ངོས་དང་པོ > རྒྱལ་སྤྱི། > གསར་འགྱུར་ཀུན་གླེང་། > ༢༠༢༥ལོའི་ནོ་བྷེ་ཞི་བདེའི་གཟེངས་རྟགས་མཱ་རེ་ཡ་ཀ་རེ་ན་མ་ཅ་རྡོ་ལ་ཐོབ།
༢༠༢༥ལོའི་ནོ་བྷེ་ཞི་བདེའི་གཟེངས་རྟགས་མཱ་རེ་ཡ་ཀ་རེ་ན་མ་ཅ་རྡོ་ལ་ཐོབ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-10-11 09:03:08
ཀློག་གྲངས།:
2025ལོའི་ནོ་བྷེ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ནི། ལྷོ་ཨ་མེ་རི་ཀའི་ཝེ་ནེ་ཛོ་ལ་རྒྱལ་ཁབ་ཀྱི་སྒེར་གཅོད་པ། སྲིད་འཛིན་མཱ་རྡུ་རོ་ཡི་དབང་སྒྱུར་གྱི་ལྡོག་ཕྱོགས་སུ་ལངས་མཁན། ལྕམ་མཱ་རེ་ཡ་ཀ་རེ་ན་མ་ཅ་རྡོ(MariaCorinaMachado)ཡིན་འདུག

ཕྱི་ལོ2002ལོ་ནས་བུད་མེད་འདི། ཝེ་ནེ་ཛོ་ལ་རྒྱལ་ཁབ་ཀྱི་སྒེར་གཅོད་ཤོག་ཁག་གི་འགལ་ཟླར་ལངས་ནས། ད་ལྟའི་བར་ཝེ་ནེ་ཛོ་ལ་རྒྱལ་ཁབ་ཀྱི་གུ་ཡངས་དང་མང་གཙོའི་ཤོག་ཁག་གི་མཚོན་བྱེད་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་གསལ། ཕྱི་ལོ2023ལོར་སྲིད་འཛིན་གྱི་སྔོན་འགྲོའི་འོས་བསྡུའི་སྐབས་སུ། མོ་ལ་འོས་གྲངས་བརྒྱ་ཆ90%ལས་མང་བ་ཐོབ་ཟིན་པ་དང་། ཕྱི་ལོ2024ལོའི་འོས་བསྡུ་དངོས་གཞིའི་སྐབས་སུ། ཁོང་མོས་ལས་ཐོག་སྲིད་འཛིན་མཱ་རྡུ་རོ(Maduro)ལ་འགྲན་སློང་དགོས་ཀྱང་། སྒེར་གཅོད་པ་མཱ་རྡུ་རོ་གཞུང་དང་རྒྱལ་ཁབ་འདིའི་ཁྲིམས་ཁང་གིས། མོ་ལ་ཉེས་འཛུགས་སྣ་ཚོགས་ཀྱིས་ལོ་ངོ15ཡི་རིང་ལས་ཁུངས་ཀྱི་འགན་འཁུར་མི་ཆོག་པ་བཟོས་ཡོད་འདུག་ལ། དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཐད་ལ་འཐབ་རྩོད་ཤུགས་ཆེར་བྱས་འབྲས་སུ་ད་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འདི་ཁོང་མོ་ལ་ཐོབ་ཡོད་པ་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
བོད་ལ་ཡོད་པའི་ཕྱེ་མ་ལེབ་འདི་འདྲ་ཁྱེད་ཀྱིས་མཐོང་མྱོང་ངམ།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号