིམ་ཚང་ཡང་སྐྱིད་པོ་ཡོང་ཐུབ་ཟེར། དེ་བས། ད་ཐེངས་ང་སྒོར་སོང་ནས། རང་གི་ནུས་པ་ཡོད་ཚད་ཀྱིས་སྒོར་མོ་བཙལ་རྒྱུ་ཡིན། ཡང་གཅིག་བཤད་ན། སྐྱ་བྷ་ཚུར་ཡོང་མག་པ་ཞིག་ཡིན་རུང་། འོན་ཀྱང་ངའི་གྲོགས་པོ་ཡིན། ཁོས་མཚམས་ལན་རེར་ཆང་འཐུང་རྗེས་ཉོག་གཏམ་བྱེད་རྒྱུར་དགའ་བ་མ་གཏོགས། མི་དེ་འདྲ་ཐ་ཤལ་བ་ཞིག་མ་རེད། ཁོ་བློ་རིག་རྒོད་ནི་མི་ཚད། ད་དུང་མི་ལ་འབྲེལ་འདྲིས་ཆེ་ཞིང་སྒོར་མོ་བཙལ་བར་མཁས་པ་ཞིག་ཀྱང་རེད། ད་ཐེངས་ང་རང་རྫོང་གི་ལས་ཀ་དེའི་ལས་དཔོན་དུ་འཇོག་མཁན་ཡང་ཁོའི་ངེད་གཉིས་ཀྱི་མཛའ་བརྩེ་བསམ་ནས་ལས་ཀ་འདིར་བཀོད་སྒྲིག་བྱས་པ་རེད། དེ་བས། བཟང་མོ། ད་ཐེངས་ང་འགྲོ་རྒྱུ་བྱེད་ཨ"ཞེས་ལས་འགྲུབ་ཀྱིས་ནངས་ཇ་འཐུང་ཞོར་ཆོད་སེམས་ཡོད་པའི་སྐད་ཆ་དག་བཟང་མོར་བཤད་བྱུང་།
བཟང་མོས། སྐྱ་བྷས་བཤད་པ་ཚང་མ་ཨེ་བདེན་ནམ། དོན་འདི་ཨ་ཕ་དང་ཨ་མ་གཉིས་ལ་བཤད་ཨེ་དགོས་སམ། ཕ་མ་གཉིས་ཀྱིས་སྐྱ་བྷས་བཙལ་བའི་ལས་ཀ་ཡིན་ན་ཁྱོད་རང་འགྲོ་རུ་ཨེ་འཇོག་གམ།
ལས་འགྲུབ་ཀྱིས"ཕ་མ་གཉིས་ལ་གྲོས་བྱེད་མི་དགོས། ད་ལྟ་འུ་ཅག་ཁྱིམ་ཚང་ཁ་ཁ་ཡིན་ནི་རེད། དོན་དག་འདིའི་སྐོར་ངས་ཐག་བཅད་ཆོག"ཅེས་ལས་འགྲུབ་ཀྱིས་ཕ་མ་གཉིས་ལ་གྲོས་མི་བྱེད་པའི་བཟོ་ལྟ་བསྟན།
བཟང་མོས།" ཁྱོད་རང་གིས་ལྟོས་ཤིག ང་ལ་གྲོས་བྱེད་དགོས་ནི་མ་རེད། འོན་ཀྱང་། ད་ཉིན་འགའ་ཞིག་གི་རྗེས་སུ་ཟླ་བཅུ་བ་ཚེས་ཟིན། ངའི་མངལ་ཤོར་ནས་ད་ཟླ་གསུམ་ལྷག་འགོར་ལ་ཉེ། ཁྱོད་རང་རྫོང་དུ་མ་སོང་སྔོན་ལ་འུ་གཉིས་བུ་བཙའ་ལྟེ་གནས་སུ་བརྟག་དཔྱད་བྱེད་དུ་སོང་ན་ཅི་འདྲ་རེད། དེ་ལྟར་བྱས་ན་ངས་སེམས་ཀྱང་བདེ་བར་འགྱུར་ངེས།"
ལས་འགྲུབ་ཀྱིས།"དེ་ལོས་ཆོག་ཟེར་ཞོར་དུ། གདོང་ལ་འཛུམ་ཞིག་ཤར་ནས་ཁྱོད་ལ་མངལ་ཆགས་དང་ནི་མིན་ན། ཟེར་ཞོར་ད་ཧྲ་སོང་ནི་རེད་ཅེས་བརྗོད།"
བཟང་མོས། ད་དུང་བརྟག་དཔྱད་མ་བྱས་པར་མི་ཤེས་ཟེར་ཞོར་ལས་འགྲུབ་ལ་ཇ་བླུགས།
ལས་འགྲུབ་ཀྱི་དུས་ཚོད་ལ་ཅིག་བལྟས་རྗེས།"འུ་གཉིས་དེ་རིང་སོང་ནའང་ཆོག་མོད། འོན་ཀྱང་ད་ལྟ་དུས་ཚོད་ཀྱང་ཅུང་འཕྱི་འདུག་ལ། དེ་རིང་གི་གནམ་གཤིས་ཀྱང་དེ་འདྲ་ཡག་པོ་མི་འདུག འུ་གཉིས་སང་ཉིན་སོང་ན་ཅི་འདྲ་རེད་"ཅེས་བཟང་མོར་དེ་ལྟར་དྲིས། བཟང་མོས། ནམ་སོང་ཡང་ཆོག ཁྱོད་རང་རྫོང་ཐོག་ཏུ་མ་སོང་སྔོན་ལ་བརྟག་དཔྱད་བྱེད་ཐུབ་སོང་ན་ཆོག"
ལས་འགྲུབ་ཀྱིས། དེ་ནི་ངའི་འགན་ཁུར་ཡིན་པས། སང་ཉིན་འགྲོ"ཟེར་ཞོར་ལག་གི་གོ་རེར་སོ་བཏབ། བཟང་མོས་ཀྱང་ནངས་ཇ་འཐུང་བཞིན་འདུག ཁོ་གཉིས་ཀྱི་སེམས་ལྷོད་པོའི་ངང་ནངས་ཇ་འཐུང་ཞོར་སེམས་ཀྱི་རྩག་རྩིག་དག་བརྗོད་བཞིན་ཡོད་ལ། དེ་རིང་གི་ནངས་ཇ་ཅུང་འཕྱི་ཡོད་ནའང་། ཆེས་དོན་སྙིང་ཡོད་པའི་ནངས་ཇ་ཞིག་རེད་ཨང་།
ཚེས26ཉིན་གྱིས་ཞོགས་པར། བཟང་མོས་ནངས་ཇ་བསྐོལ་བཞིན་འདུག ལས་འགྲུབ་ལྷས་རའི་ནང་ཡོང་སྟེ། ནམ་མཁའ་ཡོངས་ལ་ཞིབ་ལྟ་ཐེངས་ཤིག་བྱས་ཏེ། ཕྱིར་ཁྱིམ་དུ་འཛུལ་ནས། ནངས་བསང་ཕུལ་འགོ་བརྩམས། ཁོས་ནངས་བསང་ཕུལ་ཚར་རྗེས། བཟང་མོས་ཟོ་བ་འཁུར་ཏེ་ཆུ་ལེན་དུ་འགྲོ་བར་བརྩམས་པ་ན།
ལས་འགྲུབ་ཀྱིས།"བཟང་མོ། ཆུ་ལེན་དུ་འགྲོ་ཁོམ་མི་འདུག ནངས་ཇ་འཐུང་རྗེས་བུ་བཙའ་ལྟེ་གནས་སུ་བརྟག་དཔྱད་བྱེད་དུ་འགྲོ་བར་གྲ་སྒྲིག་བྱོས། དེ་རིང་གི་གནམ་གཤིས་ཀྱང་མི་བཟང་རྒྱུ་མེད་ཀི ངས་ཕྱུགས་རྣམས་སྒོར་ཕུད་དེ། ཞོར་དུ་འགྲོར་ཕ་མ་གཉིས་ལ་འུ་གཉིས་སྨན་ཁང་དུ་བརྟག་དཔྱད་བྱེད་དུ་འགྲོ་རྒྱུ་ཡིན་པར་བརྡ་ཞིག་རྒྱབ་ཏེ་ཕྱིར་ཡོང"ཟེར། བཟང་མོས། ཡ། དེ་ལྟར་བྱེད། ཨ་ཕ་དང་ཨ་མ་གཉིས་ལ་གསལ་བོ་ཞིག་ཤོད་དང་ཟེར་ཞོར་རྒྱབ་ཀྱི་ཆུ་ཟོ་མར་བཞག་ཏེ་ཁྱིམ་དུ་འཛུལ། ལས་འགྲུབ་ཀྱིས་བྲེལ་འཚུབ་ངང་སྒོ་ཕྱུགས་རྣམས་སྒོར་ཕུད། བཟང་མོས་ལྭ་བ་རྣམས་བརྗེ་སྟེ་ནངས་ཇ་འཐུང་བར་གྲ་སྒྲིག་བྱས། ཅུང་མ་འགོར་བར་ལས་འགྲུབ་ཕྱིར་ཐོན།
ལས་འགྲུབ་ཀྱིས།"བཟང་མོ། གྲ་སྒྲིག་བྱས་ཟིན་ནམ། ད་ནངས་ཇ་འཐུང་རན་འདུག
བཟང་མོས།"གྲ་སྒྲིག་ཆེན་པོ་མེད། བྲོ་ཁ་དང་སྐོམ་ཆུ་གྲ་སྒྲིག་བྱས་ཡོད། ད་གཞན་གྲ་སྒྲིག་བྱེད་དགོས་ས་ཨེ་ཡོད་ལ། ཁྱོས་ཨ་ཕ་དང་ཨ་མ་གཉིས་ལ་བཤད་ཟིན་ནམ།
ལས་འགྲུབ་ཀྱིས།"བཤད་ཟིན།"ཁོ་གཉིས་ཀྱི་ནངས་ཇ་འཐུང་བཞིན་འདུག
ལས་འགྲུབ་ཀྱིས།"བཟང་མོ། ཁྱོས་སྣོད་ཅ་ལག་འདི་དག་བདག་བྱོས། ང་འགྲོར་འཕྲུལ་རྟ་གྲ་སྒྲིག་བྱེད་ཟེར་ཞོར། སྒོར་བུད་དེ་ལྷས་རའི་ནང་གི་འཕྲུལ་རྟ་སྒོར་བླངས་ཤིང་། ཕྱིར་ཁྱིམ་དུ་འོང་ཏེ་ད་ལན་ཁུག་མ་དང་བྲོ་ཁ་སོགས་ཁུར་ནས་འཕྲུལ་རྟའི་སྟེང་བཀྱིག བཟང་མོས་ནང་སྒོ་བརྟན་པོ་ཞིག་རྒྱབ་ཏེ་སྒོ་ཆེན་ཕྱོགས་སུ་འོང་། ལས་འགྲུབ་ཀྱིས་འཕྲུལ་རྟ་འུར་སྒྲ་དང་བཅས་ཁ་ལོ་བསྒྱུར་རྩིས་བྱེད་སྐབས། མཁར་ཟུར་དུ་ཕ་མ་གཉིས་ཐོན་བྱུང་ལ།
ཚ་མོ་སྒྲོལ་མའི་ལག་ཏུ་ཐབ་བསྲེག་གོ་རེ་ཞིག་བཟུང་ནས་སྲུ་མོ་བཟང་མོའི་ཕྱོགས་སུ་ཤུགས་ཀྱིས་རྒྱུགས་འོང་། "ཨ་ནེ་བཟང་མོ། གོ་རེ་འདི་ཨ་མས་ཁྱོད་ལ་བྲོ་ཁ་བྱིན་ན་ཐོངས་ཟེར།"
བཟང་མོས། འཛུམ་མདངས་ཤིག་བསྟན་ནས།"སྒྲོལ་མ་ངོ་མ་སྙིང་རྗེ་བོ་འདུག ཨ་ནེ་ངས་ཁྱོད་ལ་བཀའ་དྲིན་ཆེ་ཞུ"ཞེས་ཀུ་རེས་དགོད་ཁ་བསླང་།
ལས་འགྲུབ་ཀྱིས་ཨ་མས།" ཁྱོད་གཉིས་ཀྱིས་གྲ་སྒྲིག་བྱས་ཡོད་ལ།སྒོར་མོ་འདང་ནི་ཞིག་བཟུང་ཨེ་ཡོད་ཟེར།"
ཨ་ཕས། རུམ་དུ་སྒོར་སུམ་བརྒྱ་བླངས་ཏེ་ལས་འགྲུབ་ལ།"འདི་ལམ་དུ་ཟ་མ་བཟའ་སྤྱད་བྱོས། ལམ་བར་དུ་སེམས་ཆུང་བྱེད་དགོས། ད་ཐེངས་བུ་བཙའ་ལྟེ་གནས་སུ་བཟང་མོར་བརྟག་དཔྱད་བཟང་བོ་བྱེད་དགོས་ཞེས་ནན་བཤད་བྱས།" བཟང་མོས།"ཨ་ཕ་སྒོར་མོ་སྟེར་མི་དགོས། ཁྱེད་ཀྱིས་བཟུང་ཞིག་ཟེར།"
ལས་འགྲུབ་ཀྱིས"སྒོར་མོ་མི་དགོས་ཨ་ཕ། སེམས་བདེ་མོ་བྱོས། ངས་སེམས་ཆུང་བྱེད་ངེས་ཡིན"ཟེར་ཞོར་འཕྲུལ་རྟར་ཁ་ལོ་བསྒྱུར་འགོ་བརྩམས་ལ། ཨ་ཕས་སྒོར་མོ་ལས་འགྲུབ་ཀྱི་ཁུག་མའི་ནང་བརྫངས་། ལས་འགྲུབ་དང་བཟང་མོ་གཉིས་འཕྲུལ་རྟ་ལ་བསྡད་དེ་ལྷ་ཡག་སྡེ་འདབས་སུ་ཕྱིན་སོང་།
ཉིན་གུང་གི་ཆུ་ཚོད་གཅིག་གི་ཡས་མས་སུ་ལས་འགྲུབ་བཟའ་ཟླ་གཉིས་རེབ་གོང་བུ་བཙའ་ལྟེ་གནས་སུ་འབྱོར་བྱུང་། ལས་འགྲུབ་ཀྱིས་འཕྲུལ་རྟ་བུ་བཙའ་ལྟེ་གནས་ཀྱི་སྒོ་འགྲམ་དུ་བཞག་སྟེ། བཟང་མོ་ཁྲིད་དེ་ནང་དུ་སོང་། ནད་གཡོག་མ་སྒྲོན་དཀར་གྱིས་ཁོ་གཉིས་མཐོང་བྱུང་ལ་། གདོང་ལ་འཛུམ་ཤིག་ལངས་ཏེ་ཁོ་གཉིས་ཀྱི་ཕྱོགས་སུ་འོང་ནས།
"ཨོ། བཟང་མོ་རེད་ལ། ཁྱོད་རང་བདེ་ཐང་དུ་གྱུར་ཡོད་དམ། ངོ་མདངས་ཧ་ཅང་ཡག་པོ་འདུག་ཟེར།"ཨོ། ཁྱོད་གཉིས་དེ་རིང་བརྟག་དཔྱད་བྱེད་དུ་འོང་བ་མིན་ནམ། ང་འགྲོར་ཡོན་ཀྲང་ཚེ་རིང་སྐྱིད་འབོད་ཟེར།
བཟང་མོའི་ངོ་ལ་འཛུམ་ཞིག་ལངས་པ་དང་། ལས་འགྲུབ་ཀྱིས།"ཡིན་ལགས། བཟང་མོར་མངལ་ཆགས་ཡོད་མེད་ལ་ཅིག་བརྟག་དུ་ཡོང་བ་ཡིན་ཟེར། སྨན་པ་ཚེ་རིང་སྐྱིད་ཡོད་ཚེ། ད་ཧྲ་སོང་ནི་རེད་ཟེར།"ནད་གཡོག་མ་སྒྲོན་དཀར་དེ་འཕྲལ་ཡོན་ཀྲང་ཚེ་རིང་སྐྱིད་ཀྱི་ལས་ཤག་ཏུ་སོང་ནས་མོ་རང་དང་མཉམ་དུ་སྒོར་ཡོང་། ལས་འགྲུབ་བཟའ་ཟླ་གཉིས་ལམ་སེང་སྨན་པ་ཚེ་རིང་སྐྱིད་ཀྱི་ཕྱོགས་སུ་སོང་ནས།"སྨན་པ་ལགས། བདེ་མོ་ཡིན་ནམ་ཟེར།
སྨན་པ་ཚེ་རིང་སྐྱིད་ཀྱིས།"་བདེ་མོ་ཡིན། ཁྱོད་གཉིས་བདེ་མོ་ཡིན་ནམ།བཟང་མོའི་ངོ་མདངས་ཡག་གི ད་དུང་ཇེ་ཡག་ཏུའང་སོང་ཡོད་ཀི་ཅེས་ཀུ་རེ་རྩེ་ཞོར། ཁྱོད་གཉིས་ཐག་རིང་ནས་ཡོང་བས། ངལ་ཞིག་གསོས་ཏེ་བརྟག་དཔྱད་བྱེད་རྒྱུ་ཡིན་ནམ་ད་མྱུར་དུ་བྱེད་རྒྱུ་ཡིན་ཞེས་དྲིས་བར།
ལས་འགྲུབ་ཀྱིས་བཟང་མོའི་ངོར་ཅིག་བལྟས་རྗེས། "ད་མྱུར་དུ་བརྟག་ན་བཟང་། ཐང་དེ་འདྲ་མི་ཆད་ཀི བརྟག་དཔྱད་བྱས་རྗེས་མྱུར་དུ་ཕྱིར་ཡུལ་དུ་ལོག་དགོས"ཞེས་བྲེལ་འཚུབ་ངང་དེ་ལྟར་བཤད།
སྨན་པ་ཚེ་རིང་སྐྱིད་ཀྱིས། ཡ་དེས་ན་དེ་ལྟར་བྱེད། སྒྲོན་དཀར་ཁྱོད་རང་སོང་སྟེ་གྲ་སྒྲིག་བྱོས་དང་། ང་མི་འགྱང་བར་ཐོན་ངེས་ཡིན། བཟང་མོ་ཁྱེད་གཉིས་ངའི་གཞུག་ཏུ་ཤོག་ཟེར་ཞོར། མོའི་ལས་ཤག་ཏུ་འཛུལ། ཁོ་གཉིས་ཀྱང་མོའི་རྗེས་སུ་འབྲངས། སྨན་པ་ཚེ་རིང་སྐྱིད་ཀྱིས་ལྭ་བ་བརྗེ་པ་དང་། ཡིག་ཆའི་ཁུག་མ་ཞིག་འཛིན་ཞོར།ལས་འགྲུབ་ལ།"ཁྱོད་རང་ངའི་འདུག་ཁང་དུ་ངལ་གསོས་ནས་སྡོད་དང་སེམས་འཚུབ་མི་དགོས། བཟང་མོ་ངེད་གཉིས་བརྟག་དཔྱད་བྱེད་དུ་འགྲོ ཚ་དམ་དུ་ཇ་ཡོད། ཁྱོད་རང་གིས་བླུག་ནས་འཐུང་ཞིག"ཟེར་ཞོར་བཟང་མོ་ཁྲིད་དེ་བརྟག་དཔྱད་བྱེད་དུ་སོང་། དུས་ཚོད་ཇ་ཡུན་ཙམ་འགོར་སོང་ལ། ལས་འགྲུབ་ཀྱི་སེམས་ཅུང་མི་བདེ་བར་གྱུར་ཏེ་བལྟས་ཚོད་དུ་མི་བསམ་དགུ་བསམ་བྱེད་བཞིན་ཡོད་པ་དང་འདྲ།ཅུང་མ་འགོར་བར་སྨན་པ་ཚེ་རིང་སྐྱིད་དང་བཟང་མོ་གཉིས་ཕྱིར་ཐོན། བཟང་མོའི་གདོང་མདོག་ཅུང་འགྱུར་ཞིང་ངང་ཚུལ་མི་ལེགས་པའི་རྣམ་པ་དེ་ལས་འགྲུབ་ཀྱིས་རྟོགས་ཡོད་པ་འདྲ།
ལས་འགྲུབ་ཀྱིས།"བརྟག་དཔྱད་མཇུག་འབྲས་ཅི་འདྲ་རེད་"ཅེས་དྲིས་པར། བཟང་མོས་ཁ་ཅི་ཡང་མི་གྲགས་ཤིང་། སྨན་པ་ཚེ་རིང་སྐྱིད་ཀྱིས་བཟང་མོའི་གདོང་ལ་ཅིག་བལྟས་རྗེས།
སྨན་པ་ཚེ་རིང་སྐྱིད་ཀྱིས། "ལས་འགྲུབ། བཟང་མོར་ད་དུང་མངལ་ཆགས་མི་འདུག ཕལ་ཆེར་ད་དུང་ཆགས་རན་དུ་མ་ཐོན་པ་རེད། འོན་ཀྱང་སྐྱེ་འཕེལ་མ་ལག་དང་བུ་སྣོད་སོགས་བདེ་ཐང་རེད། མངལ་ཆགས་མིན་ལ་ཁྱེད་གཉིས་ཀྱིས་འདང་རྒྱག་བྱེད་མི་དགོས་"ཞེས་བརྗོད་ཚུལ་ལ་བལྟས་ན། ངོ་མདོག་ཡལ་བའི་ལས་འགྲུབ་ལ་སེམས་གསོ་བྱེད་པ་དང་མཚུངས་མོད།འོན་ཀྱང་བརྟག་དཔྱད་མཇུག་འབྲས་ནི་ཁོ་མོས་བཤད་པ་དང་གཅིག་འདྲ་རེད། ལས་འགྲུབ་ཀྱིས་སྨན་པ་ཚེ་རིང་སྐྱིད་ཀྱི་སྐད་ཆ་འདི་དག་ལ་ཉན་རྗེས།
ལས་འགྲུབ་ཀྱིས།"བཟང་མོའི་མངལ་ཐོག་མ་ཤོར་ཏེ་ཟླ་གསུམ་ལྷག་འགོར་ལ་ཉེ་བ་ཡོད། འོན་ཀྱང་ད་དུང་མངལ་མི་ཆགས་པ་ཅི་ཡིན་ནམ།"ཞེས་ཐེ་ཚོམ་གྱི་དྲི་བ་འདི་བཏོན་པར།
སྨན་པ་ཚེ་རིང་སྐྱིད་ཀྱིས།"དེར་ཁྱེད་གཉིས་ཀྱིས་ཐེ་ཚོམ་ཟ་མི་དགོས།ནད་ཡོད་པའི་རྒྱུ་རྐྱེན་སོགས་མ་རེད། མིག་སྔར། བཟང་མོའི་སྐྱེ་འཕེལ་མ་ལག་ཕྱོགས་ནས་ནད་གཞི་སོགས་ཅི་ཡང་མི་འདུག མངལ་ཆགས་མིན་དེ་གཙོ་བོ་ཁྱོད་གཉིས་ཀྱི་བརྩེ་དུང་ཐད་ནས་ཕན་ཚུན་ལ་གཞོགས་འདེགས་བྱེད་ཀྱིན་ཡོད་མེད་ དང་། ཡང་ན་དུས་སྐབས་དང་བསྟུན་ཤེས་མིན་སོགས་ལའང་རག་ལས་ཡོད་ནི་རེད། ཁྱོད་གཉིས་ཀྱི་ད་དུང་བསམ་ཤེས་མེད་པས། འདིའི་སྐོར་ནས་རྒན་པ་ཚོར་ཤེས་བྱ་ཡོད་ངེས་རེད། ཁྱོད་གཉིས་ཀྱི་ད་སེམས་ལ་སྐོར་ལོག་མ་དྲན་པར་གཙོ་བོ་ལུས་ཕུང་བདེ་ཐང་ཕྱོགས་ལ་དོ་སྣང་བྱོས་དང་།དོན་དག་ཡག་པོ་འཁྱོངས་ནི་རེད"ཅེས་བཤད་པར། ལས་འགྲུབ་ཀྱི་སེམས་ཁམས་ཀྱང་ཅུང་བདེ་བར་གྱུར་ཞིང་ངོ་མདངས་ཀྱང་སླར་མངོན་བྱུང་།
སྨན་པ་ཚེ་རིང་སྐྱིད་ཀྱིས་ལས་འགྲུབ་བཟའ་ཟླ་གཉིས་ལ་ཇ་ཕོར་བ་གང་རེ་བླུགས་རྗེས། འབོལ་ཁྲིའི་སྟེང་བསྡད་དེ།"ད་ཁྱོད་གཉིས་ཀྱིས་རྗེས་ཕྱོགས་བྱིས་པ་སྐྱེ་བསམ་ན། བུ་བཙའ(围生育期保健)དུས་སུ་བདེ་སྲུང་བྱེད་དགོས་པའི་སྐོར་གང་དག་ཞིག་ཡོད་པའི་ཐད་ནས་ངས་ཁྱོད་གཉིས་ལ་ཁ་བརྡ་ཞིག་བྱེད། བཟང་མོར་མཚོན་ན། ད་ལྟ་ལོ24ལ་སོན་ཡོད་ཕྱིར། ལོ་ཚོད་ཐད་ནས་བྱིས་པ་སྐྱེ་ན་ལེགས་པའི་དུས་ཡིན། སྤྱིར་བུད་མེད་ལོ20ནས24བར་བྱིས་པ་སྐྱེས་ན་ཆེས་བཟང་བའི་དུས་ཡིན་པས།འདིའི་ཐད་ཀྱི་ཆ་རྐྱེན་ཁྱོད་གཉིས་ལ་ལྡན་འདུག དེ་བས། སྨན་གཞུང་དུ་བྱིས་པ་སྐྱེ་འཕེལ་གོ་རིམ་ཁྲོད་སྤྱིར་བཏང་དུ་བདེ་སྲུང་སྐོར་ནས་ཕྱོགས་དྲུག་ཏུ་བཀར་ཡོད། འདི་དག་ལ་ཉམས་བཞག་ན་མ་བུ་བདེ་སྲུང་ལ་ཁག་ཐེག་བྱེད་ཚད་མཐོ་བས། ང་ཚོས་ངེས་པར་དུ་འདིའི་སྐོར་ལ་དོ་སྣང་བྱེད་དགོས། དང་པོ་ཡིན་ན། མངལ་མ་སྦྲུམ་སྔོན་གྱི་བདེ་སྲུང་རེད(孕前期保健) འདིར་བརྗོད་པ་ནི་གཙོ་བོ་བྱིས་པ་བཙའ་བའི་དུས་སྐབས་ལེགས་པོ་འདེམ་དགོས་ཟེར་བ་དེ་རེད། ཡང་གཅིག་བཤད་ན་གོང་དུ་བཤད་ཟིན་པའི་ལོ་ཚོད་དང་ཐོན་ནས་བྱིས་པ་སྐྱེ་ན་བདེ་སྲུང་བྱེད་ཚད་མཐོ་བ་དེ་རེད། དེ་ལས་གཞན་ད་དུང་མངལ་མ་ཆགས་སྔོན་ལ། ཆུང་མར་ནད་རིགས་སྟེ། ནད་དུག་ཅན་གྱི་མཆིན་ཚད་དང། འདུས་འདྲིལ་གློ་ནད། སྙིང་ནད། ཁྲག་ཤེད་མཐོ་བའི་ནད་རིགས་སོགས་ཡོད་མི་རུང་ཞིང་། ཁྱོ་གས་ངེས་པར་དུ་དུ་ཆང་བཅད་དེ་དུ་བ་མ་འཐེན་ན་རབ་ཡིན།གཉིས་པ་ནི་མངལ་ཆགས་མ་ཐག་དུས་ཀྱི་བདེ་སྲུང་རེད(早孕期保健) འདིར་བརྗོད་པ་ནི་མངལ་གྱི་ཕྲུ་གུ་ཕྱོགས་སོ་སོར་གྱེས་ནས་འཚར་ལོངས་འབྱུང་བའི་དུས་སྐབས་ཡིན་པས་མངལ་ཤོར་སླ་བར་ཉེན་ཁ་ཆེ། དེ་བས། སྐབས་འདིར་དོ་སྣང་བྱེད་དགོས་པ་དག་ནི་སྨན་ཁང་དུ་བརྟག་དཔྱད་བྱས་ནས་རྨང་གཞིའི་ཁྲག་ཤེད་ཚད་འཇལ་བྱེད་པ་དང་། སྨན་གྱི་རིགས་གང་འདོད་དུ་བཏུང་མི་རུང་ལ། སྦྲུམ་མར་ཁ་དབུགས་ལེགས་པའི་ཁོར་ཡུག་འདོན་སྤྲོད་བྱེད་དགོས། རྫས་འགྱུར་སོགས་ཀྱི་སྨན་རྫས་ལ་འབྲེལ་འདྲིས་བྱེད་མི་རུང་། ཀུ་ཤུ་དང་སྤྲི་དཀར་གྱི་བཅུད་འདུས་བའི་ཟས་རིགས་བཟའ་རུ་འཇོག་དགོས་པ་དང་ཉིན་རྒྱུན་དུ་འོས་འཚམས་ཀྱིས་འགུལ་སྤྱོད་བྱས་ན་ལེགས། གསུམ་པ་ཡིན་ན། མངལ་དུ་ཡོད་དུས་ཀྱི་བདེ་སྲུང་རེད(中孕期保健)འདིར་བརྗོད་པ་ནི་མངལ་གྱི་ཕྲུ་གུ་འཚར་ལོངས་འབྱུང་ཚད་ཅུང་འགྱོགས་པའི་དུས་སྐབས་ཡིན་པས། སྐབས་འདིར་སྦྲུམ་མའི་འཚོ་བཅུད་ཐད་ལ་ཤུགས་སྣོན་བྱེད་དགོས་ལ། ཕྲུ་གུའི་འཚར་ལོངས་ཕྱོགས་ཀྱི་དམིགས་ཚད་སོ་སོར་བརྟག་དགོས། དཔེར་ན་ཕྲུ་གུའི་གསུབ་པའི་ཆགས་དབྱིབས་དང་། ལྗིད་ཚད། དབང་རྩ་སོགས་རྒྱུན་ལྡན་ཡིན་མིན་སོགས་ལ་ཞིབ་བཤེར་བྱེད་དགོས།
བཞི་པ་ནི་མངལ་ཆེ་དུས་ཀྱི་བདེ་སྲུང་རེད(晚孕期保健)འདིར་བརྗོད་པ་ནི་མངལ་གྱི་ཕྲུ་གུ་འཚར་ལོངས་འབྱུང་པ་ཆེས་མགྱོགས་པའི་དུས་སྐབས་ཡིན་པས།མངལ་གྱི་ཕྲུ་གུའི་ལྗིད་ཚད་མངོན་གསལ་སྒོས་ཇེ་ཆེར་འགྲོ་བ་རེད། སྐབས་འདིར་ཕྲུ་གུ་འཚར་ལོངས་ཕྱོགས་ལ་ཞིབ་བཤེར་ཚད་ལེན་བྱེད་པ་གནད་དུ་བཟུང་ནས། འཚོ་བཅུད་ཁ་གསབ་བྱེད་དགོས་ཤིང་། མ་སྐྱེ་སྔོན་གྱི་གྲ་སྒྲིག་ཕུན་སུམ་ཚོགས་པ་བྱེད་དགོས། ལྔ་བ་ཡིན་ན། བྱིས་པ་བཙའ་དུས་ཀྱི་བདེ་སྲུང་རེད(晚孕期保健)འདིར་བརྗོད་པ་ནི་བྱིས་པ་སྐྱེ་དུས་སྐབས་ཀྱི་བདེ་སྲུང་ཡིན་པས།རབ་ཡིན་ན་སྨན་ཁང་དུ་བསྡད་དེ་བདེ་ལེགས་ངང་བཙའ་རུ་འཇོག་དགོས་ལ། གཉན་ཚད་དང་། རྨས་སྐྱོན། ཁྲག་མང་པོ་བཞུར་བ་སོགས་ལ་སྔོན་འགོག་བཟང་བོ་བྱེད་དགོས། དྲུག་པ་ཡིན་ན། བང་དུ་འདུག་དུས་ཀྱི་བདེ་སྲུང་རེད(产褥期保健) འདིར་བརྗོད་པ་ནི་བྱིས་པ་བཙས་རྗེས་བང་དུ་འདུག་སྐབས་སྦྲུམ་མའི་བུ་སྣོད་སླར་གསོའི་གནས་ཚུལ་དང་ཡང་ན་གཤག་བཅོས་གྱི་རྨ་ཁའི་གནས་ཚུལ། ནུ་རྩར་གཉན་ཚད་རྒྱས་ཀྱིན་ཡོད་མེད་སོགས་ལ་ལྟ་ཞིབ་བྱེད་དགོས་ལ། ཟས་བཅུད་ལེགས་པོར་སྤྱད་ནས། ངལ་གསོའི་ཁ་དབུགས་གཙང་མ་མཁོ་སྤྲོད་བྱེད་དགོས་པ་དང་བྱིས་པར་རང་གི་ནུ་མའི་འོ་མ་ལྡུད་པ་སོགས་བྱེད་དགོས། གོང་གི་དོན་ཚན་འདི་དག་ལ་དོ་སྣང་བྱེད་ཐུབ་ཚེ། རྗེས་ཕྱོགས་མ་བུ་བདེ་སྲུང་དང་ཁྱིམ་ཚང་འཆམ་མཐུན་ཐད་ནས་ཡར་རྒྱས་འགྲོ་བར་ཡིད་ཆེས་ཆེན་པོ་ཡོད"ཅེས་གཞུང་ལུགས་དང་མཐུན་པའི་ཁ་བརྡ་བྱས་པར། ལས་འགྲུབ་བཟའ་ཟླ་གཉིས་ཀྱིས་ཀྱང་སེམས་རྣལ་དུ་ཕབ་ནས་ཉན་བཞིན་འདུག གོང་གི་ཁ་ཏ་བསླབ་བྱ་དེ་དག་གིས་ལས་འགྲུབ་བཟའ་ཟླ་གཉིས་ལ་རྗེས་ཕྱོགས་ཁྱིམ་ཚང་གི་འཚོ་བ་གཉེར་སྐྱོང་ཕྱོགས་ལ་བསམ་གཞིགས་ཀྱི་སྒྲོམ་གཞི་ཞིག་བཟོས་ཡོད་མོད། འོན་ཀྱང་ཁོ་གཉིས་ཀྱིས་སྒྲོམ་གཞི་འདི་ཇི་ལྟར་ཇུས་འགོད་བྱེད་རྒྱུ་སུས་ཀྱང་རྟོགས་དཀའ།
ལས་འགྲུབ་ཀྱིས།"སྨན་པས་བཤད་པ་ལྟར་ངེད་གཉིས་ཀྱིས་དོ་སྣང་བྱེད་ཐག་ཆོད་ཡིན། ཁྱེད་ཀྱིས་མཛུབ་སྟོན་གནང་བར་བཀའ་དྲིན་ཆེ"ཞེས་ཟེར་ཞོར་ད་ནངས་ཡོང་ཁར་ཚ་མོ་ཕག་མོ་སྒྲོལ་མས་བྱིན་པའི་ཐབ་བསྲེག་གོ་རེ་དེ་ད་ལན་ཁུལ་མ་ལས་ཕྱིར་བླངས་ཏེ།
སྨན་པ་ཚེ་རིང་སྐྱིད་ལ།"གོ་རེ་འདི་ཁྱོད་ཀྱིས་ལེན་རོགས་ཞུ། རང་གི་ཐབ་བསྲེག་ཡིན་པས། བཟས་ན་བྲོ་བ་ཡག་པོ་འདུག་ཟེར།"
སྨན་པ་ཚེ་རིང་སྐྱིད་ཀྱིས།"མིན། མིན། ཁྱོད་གཉིས་ཀྱི་ལམ་བྲོ་བྱོས་ཤིག ང་ལ་སྟེར་མི་དགོས།" བཟང་མོས།"ཨ་ཅེ་ལགས། འདི་ལོངས་ཤིག གོ་རེ་ལས་ཁྱོད་ལ་སྟེར་རྒྱུ་ཞིག་ཀྱང་མི་འདུག ངེད་གཉིས་ལ་ལམ་བྲོ་ད་དུང་ཡོད་ཟེར།
སྨན་པ་ཚེ་རིང་སྐྱིད་ཀྱིས།"གོ་རེ་ལས་གཞན་ཅི་སྟེར། གོ་རེ་ཡན་གྱི་རིན་པོ་ཆེ་ཞིག་གང་ན་ཡོད། ཁྱོད་གཉིས་ལ་ལམ་བྲོ་ཡོད་ཚེ། འོ་ན་ད་ངས་ལེན་རྒྱུ་བྱེད་ཡ། ལོ་རྒས་ཀྱིན་ཀྱིན་ཡུལ་གྱི་གོ་རེ་ཟས་ན་བྲོ་བ་ཆེན་པོ་ཞིག་མྱངས་ཐུབ་ཀི" ཞེས་ཀུ་རེ་རྩེ་བཞིན་ལས་འགྲུབ་ལག་གི་གོ་རེ་བླངས་ཏེ་མདུན་ཅོག་སྟེང་དུ་བཞག་ནས།" དེས་ན་ཁྱོད་གཉིས་ལ་བཀའ་དྲིན་ཆེ་ཞུ། ལམ་དུ་སེམས་ཆུང་བྱོས་ཤིག དོན་དག་ཡོད་ཚེ་རྒྱུན་དུ་ཡོང་རྒྱུ་མ་བརྗེད་ཟེར། གནས་ཚུལ་འདྲ་མི་འདྲར་འཕྲད་ཚེ་ཁ་པར་བརྒྱབ་ཀྱང་ཆོག དེང་སྐབས་བརྡ་འཕྲིན་སྟབས་བདེ་རེད་མོ"ཞེས་བརྗོད་པར།
ལས་འགྲུབ་བཟའ་ཟླ་གཉིས་ཀྱིས།"ཡ་ཡ། ཡོང་ཁོ་ཐག་ཡིན་"ཟེར་ཞོར་སྒོ་ཁར་ཕྱིན་ཏེ་ཕྱིར་ཡུལ་དུ་ཆས་འགོ་བརྩམས།
སྨན་པ་ཚེ་རིང་སྐྱིད་དང་ནད་གཡོག་མ་སྒྲོན་དཀར་སོགས་ཀྱིས་བདེ་མོ་བྱོས་ཟེར་ནས་སྒོ་མདུན་དུ་ཀྲོང་ངེར་ལངས་ཏེ་མིག་ཟུང་འཕྲུལ་རྟའི་ལྡིར་སྒྲའི་ཕྱོགས་སུ་འཁོར་འདུག སྦྲུལ་གྱི་བརྟུལ་ཞུགས་འཛིན་པའི་ཕ་ཡུལ་ཕྱོགས་ཀྱི་ལམ་ཕྲན་ཅུང་ཀྱག་ཀྱོག་དུ་འདུག་ལ། འཕྲུལ་རྟ་འཁོར་ལོའི་བང་འགྲོས་ནི་སྤྲིན་དཀར་ལ་གཤོག་ཟུང་ཐོགས་པ་དང་གཉིས་སུ་མེད། དུས་ཚོད་གཅིག་དང་ཕྱེད་ཀ་ལྷག་སོང་རྗེས། ལས་འགྲུབ་དང་བཟང་མོ་གཉིས་དེའུ་འབུར་ཞིག་གི་མདུན་དུ་འཕྲུལ་རྟ་ལས་མར་བབས་ཏེ་ངས་གསོ་བྱས་ཤིང་། ལས་འགྲུབ་ལམ་འགྲམ་དུ་ལངས་ཏེ་གཅིན་པ་ཞིག་བཏང་སྟེ། ཕྱིར་བཟང་མོའི་གམ་དུ་ཡོང་ནས།
ལས་འགྲུབ།"བཟང་མོ། ཁུག་མ་ནང་དུ་གོ་རེ་ཨེ་ཡོད།"ཞེས་ལྟོགས་པའི་ཉམས་ཤིག་བསྟན།
བཟང་མོ། "བཟང་མོ་ཧབ་ཆ་ཞིག་རྒྱབ་ཏེ།" གོ་རེ་ག་ལ་ཡོད། གོ་རེ་ཁྱོད་ཀྱིས་སྨན་པ་ཚེ་རིང་སྐྱིད་ལ་བྱིན་ཟིན་པ་མིན་ནམ། སྨན་པ་ཚེ་རིང་སྐྱིད་ཚང་དུ་ཁྱོད་ཀྱིས་ཁ་ལ་མི་བཟའ་བར་འཛེམ་དོགས་བྱས་ཏེ་ཅི་བྱེད། སྨན་པ་དེ་འདྲ་བཟང་མོ་ཞིག་འདུག"ཞེས་ལས་འགྲུབ་ལ་ཁ་ལ་ཅིག་བྱས།
ལས་འགྲུབ་ཀྱིས།"ཡ་ད་མེད་ན་མེད། དུས་ཚོད་གཅིག་གི་ཐོན་ངེས་ཡིན། བསྲན་བྱེད་ལ་དྲག་རྒྱོ་རེད། སྨན་པ་ཚང་དུ་མ་འཛེམ་ས་མི་འགྲོ མོ་རང་འུ་གཉིས་ལ་དེ་འདྲ་ཞིག་བཟང་གི ད་དུང་ཁོ་མོའི་ཟས་ཡོད་ཚད་ངས་བཟས་ན་དེ་འགྲིག་གམ"ཟེར་ཞོར། ཤོག་དང་འགྲོ"ཟེར། འཕྲུལ་རྟ་ལྡིར་སྒྲ་དང་བཅས་ཤར་མར་ཕ་ཡུལ་ཕྱོགས་སུ་མདའ་འཕངས་བ་ལྟར་རྒྱུག་ལ། ཤུལ་དུ་ལྷག་ཡོད་པ་ནི་རྡུལ་ཞགས་ཐར་ཐོར་རེ་མ་གཏོགས་མཐོང་རྒྱུ་མི་འདུག བསམ་ཚོད་ལ་འདི་ནི་སྟག་ཤར་གཞོན་ནུ་འཕྲུལ་རྟར་བཅིབས་པའི་རང་གཤིས་ཀྱི་ཁྱད་ཆོས་ཤིག་ཡིན་པའི་ངེས་ཤེས་སུ་ལའང་སྟེར་སྲིད།
ཉི་མ་ནུབ་རིའི་རྩེ་ལ་ད་དུང་འདོམ་ཐག་བཅུ་ལྷག་ཡོད་པའི་དུས་མཚམས་སུ་ཁོ་གཉིས་ལྷ་ཡག་སྡེ་བའི་སྡེ་འདབས་སུ་འབྱོར་བ་དང་། རོང་མ་འབྲོག་གི་སྡེ་འདིའི་རྣང་ཞིང་སྟེང་དུ་ར་མ་དང་ལུག་ཁྱུ་ཐར་ཐོར་རེ་འདུག་ལ། བ་གླང་རེ་འགའ་དང་བོང་ཁྱུ་རེ་འགའ་ཡང་ངུར་ངུར་བྱ་གིན་གང་དགར་ཁྱབ་འདུག སྒོ་ཕྱུགས་འདི་དག་རྣང་ཞིང་གྲུ་བཞིའི་སྟེང་བག་ཡངས་སུ་རྒྱུ་བ་ནི་སྟོན་གྱི་ལོ་ཏོག་རྣམས་བླངས་རྗེས། ཁོ་ཚོས་རྣང་ཚིགས་ཏུ་ལྷག་ཡོད་པའི་བཅུད་ལྡན་རྩྭ་ལྡུམ་དག་ལོངས་སུ་སྤྱོད་བཞིན་ཡོད་པ་མ་ཡིན་ནམ།
ཉིན་བཅུ་འགོར་རྗེས་ཀྱི་ཕྱི་དྲོ་ཞིག་ལ། ལས་འགྲུབ་དང་ཁོའི་གྲོགས་པོ་སྐྱ་བྷ་སོགས་སྡེ་བའི་མ་ཎི་ཁང་གི་སྒོ་མདུན་གྱི་ཐང་གཞོང་ཆུང་ངུ་ཞིག་ཡོད་པ་དེའི་སྟེང་དུ་ལབ་གླེང་བྱེད་བཞིན་འདུག
ལོ་ན་བདུན་ཅུ་ཡས་མས་ཀྱི་རྒན་རྒོན་རེ་འགའ་ཞིག་གིས་མ་ཎི་དབྱངས་ལ་བཀུག་སྟེ་མ་ཎི་འཁོར་ཆེན་ཤུགས་ཀྱིས་བསྐོར་བཞིན་མཆིས།
མི་དར་མ་རེ་འགའ་དང་། ལོ་ལོན་རེ་འགའ་ཞིག་གིས་འདུ་ཁང་གི་སྒོ་ཁ་རུ་བརྐྱངས་ཤག་ཕྱག་འཚལ་བ་དང་འདུ་ཁང་ལ་བསྐོར་བ་རྒྱག་བཞིན་འདུག་ལ། བསང་དུའི་དྲི་ཞིམ་དང་དུ་སྤྲིན་མ་ཎི་ཁང་གི་ཁོ་ར་ཀུན་ཏུ་ཁྱབ་འདུག
བཟང་མོས་རྒྱབ་ཏུ་ཟོ་བ་འཁུར་ཏེ་ཆུ་ལེན་པར་ཆས་བཞིན་ཡོད།
ལས་འགྲུབ་དང་སྐྱ་བྷ་སོགས་ཀྱིས་འུར་ལངས་བའི་སྒོ་ནས་ལབ་གླེང་ལ་མཚམས་འཇོག་གིན་མེད་པར་བཞིགས་ན། དོན་དག་གལ་ཆེན་ཞིག་ལ་གྲོས་བྱེད་བཞིན་ཡོད་པ་འདྲ།
བཟང་མོས་ཆུ་འཁུར་ཏེ་ཕྱིར་ཐོན། རྗེས་སུ་ལས་འགྲུབ་ཀྱིས་ཀྱང་སྒོ་ཕྱུགས་དེད་དེ་ཕྱིར་ཡུལ་དུ་ལོག
ཉི་མ་ནུབ་རིའི་རྒྱབ་ཏུ་ཡིབ། ལས་འགྲུབ་ཚང་གི་ནུབ་ཇ་འཐུང་འགོ་བརྩམས། ལས་འགྲུབ་བཟའ་ཟླ་གཉིས་ཀྱིས་ནུབ་ཚ་འཐུང་བཞིན་ཁ་བརྡའི་འགོ་བརྩམས།
ལས་འགྲུབ་ཀྱིས།"བཟང་མོ། དེ་རིང་སྐྱ་བྷ་སོགས་ལ་ཐུགས་ཐལ། ཁོས་བཤད་རྒྱུར།དེ་སྔོན་གྱི་རྫོང་ཐོག་གི་ལས་ཀ་དེ་འགོ་རྩོམ་པར་སླེབས་ཡོད། སང་ཉིན་འགྲོ་དགོས་"ཟེར།
བཟང་མོས།"ཁྱོད་དེ་རིང་ཉིན་གུང་ཡུལ་དུ་མ་ཡོང་བར་བལྟས་ན། ཁྱོད་ཚོས་དེའི་ཕྱོགས་ནས་གྲོས་བྱས་ཏེ་བསྡད་པ་ཨེ་རེད། གུང་ཇ་འཐུང་ཟིན་ནམ།"

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།