-
བདག་གིས་ནང་དོན་ལ་ཆོས་ལུགས་ཀྱིས་ཡོངས་སུ་ཁྱབ་པའི་སྐབས་གཉིས་པ་དང་ལྷག་པར་བློ་ལྡོག་གི་བསམ་པ་གཙོ་བའི་སྐབས་གསུམ་པའི་རྩོམ་རིག་ལ་དུས་རབས་བར་མའི་རྩོམ་རིག་ཅེས་གསོལ་ན་འདོད་ཀྱང་།མང་པོ་ཞིག་གི་བློ་ངོ་ནས“དུས་རབས་བར་མ”ཞེས་པའི་མིང་འདི་དང་ལེན་བྱེད་མི་ཕོད།དེ་བས་ཚིགས་བཞི་བོ་དེ་དག་དང་།ལྷག་པར་སྐབས་གཉིས་པ་དང་སྐབས་གསུམ་པར་དོན་ལ་འབྱོར་བའི་མིང་བརྗོད་བདེ་བ་ཞིག་གདགས་རྒྱུར་ཀློག་པ་པོ་དག་གི་སྤྱན་སྔར་དྲི་མེད་ཁ་བཏགས་དཀར་པོ་སྲིད་དུ་བཏེགས་པ་ལགས།།...
2023-01-16 17:00:39 བདུད་ལྷ་རྒྱལ། 17399 -
ལོ་འདིར་བོད་ཡིག་རྩོམ་སྟེགས་སུ་སྨྱུ་གུའི་འདུ་བྱེད་བསྒྱུར་ལ་དབང་འབྱོར་བའི་རྩོམ་པ་པོ་དག་གི་བརྩམས་ཆོས་མང་པོ་དྲ་སྒང་སོ་སོར་བཀྲམ་དང་འགྲེམ་མུས་སུ་ཡོད་པས།ཆད་ལྷག་མེད་པར་རེ་རེ་བཞིན་དུ་བརྗོད་པར་མི་སྤོབས་རུང་།སྐབས་འདིར་གཙོ་བོ་སྒེར་ངོས་ནས་སྒྲུང་གཏམ་གྱི་ཆ་དང་།ལྷུག་རྩོམ་གྱི་ཆ།སྙན་ངག་གི་ཆ།འགྱུར་རྩོམ་གྱི་ཆ།དཔྱད་བརྗོད་ཀྱི་ཆ་བཅས་ཕྱོགས་དྲུག་ཙམ་ནས་ད་ལོའི་བརྩམས་ཆོས་དག་ལ་ཕྱི་མིག་ཅིག་འཕེན་པར་བྱའོ།།...
2023-01-16 08:20:00 འབྲོག་ཀློའུ། 18086 -
བདག་ལ་མཚོན་ན་དཔེ་ཀློག་ནི་རང་གི་མི་ཚེ་གང་པོའི་ཚོགས་བསགས་དང་བསོད་ནམས་ཀྱི་བགོ་སྐལ་ཉག་ཅིག་ཏུ་རྩི་བཞིན་ཡོད།གཤམ་དུ་གསལ་བ་ནི་ཁོ་བོས2022ལོར་བཀླགས་པའི་དཔེ་དེབ་སུམ་ཅུ་ལྷག་གི་ནང་ནས་ཅུང་གཙོ་ཤོས་སུ་གྱུར་པ་སྐོར་ཞིག་འདེམས་བཀོད་བྱས་པ་ཡིན།མི་ཞིག་ལ་མཚོན་ན།དཔེ་ཀློག་ནི་རང་ཉིད་ཀྱི་རིན་ཐང་འཚོལ་སྙེག་བྱེད་པའི་གོ་རིམ་གཙོ་བོ་དེ་ཡིན་པར་འདོད་པས།ང་ཚོས་ངེས་པར་དུ་དཔེ་ཀློག་ལ་འབད་པར་བྱའོ།།...
2023-01-10 08:17:13 ཁྱུང་ཐར་རྒྱལ། 18588 -
སྤྱིར་སྒྲུང་ཐུང་ལ་མཁའ་དབུགས་ལྷག་པར་གལ་ཆེ་སྟེ།སྒྲུང་ཐུང་རང་ཉིད་ཀྱི་རྩོམ་ལུས་ཀྱི་དབང་གིས་བྲི་བྱའི་ཆོས་ཐམས་ཅད་ལ་ཚོད་འཛིན་ཐེབས་ཏེ་ཐམས་ཅད་པོ་ཅི་དགར་རྒྱས་འགྲེམ་བྱེད་མི་ཐུབ་པར་བྱས་ཡོད་པས།སྒྲུང་གཏམ་ལྷུག་བརྗོད་ཀྱི་སྐད་ཆ་ལ་སོགས་པར་བརྟེན་ནས་སྒྲུང་གཏམ་གྱི་མཁའ་དབུགས་གང་རུང་ལྷུར་བླངས་ཏེ།སྒྱུ་རྩལ་གྱི་མཛེས་པ་བླ་ལྷག་ཏུ་འདོན་མ་ཐུབ་ཚེ།རང་གི་སྒྱུ་རྩལ་གྱི་མཛེས་པ་མཐར་ཆགས་སུ་མངོན་དཀའ་ལ།སྒྲུང་གཏམ་ལ་བབ་ལྕི་བའི་རྣམ་པ་ཡང་འབྱུང་དཀའ།དེ་འདྲ་ཡིན་ན་རྩོམ་ཉིད་གྱི་ན་བར་མི་འགྱུར་བའི་འོས་མེད།...
2022-12-22 14:19:19 བདུད་ལྷ་རྒྱལ། 17326 -
«རྭ་ལོ་ཙཱ་བའི་རྣམ་ཐར»ཁྲོད་ཀྱི་ས་མིང་ལ་དོ་སྣང་དང་ཞིབ་འཇུག་བྱེད་ཚེ།ས་མིང་གི་གནའི་ཐོགས་དོན་དང་།དུས་ཀྱི་འཕོ་འགྱུར།ས་མིང་གི་ཤུགས་སུ་བསྟན་པའི་རིག་གནས་ཀྱི་མཚོན་དོན་སོགས་ལ་གསལ་ཆ་དང་རྒྱུས་ལོན་བྱེད་པར་དགེ་མཚན་ཆེན་པོ་ལྡན་ཞིང་།ནང་སྒོས་སུ་ཡུལ་གྲུ་དེ་དག་གི་གནས་ཀྱི་བཀོད་པ་སོགས་ཞིབ་ཏུ་བྲིས་ཡོད་པ་དེས་གནའ་རབས་ཀྱི་མི་རྣམས་ཀྱི་འཚོ་བའི་གོམས་གཤིས་དང་།བཟོ་བཀོད་ཀྱི་རྣམ་པ།ཤེས་དཔལ་གྱི་ཆུ་ཚད་སོགས་ལ་ཞིབ་འཇུག་བྱེད་པ་ལའང་གཞལ་དུ་མེད་པའི་དཔྱད་གཞིའི་རིན་ཐང་ལྡན་ནོ།།...
2022-12-20 17:42:04 འབྲུག་རྒྱལ་ཚེ་རིང་། 17341 -
མདོར་ན«རི་རབ་ལྟ་བུའི་ཨ་ཕ།གཙང་པོ་ལྟ་བུའི་ཨ་མ»ནི་སྙན་ངག་པ་ཁོང་ལམ་དུ་ཆས་དུས་ཀྱི་མི་ཚེའི་འགྲུལ་བཞུད་ཀྱི་གླུ་ངག་ཅིག་སྟེ།གྲེ་བ་བདེ་མོས་དེང་རབས་སྣ་མང་རིག་གནས་ཀྱི་ཚོན་རྩིའི་དྲི་མས་འབག་པའི་སྲོལ་རྒྱུན་རིག་གནས་ཀྱི་མེ་ལོང་ནས་རང་མདོག་འགྱུར་བཞིན་པའི་བདག་སོགས་ཀྱི་གཉུག་མའི་བཞིན་རས་འཚོལ་འདོད་པའི་བཅོས་མིན་ཡིད་ཀྱི་འབོད་པ་ཞིག་གོ།...
2022-12-13 14:12:06 མོག་བུ་ཡེ་ཤེས་སྐྱབས། 17758 -
བསྐྱར་ཟློས་ཀྱི་ཞིབ་ཕྲའི་བྱུང་རིམ་ཐེངས་བཞི་པ་ནི་རྩོམ་ཡིག་ཁྲོད་ཀྱི་འགལ་བ་ཡང་རྩེར་ཐོན་པའི་སྐབས་སུ་བྱུང་བ་ཡིན་ལ།བྱུང་རིམ་བསྐྱར་ཟློས་ཀྱིས་ཆེས་མཐའ་མ་ཡང་ཡིན།བྱུང་རིམ་དེས་མི་རབས་རྗེས་མའི་ཚབ་མཚོན་དུ་གྱུར་བའི“བུ་ཆུང”གི་སེམས་ཀྱི་འགྱུར་བ་སྟེ།ཤེས་རྟོགས་ཀྱི་ཆུ་ཚད་དང་འབྱུང་འགྱུར་གྱི་རེ་སྙེགཕུགས་བསམ་གྱི་འདུན་པ་སོགས་ལག་མཐིལ་གྱི་རི་མོ་ཇི་བཞིན་རྗེན་པར་མཐོང་ཐུབ་ལ།རྩོམ་ཡིག་ཧྲིལ་བོའི་བརྗོད་བྱའི་སྙིང་བོ་འབུར་དུ་ཐོན་པར་ནུས་པ་ཆེས་གཙོ་བོ་ཐོན་པར་སྣང་།...
2022-12-11 14:01:45 འབྲོང་བུ་རྡོ་རྗེ་རིན་ཆེན། 17198 -
[རྩོམ་རིག་དཔྱད་བརྗོད།]
རྩོམ་རིག་དང་གསོ་རིག་གཉིས་ཀྱི་འབྲེལ་བའི་མཐོང་སྣེ་ནས«རྒྱུད་བཞི»ལས་བྱུང་བའི་གཏམ་སྙན་ཞེས་པར་ཆེ་ལོང་ཙམ་དཔྱད་པ།
རྩོམ་རིག་དང་གསོ་རིག་གཉི་གས་ནད་དང་སྡུག་བསྔལ་གྱིས་ཉེན་པའི་མི་གང་ཞིག་གསོ་དུས་ལྷན་ཅིག་ཏུ་ཕན་ནུས་ཐོན་དང་འདོན་བཞིན་ཡོད།«རྒྱུད་བཞི»ཡི་རྣམ་ཤེས་སྨྱོ་བྱེད་ཀྱི་ནད་ཡིད་གདུང་སོགས་སེམས་ནད་དང་དེའི་རིགས་མ་ཡིན་པའི་ནད་ཁ་ཤས་ལ་གཏམ་སྙམ་གྱི་བཅོས་ཐབས་བསྟན་པའི་ཡིག་ཚངས་རྣམས་ལ་དབྱེ་ཞིབ་དང་།གཏམ་སྙན་ལ་གསོ་བཅོས་ཀྱི་ནུས་པ་ཡོད་པར་འདོད་པའི་དགོངས་པར་བརྟགས་ཤིང་དཔྱད་ན།ཚུལ་དེ་ནི་རྩོམ་རིག་སྒྱུ་རྩལ་གྱི་བཅོས་ཐབས་ནད་ཐོག་ཏུ་བསྟར་བའི་ཤེས་བྱེད་གལ་ཆེན་པོ་ཞིག་ཡིན་པས།རྩོམ་རིག་ལའང་ནུས་པ་དེ་ཉིད་མཚུངས་ལྡན་དུ་གྲུབ་པར་འདོད་ལ།«རྒྱུད་བཞི»ལས་གཏམ་སྙན་གྱི་བཅོས་ཐབས་སྟོན་པའི་ཡིག་ཚངས་བྱུང་ངོ་ཅོག་ནི་རྩོམ་རིག་གི་གསོ་བཅོས་ཀྱི་ཚུལ་ངེས་བྱེད་ཀྱི་གཞུང་དོན་དྲི་མ་མེད་པ་དག་ཡིན་པར་འདོད་དོ།།...
2022-11-30 14:47:27 བསེ་ཆང་ཤ་བོ་ཚེ་བརྟན། 18194 -
རྩོམ་པ་པོ་གྲགས་ཅན་འཇུ་སྐལ་བཟང་གི་སྙན་ངག་བརྩམས་ཆོས་དག་ལ་མངོན་པར་གསལ་བའི་སྐད་ཆའི་ཁྱད་ཆོས་དང་སྒྱུ་རྩལ་ཁྱད་ཆོས་ཡོད་པ་མ་ཟད།ཁོང་གི་འགྱུར་ཁུག་འཁྲུག་ཆ་དོད་པོ་དང་དམིགས་བསལ་གྱི་ཐ་སྙད་བཀོལ་སྟངས་སོགས་ཀྱིས་ཀློག་པ་པོའི་ཡིད་ཀྱི་དང་བ་དྲངས་ཡོད།ང་ཚོས་འཇུ་སྐལ་བཟང་གི་སྙན་ངག་ཀློག་སྐབས་ཁོང་གིས་གནའ་རབས་མགུར་མའི་འགྱུར་ཁུག་དང་།མེ་ལོང་མ་ཡི་ཚིག་རྒྱན།དམངས་ཕལ་པའི་སྐད་ཆ་བཅས་སྤེལ་མར་སྤྱད་ནས་སྐབས་དེའི་རྩོམ་པ་པོ་གཞན་གང་དང་ཡང་མི་འདྲ་བའི་ཁྱད་པར་མངོན་ཡོད།རྩོམ་འདི་རུ་རྩོམ་པ་པོ་འཇུ་སྐལ་བཟང་གི་སྙན་ངག་བརྩམས་ཆོས་ལས་དཔེར་མཚོན་དུ་འོས་པ་སྐོར་ཞིག་གཞིར་བཟུང་ནས།དེ་དག་གི་སྐད་ཆའི་ཁྱད་ཆོས་དང་སྒྱུ་རྩལ་ཁྱད་ཆོས་ལ་ཕྱོགས་བསྡོམས་དང་དབྱེ་ཞིབ་བྱས་འདུག...
2022-11-11 09:50:21 དཔལ་རྩལ། 19317