ངོས་དང་པོ > རྩོམ་རིག > རྩོམ་རིག་དཔྱད་བརྗོད། > སྒྱུ་འཕྲུལ་རིང་ལུགས་ཀྱི་སྒྲུང་གཏམ་བོད་དུ་དར་བའི་རྒྱུ་རྐྱེན་གླེང་བ།
སྒྱུ་འཕྲུལ་རིང་ལུགས་ཀྱི་སྒྲུང་གཏམ་བོད་དུ་དར་བའི་རྒྱུ་རྐྱེན་གླེང་བ།
རྩོམ་པ་པོ།:ཚེ་རིང་དོན་འགྲུབ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2025-07-16 08:31:52
ཀློག་གྲངས།:
སྒྱུ་འཕྲུལ་རིང་ལུགས་ཞེས་པའི་རྩོམ་རིག་གི་གྲུབ་མཐའ་འདི་ནི་དུས་རབས་ཉི་ཤུ་པའི་ལོ་རབས་སུམ་ཅུ་པར་ལ་ཏིང་མེ་གླིང་དུ་བྱུང་བའི“རྩོམ་རིག་འབར་གས”ཁྲོད་ཀྱི་རྩོམ་རིག་གྲུབ་མཐའ་གལ་ཆེན་ཞིག་ཡིན་ལ། དེས་དེང་རབས་འཛམ་གླིང་རྩོམ་རིག་གི་གར་སྟེགས་སུ་གོ་གནས་ངེས་ཅན་ཟིན་ཡོད་དེ། ད་བར་དུ་འཛམ་གླིང་དུ་སྒྱུ་འཕྲུལ་རིང་ལུགས་ཀྱི་རྩོམ་ཐབས་སྤྱད་དེ་ནོ་པེལ་རྩོམ་རིག་གཟེངས་རྟགས་ལེན་མཁན་ཡང་གང་མང་བྱུང་། རྩོམ་རིག་གི་རླབས་རྒྱུན་འདི་དར་བ་ནས་བཟུང་འཛམ་གླིང་རྩོམ་རིག་གི་གོ་གནས་ལ་གཡོ་འགུལ་ཆེན་པོ་ཐེབས་ཤིང་། ལ་ཏིང་མེ་གླིང་གི་རྩོམ་རླབས་ཀྱི་ཡང་རྩེར་སོན་པ་རེད། རྩོམ་རིག་གི་གྲུབ་མཐའ་འདིས་བསམ་བློའི་ནང་དོན་ཐད་གཏིང་ཟབ་པའི་སྒོ་ནས་དངོས་ཡོད་འཚོ་བ་མཚོན་པར་མ་ཟད། རྩོམ་པ་པོའི་ཡར་ཐོན་གྱི་ཆབ་སྲིད་ལངས་ཕྱོགས་མངོན་པར་གསལ་བས། སྲོལ་རྒྱུན་གྱི་དངོས་ཡོད་རིང་ལུགས་ཀྱི་འབྲི་ཐབས་ལས་འགོངས་ནས་དངོས་ཡོད་ལ་མཐའ་གཅིག་ཏུ་གདོང་གཏད་དེ་ཟུར་ཟ་དང་སུན་འབྱིན། དགག་སྒྲུབ་དང་མཐའ་དཔྱོད་བྱེད་པ་ཞིག་ཡིན། དེའི་ཐད་བོད་དུ་རྩོམ་པ་པོ་པདྨ་ཚེ་བརྟན་དང་། ཚེ་རིང་དོན་གྲུབ། སྟག་འབུམ་རྒྱལ་སོགས་བོད་ཀྱི་སྒྲུང་གཏམ་རྩོམ་པ་པོ་དག་བྱུང་ནས་དེང་རབས་རྩོམ་རིག་གི་འཕེལ་རྒྱས་ལ་བྱས་རྗེས་མི་དམན་པ་བཞག་སྟེ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། ལོ་ངོ་བཞི་བཅུ་ལྷག་གི་དུས་ཡུན་ནང་དུ་བོད་ཀྱི་རྩོམ་པ་པོ་དག་གིས་ནུབ་ཕྱོགས་ཀྱི་རྩོམ་རིག་གྲུབ་མཐའ་ལ་སློབ་སྦྱོང་བྱས་ཤིང་རང་གི་འཚོ་གནས་ཁོར་ཡུག་གི་རིག་གནས་ལ་མནོ་བསམ་བཏང་སྟེ། བོད་ཀྱི་དེང་རབས་རྩོམ་རིག་གི་ལམ་བུ་སྔར་ལས་རྒྱ་བསྐྱེད་ཐུབ་པ་བྱུང་ཡོད་པས། གཤམ་དུ་ཕྱོགས་གསུམ་གྱི་ཐད་ནས་སྒྱུ་འཕྲུལ་རིང་ལུགས་འདི་ཉིད་བོད་དུ་དར་བའི་རྒྱུ་རྐྱེན་ལ་ཅུང་དཔྱད་པར་བྱའོ། །
གཅིག གསར་དར་གྱི་རྩོམ་པོ་པོའི་དཔུང་སྡེ་དང་དུས་དེབ།
དུས་རབས་ཉི་ཤུ་པའི་ལོ་རབས་བདུན་ཅུ་པའི་མཇུག་ཙམ་དུ་དོན་གྲུབ་རྒྱལ་གྱི་སྒྲུང་གཏམ«པད་མཚོ»དང«འབྲུག་མཚོ»ཞེས་པ་གཉིས་སྔ་ཕྱིར«མཚོ་སྔོན་བོད་ཡིག་གསར་འགྱུར»སྟེང་བཀོད་པ་དང་། དེ་མིན1980ལོའི«བོད་ཀྱི་རྩོམ་རིག་སྒྱུ་རྩལ»དེབ་གསུམ་པའི་སྟེང་དུ་སྤེལ་བའི་གླང་མདུན་དཔལ་འབྱོར་གྱི«མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ»དང1981ལོའི«སྦྲང་ཆར»གྱི་དེབ་ཐོག་མའི་སྟེང་དུ་སྤེལ་བའི་དོན་གྲུབ་རྒྱལ་གྱི«འབྲོང་སྟག་ཐང»ཞེས་པའི་སྒྲུང་གཏམ་དེ་གཉིས་ནི་སྲོལ་རྒྱུན་གྱི་བྱུང་རིམ་དང་སྐད་ཆ་ཞིབ་འབྲི་བྱེད་པ་གཙོར་འཛིན་པའི་འབྲི་ཐབས་ལས་འགོངས་ཏེ་མི་སྣའི་གཤིས་ཀ་བཞེངས་སྐྲུན་དང་བསམ་པའི་འགྱུར་བ་ཞིབ་འབྲི་བྱེད་པ་ལྷུར་བླངས་པས། དེ་ནས་བཟུང་བོད་ཀྱི་རྩོམ་རིག་གསར་པའི་ཁྱབ་ཁོངས་སུ་དེང་རབས་སྒྲུང་གཏམ་གྱི་དབུ་ཁྱུད་བྲིས། དེའི་རྗེས་སུ་བོད་དུ་རྩོམ་རིག་གསར་པའི་གསར་རྩོམ་ལ་གཞོལ་མཁན་གྱི་ན་གཞོན་རྩོམ་པ་པོ་སྐོར་ཞིག་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་དུ་བྱུང་།
བོད་དུ་སྒྲུང་གཏམ་གསར་པའི་དབུ་ཁྱུད་བྲིས་པ་ནས་བཟུང་། རིམ་བཞིན་རྩོམ་རིག་གསར་རྩོམ་ལ་འཇུག་མཁན་གྱི་རྩོམ་པ་པོའི་དཔུང་ཁག་ཅིག་ཆགས་པ་དང་། ཁོང་ཚོ་མང་ཆེ་བ་ནི་རིག་གནས་ཀྱི་ལས་ཀ་གཉེར་མཁན་ཡིན་པས་ལས་ཞོར་དང་ལས་ཀའི་དགོས་དབང་གིས་རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་བརྩམས་ཆོས་མང་དག་ཅིག་བཀླགས་པའི་གོ་སྐབས་བྱུང་། མི་རིགས་གཞན་གྱི་རྩོམ་རིག་བརྩམས་ཆོས་ལ་འབྲེལ་འདྲིས་བྱུང་བ་ནས་རང་མི་རིགས་ཀྱི་རྩོམ་རིག་གསར་པའི་སྟོང་ཆ་སྐོང་འདོད་ཀྱི་འདུན་པ་དྲག་པོ་འཕྱུར་བས་གཞན་གྱི་རྩོམ་རིག་བརྩམས་ཆོས་ལ་སློབ་སྦྱོང་དང་ལད་མོའི་ཚུལ་གྱིས་བོད་ལ་སྒྲུང་གཏམ་གསར་པའང་དུ་མ་བྱུང་། རྩོམ་པ་པོ་དེ་དག་ནི་ལོ་རབས་བདུན་ཅུ་པ་ནས་ལོ་རབས་དགུ་ཅུ་པའི་བར་ལ་གསར་རྩོམ་གྱི་ལམ་དུ་ཞུགས་མཁན་ཡིན་པས་བོད་ཀྱི་རྩོམ་རིག་གསར་པའི་དཔུང་ཁག་ཅིག་ཏུ་ཆགས་ཡོད་པས་སྐབས་དེར་གསར་རྩོམ་བྱས་པའི་རྩོམ་རིག་གི་བསམ་བློའི་འཁྱེར་སོ་ཡང་ཕལ་ཆེར་གཅིག་མཚུངས་སུ་སྣང་། ལོ་རབས་བརྒྱད་ཅུ་པ་ནས་བཟུང་བོད་ལ་རྩོམ་རིག་རྐྱང་བའི་དུས་དེབ་གཅིག་ཀྱང་མེད་པའི་དུས་སྐབས་རྫོགས་ཏེ། 1980ལོར«བོད་ཀྱི་རྩོམ་རིག་སྒྱུ་རྩལ»ལྷ་སར་གསར་དུ་བཏོན་པ་དང་། 1981ལོར«སྦྲང་ཆར»དང«མང་ཚོགས་སྒྱུ་རྩལ»ཟི་ལིང་དུ་གསར་དུ་བཏོན། ཀན་ལྷོ་ནས«ཟླ་ཟེར»གསར་དུ་བཏོན། 1989ལོར«གངས་རྒྱན་མེ་ཏོག»མཚོ་ནུབ་ནས་གསར་དུ་བཏོན་པས། རྩོམ་པ་པོ་རྣམས་ལ་རྩོམ་རིག་གི་མཐུན་རྐྱེན་ཆེན་པོ་སྦྱར་ཞིང་། ཁོ་ཚོས་མུ་མཐུད་དུ་གསར་རྩོམ་ལ་ཚོད་ལྟ་དང་མི་རིགས་གཞན་གྱི་གསར་རྩོམ་གྱི་ལེགས་ཆ་དང་ཐབས་ལམ་སོགས་ནང་འདྲེན་བྱེད་པར་སྟོབས་ཤུགས་ཆེན་པོ་བསྩལ་བ་རེད། དེ་བས་བོད་ཀྱི་ན་གཞོན་རྩོམ་པ་པོ་དག་གི་ཁྲོད་དུ་བོད་ཀྱི་དངོས་ཡོད་སྤྱི་ཚོགས་ལ་ཕྱོགས་ཡོངས་ནས་ཟབ་འཇུག་བྱས་ཏེ་བོད་ཀྱི་རིག་གནས་ཀྱི་མཛེས་རྟོག་ལ་འགྲེལ་བཤད་དང་བསྐྱར་ཞིབ་བྱེད་པའི་བརྩམས་ཆོས་མཇལ་རྒྱུ་བྱུང་བ་སྟེ། 1986ལོར«སྦྲང་ཆར»དུ་བཀོད་པའི་རྩོམ་པ་པོ་ལྗང་བུའི་སྒྲུང་གཏམ«སོག་རུས་ལས་མཆེད་པའི་རྣམ་ཤེས»དང་། 1987ལོར«སྦྲང་ཆར»དུ་བཀོད་པའི«ཤི་གསོན»ལྟ་བུ། 1991ལོར«སྦྲང་ཆར»དུ་བཀོད་པའི་སྟག་འབུམ་རྒྱལ་གྱི་སྒྲུང་གཏམ«མི་རབས་གསུམ་གྱི་རྨི་ལམ»དང་། 1993ལོར«སྦྲང་ཆར»དུ་བཀོད་པའི་ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ཀྱི་སྒྲུང་གཏམ«སྤྱང་ཀི ལུག་རྫི་དང་ཁོའི་ཆུང་མ» ལྷག་པར1998ལོར་ཚེ་རིང་དོན་གྲུབ་ཀྱིས་བརྩམས་པའི་སྒྲུང་རིང«མེས་པོ»སོགས་གཅིག་རྗེས་གཉིས་མཐུད་དུ་བོད་ཀྱི་རྩོམ་སྟེགས་སུ་བྱུང་བ་དེ་ནི་དུས་སྐབས་དེའི་ནང་དུ་བོད་ཀྱི་རྩོམ་པ་པོའི་དཔུང་ཁག་ཅིག་ལ་རྟོགས་པ་སད་པ་དང་། བོད་མི་རིགས་ལ་ཁྱད་དུ་མངའ་བའི་རིག་གནས་ཀྱི་ཁྱད་མཚར་རང་བཞིན་རྩོམ་རིག་སྒྱུ་རྩལ་དུ་འགོད་མཁན་ཐོག་མའི་སྐོར་ཡིན། དེ་བས་ལོ་རྒྱུས་ཀྱི་དུས་རིམ་ངེས་ཅན་ཞིག་གི་ནང་དུ་བོད་ཀྱི་རྩོམ་པ་པོ་དེ་དག་གིས་ཐོག་མར་རང་ཉིད་ཀྱི་ཕ་ས་ན་ཡོད་པའི་རིག་གནས་འཛིན་སྐྱོང་བྱས་ཏེ། རྣམ་པ་དང་ཐབས་ལམ་གཞན་ཞིག་སྤྱད་ནས་ཕྱི་རོལ་ཏུ་སྤེལ་བ་རེད།
གཉིས། ལྷ་སྒྲུང་དང་ངག་རྒྱུན་དག་གསར་རྩོམ་གྱི་ས་བོན་དུ་གྱུར་པ།
བོད་ཀྱི་དམངས་ཁྲོད་དུ་ཤིན་ཏུ་དར་ཁྱབ་ཆེ་བའི་ལྷ་སྒྲུང་དང་ངག་རྒྱུན་སྣ་ཚོགས་ཡོད་ལ། དེ་དག་མདོར་བསྒྲིལ་ན་རང་བྱུང་ཁམས་ཆེན་པོའི་སྐོར་དང་། མིའི་རིགས་ཀྱི་འབྱུང་ཁུངས་སྐོར། ཐོན་སྐྱེད་དང་ངལ་རྩོལ་གྱི་སྐོར་བཅས་རིགས་གསུམ་དུ་དབྱེ་ཆོག་པ་ཡིན། ལྷ་སྒྲུང་དང་ངག་རྒྱུན་དེ་དག་ནི་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་ཆེས་ཐོག་མའི་རྣམ་པ་ཞིག་དང་མིའི་རིགས་ཀྱིས་ངེས་པར་བརྒྱུད་དགོས་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ཞིག་ཡིན། དེ་ནི་མིའི་རིགས་ཀྱི་ཆེས་ཐོག་མའི་བསམ་གཞིག་བྱེད་སྟངས་དང་འདུ་ཤེས་འཛིན་སྟངས་ཤིག་སྟེ། གདོད་མའི་ལྷ་སྒྲུང་གིས་གནའ་མིས་འཇིག་རྟེན་ལ་ངོས་འཛིན་བྱེད་པའི་བློ་རིག་གི་ཆུ་ཚད་དང་གནའ་བོའི་ལོ་རྒྱུས་འཕེལ་བའི་བརྒྱུད་རིམ་གསལ་བོ་མཚོན་པ་རེད། དེར་མ་ཟད་ལྷ་སྒྲུང་དང་ངག་རྒྱུན་ནི་གདོད་མའི་ངག་ཐོག་རྩོམ་རིག་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་ཏེ། གཡང་མོ་སྐྱིད་ཀྱི«བོད་ཀྱི་དམངས་ཁྲོད་རྩོམ་རིག་གི་རྣམ་བཤད་རབ་གསལ་མེ་ལོང»དུ“དེས་ངོ་མཚར་བའི་འཕྲུལ་སྣང་དང་རྟོག་བཟོའི་སྒྱུ་རྩལ་གྱི་ཉམས་ཁྱད་པར་བ་ལྡན་ཞིང་། དེ་དང་དེ་ལྟ་བུའི་བསམ་གཞིག་གི་ཐབས་ལམ་ལ་བརྟེན་ནས་རང་བྱུང་ཁམས་དང་སྤྱི་ཚོགས་ཀྱི་སྣང་ཚུལ་མཐའ་དག་གཟུགས་སྣང་ཅན་དུ་བསྒྱུར། དཔེར་ན«གེ་སར་རྒྱལ་པོ»དང«སེང་ལྕམ་འབྲུག་མོ» «སྟོང་དཔོན་ཁྲོ་རྒྱལ་བེར་དཀར» «ཧོར་གུར་དཀར་རྒྱལ་པོར་གཉའ་སྒ་བསྟད་པ» «མེ་བཟའ་འབུམ་སྐྱིད» «སྟག་རོང་ཁྲོ་རྒྱལ»སོགས་ནི་རྩོམ་པ་པོ་དག་གི་གསར་རྩོམ་གྱི་ས་བོན་དུ་བཟུང་ཡོད།
གསུམ། བོད་མིའི་དངོས་ཀུན་བླ་ཡོད་ཀྱི་འདུ་ཤེས།
མི་ལོ་སྟོང་ཕྲག་གི་ཡར་སྔོན་དུ། བོད་མི་རིགས་ནི་ཤེས་རིག་གི་ཆུ་ཚད་ཞན་ལ། ཐོན་སྐྱེད་ཀྱི་ལག་རྩལ་མེད། ཚན་རིག་གི་འདུ་ཤེས་ཉམས་པས། འཇིག་རྟེན་ཁམས་ཀྱི་རང་བྱུང་སྣང་ཚུལ་དང་འབྱུང་བཞིའི་གནོད་འཚེ་དག་ལ་ངོས་འཛིན་གསལ་པོར་བྱེད་ཐུབ་ཀྱིན་མེད། ཁོ་ཚོའི་བསམ་པར། འཇིག་རྟེན་ཁམས་འདི་བདག་ཏུ་འཛིན་པའི་བྱེད་པོ་གཞན་ཞིག་ཡོད་པ་དང་། དེ་ཉིད་ལ་རང་བྱུང་ཁམས་ལས་འདས་པའི་རྫུ་འཕྲུལ་དང་སྟོབས་ཤུགས་ཁྱད་པར་ཅན་མངའ་བར་སྙམ་སྟེ། དེ་དག་ལ་མཆོད་བཀུར་དང་གསོལ་འདེབས། བསྙེན་བཀུར་དང་ཞབས་ཞུ་ལེགས་པོ་བྱས་ན། སོ་སོའི་ཁ་ལས་དགེ་བར་མགོན་སྐྱབས་དང་སྡོང་གྲོགས་མཛད། གལ་ཏེ་དད་ལོག་དང་འཚེ་བའི་ལས་བགྱིས་ཚེ། བར་ཆད་དང་གོད་ཆག་སྣ་ཚོགས་འབྱུང་བའི་འདུ་ཤེས་ཤིག་ཆགས་ཡོད། དེ་ནི་བོད་མི་རིགས་ཀྱང་མི་རིགས་གཞན་དང་འདྲ་བར་རང་བྱུང་ཁམས་ཀྱི་སྣང་ཚུལ་དག་དམ་པ་ལྷ་ཡི་བྱེད་ལས་སུ་སེམས་པའི་ངོས་འཛིན་ཞིག་རེད། བོད་མི་རྣམས་ནི་དང་ཐོག་བོན་ཆོས་ལ་དད་ཅིང་། དེ་ནི་དངོས་ཀུན་བླ་ཡོད་དུ་སྨྲ་བའི་གདོད་མའི་ཆོས་ལུགས་ཤིག་ཡིན་པས། བོད་ཡུལ་གྱི་གནམ་ས་རི་གཤོང་གི་གྲུབ་ཚུལ་དང་ཆར་གློག་ཐོག་གསུམ་གྱི་བྱུང་བ། ཉི་ཟླ་སྐར་གསུམ་གྱི་འཆར་ནུབ། དཔྱིད་དབྱར་སྟོན་དགུན་གྱི་འགྱུར་ལྡོག བྱ་དང་རི་དྭགས། ཉ་དང་འབུ་སྲིན་གྱི་འགུལ་སྐྱོད་སོགས་ལ་རང་བྱུང་ལས་བརྒལ་བའི་སྟོབས་ཤུགས་ཏེ་ལྷ་ཡིས་ཚོད་འཛིན་བྱེད་པར་བསམས་ཤིང་། མིའི་རིགས་ཀྱི་བདེ་སྡུག་ལེགས་ཉེས་ཀུན་ཀྱང་ལྷ་ལ་རག་ལས་པར་བསམས་པས་དད་པའི་བློ་སྐྱེས་ཤིང་། མཆོད་འབུལ་དང་གསོལ་འདེབས་བྱས་ཏེ་ཉེར་འཚེ་སེལ་བའི་ཆོས་ལུགས་འདི་དར་བས། མི་རྣམས་རང་བྱུང་ཁམས་ཆེན་པོའི་གསང་བ་སྣ་ཚོགས་ལ་ཡ་མཚན་སྐྱེས་ཏེ་ཤེས་འདོད་ཀྱི་བློ་དྲག་པོ་སྐྱེས་ཤིང་། སྐབས་དེའི་མི་རྣམས་ཀྱི་ངོས་འཛིན་ནུས་ཤུགས་ལ་བརྟེན་ནས་དཔྱད་པ་དང་འགྲེལ་བཤད་ཀྱང་བྱས་ཡོད་པ་རེད། ལྷག་པར་བཙན་པོ་སྲོང་བཙན་གྱི་ཡར་སྔོན་དུ་བོད་མི་རྣམས་བོན་པོའི་ཆོས་ལ་དད་ཅིང་། དེ་ལ་ཁྱུང་ཐར་རྒྱལ་ལགས་ཀྱིས«བོད་ཀྱི་ལྷ་སྒྲུང་སྐོར་གླེང་བ»རུ“འཇིག་རྟེན་འདི་རིམ་པ་གསུམ་དུ་ཕྱེ་སྟེ་སོ་སོར་ལྷ་ཀླུ་གཉན་གསུམ་གྱིས་བདག་པོ་བྱེད་ཅིང་། དེ་ནི་མི་ལྟ་བུའི་སྐྱེ་རྒ་ན་འཆི་ཅན་མིན་པར་མངོན་ཤེས་རྫུ་འཕྲུལ་ཡོད་ཅིང་། མཐུ་དང་ནུས་པ་བསམ་གྱིས་མི་ཁྱབ་པ་ལྡན་པའི་ལྷའི་རིགས་ཤིག་རེད”ཅེས་པ་བཞིན། དེ་དག་བོད་ཡུལ་གྱི་ལུང་པ་སོ་སོ་དང་གངས་རི་ལ་གནས་པའི་གཉན་དང་། རི་ལ་གནས་པའི་གཞི་བདག མཚོ་ལ་གནས་པའི་ཀླུ་སོགས་ཀྱིས་ཡུལ་དེའི་བོད་མི་ཡོངས་ལ་མགོན་སྐྱབས་བྱེད་ཅིང་གེགས་དང་བར་ཆད་སེལ་བར་བྱེད་པ་ཞིག་ཡིན། ལྟ་བ་འདི་ནི་བོད་མི་རེ་རེའི་སེམས་ཁོང་དུ་ཟུག་པས་བོད་ཀྱི་རྩོམ་པ་པོ་རྣམས་ཀྱིས་རྩོམ་རིག་གསར་རྩོམ་གྱི་སྐབས་སུ་ཡང་དངོས་ཀུན་བླ་ཡོད་ཀྱི་འདུ་ཤེས་ཀྱི་ངོས་ནས་འཇིག་རྟེན་ལ་ངོས་འཛིན་དང་རྟོག་འཇུག་བྱས་ཡོད་པ་མ་ཟད། སྒྱུ་འཕྲུལ་གྱི་མཚོན་ཐབས་སྤྱད་ནས་གསར་རྩོམ་བྱེད་པར་ནུས་པ་བླ་ལྷག་ཐོན་ཡོད། །

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།