• ལྷ་བསང་གི་སྐོར་ཉུང་ཙམ་གླེང་བ།...

    2022-02-25 11:05:21 པད་དཀར་འབངས། 23648
  • སྤྱིར་སྟོད་རྒྱ་གར་གྱི་ས་མཚམས་ན་གནས་པའི་མངའ་རིས་ཕྱོགས་ཀྱི་མི་སྡེ་དང་།སྨད་རྒྱ་ནག་གི་ས་མཚམས་སུ་སྡོད་པའི་ཤར་རྒྱལ་མོ་ཚ་བ་རོང་འདི་ཚོར་ཟླ་ལམ་དུ་མས་ཆོད་པའི་ཡུལ་ཁམས་མི་གཅིག་པའི་ཡུལ་ཕྱོགས་གཉིས་ཤིག་སྟེ།ལྷག་པར་དུ་གནའ་རབས་ཀྱི་ཤར་རྒྱལ་མོ་ཚ་བ་རོང་ཞེས་པའི་ཡུལ་ལུང་དེ་ནི་མཐོ་སྒང་གི་“སྦས་ཡུལ”ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པར་མ་ཟད།ཡུལ་དེ་བོད་ཁམས་ཀྱི་ས་ཆ་གཞན་ལས་ཅུང་བགྲོད་དཀའ་བ་དང་།འགྲིམ་འགྲུལ་ཀྱང་སྟབས་མི་བདེ་བའི་ས་ཆ་ཞིག་ཡིན་པ་ཀུན་གྱིས་སྨྲས།སྤྱིར་ན་ཤར་རྒྱལ་མོ་རོང་སྤྱིའི་མི་རྣམས་ཀྱི་ལོ་རྒྱུས་དང་།སྐད་ཆ།དཔལ་འབྱོར།ཡུལ་སྲོལ་གོམས་གཤིས་བཅས་གང་ཅིའི་ཐད་ནས་བརྗོད་ན་མཐོ་སྒང་མི་རིགས་གཞན་དག་དང་དབྱེ་བ་མེད་པའམ་གཅིག་མཐུན་གྱི་གཞི་མ་ཞིག་རེད་ནའང་།རྒྱལ་རོང་གི་རིག་གནས་འགའ་ཤས་ནི་མཐོ་སྒང་སྤྱིའི་རིག་གནས་ལས་ཅུང་མི་འདྲ་བའི་དམིགས་བསལ་གྱི་རང་བཞིན་ལྡན་པའང་མང་།དེ་བས་ཐུན་མིན་གྱི་རིག་གནས་དེ་དག་དེང་སང་ཕྱི་ནང་གི་བོད་རིག་པ་སྨྲ་བ་མང་པོས་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད།ལྷག་པར་དུ་ཡུལ་དེ་དག་ཏུ་སོར་བཞག་རིག་གནས་འགའ་ཞིག་ནི་ཡ་ཐོག་ཞང་ཞུང་རིག་གནས་དང་འབྲེལ་བ་དམ་ཟབ་ཡོད་པའང་ཀུན་གྱིས་བཀུར་ཞིང་ཡོངས་སུ་གྲགས།ཁོ་བོས་གནའ་རབས་ལོ་རྒྱུས་ཡིག་ཆར་གཞིར་བྱས་ཤིང་།དེང་སང་དམངས་ཁྲོད་དུ་བཞུགས་པའི་སྒྱུ་རྩལ་བ་རྒན་གྲས་རྣམས་ཀྱི་བཤད་སྲོལ་སོགས་དཔྱད་གཞིར་བྱས་ཏེ།ཡུལ་རྒྱལ་མོ་ཚ་བ་རོང་ཕྱོགས་སུ་དར་ཁྱབ་ཤིན་ཏུ་ཆེ་བའི་དར་གར་ཤོ་ནེ་དང་གནའ་རབས་ཞང་ཞུང་གི་གཡུང་དྲུང་ཤོན་རྩེད་གཉིས་ཆེད་དུ་བདམས་ཏེ་དཔྱད་པར་རགས་བསྡུས་བྱས་ཡོད།...

    2022-02-24 10:47:21 ཆུ་མདོ་པད་མ་བཀྲ་ཤིས། 24013
  • བོད་ཀྱི་སྒྱུ་རྩལ་རིག་གནས་ལ་སྣང་ཚུལ་སྣ་མང་ཞིག་ཡོད་ཅིང་། དཔྱད་རྩོམ་འདིར་བོད་ཀྱི་ཡིག་ཚང་སྔ་མ་དག་གཞིར་བཟུང་ནས་གཡག་རྔ་ནི་བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཚུལ་བརྗོད་ཡོད་ལ།རྔ་མ་ནི་མཐོ་རིས་སུ་འདྲེན་པའི་རྟགས་ཤིག་ལ་ངོས་འཛིན་པ་ནས་ཆོས་ལུགས་ཀྱི་ཆོ་ག་སོ་སོའི་ཡོ་བྱད་དུ་གྱུར་ཅིང་།རིམ་གྱིས་བོད་ཀྱི་སྒྱུ་རྩལ་རིག་གནས་ཤོན་དང་གར།རྩེད་ཐང་གར་པ་གཞས་མ་སོགས་སྒྱུ་རྩལ་རིག་གནས་ཀྱི་འཁྲབ་ཆས་གལ་ཆེན་ཞིག་ཏུ་གྱུར་ནས་གོ་བབ་མཐོ་ཞིང་མཚོན་བྱེད་ཀྱི་ནང་དོན་ཡོད་པ་ཞིག་ཡིན། ...

    2022-02-10 09:09:42 སྲས་མཆོག་ཚེ་རིང་། 22588
  • ཆེས་ཐོག་མའི་དུས་རིམ་ནས་མཐོ་སྒང་ཞང་བོད་ཀྱི་ས་གནས་ནས་བྱུང་བའི་དངོས་རྫས་ཐོག་ལྕགས་འདི།ཐོག་མར་ཇི་ལྟར་བྱུང་བའི་སྐོར་སྔ་མིའི་ངག་རྒྱུན་དང་དེང་དུས་ཚན་རིག་པའི་ལྟ་བ་གོ་བསྡུར་གྱིས།ཐོག་ལྕགས་ཀྱི་གཟུགས་རིས་མི་འདྲ་བའི་དུས་རིམ་དང་འཕེལ་འགྱུར།ཁྱད་ནུས་སོགས་བྲིས་ཡོད།...

    2022-02-09 10:58:12 རྩེ་རྒྱལ། 23102
  • འདིར་ཕ་ཡུལ་ཧང་ངེ་ལྷ་སྡེའི་མཆོད་ཡུལ་དུ་གྱུར་བའི་གཞི་བདག་ཨ་མྱེས་བསྟན་སྐྱོང་གི་ལབ་ཙེའི་ཐོག་མའི་མཆེད་ཁུངས་དང་བསྟན་སྐྱོང་ཞེས་པའི་མིང་ཐོགས་ཚུལ།ཧང་ངེ་ལྷ་སྡེའི་ཁུ་ཐུལ་རི་རྩེ་རུ་བཞུགས་པའི་བསྟན་སྐྱོང་ལབ་ཙེ་བསྟད་ཚུལ་དང་བསྟོད་མཁན་གྱི་ཡུལ་སྡེ་ཕྲ་མོ།བསྟན་སྐྱོང་ལབ་ཙེའི་བསང་ཡིག་འཚོལ་བསྡུ་བྱུང་བ་དག་ངོ་སྤྲོད་ནུས་ཚོད་ཅིག་བཀོད་ཡོད་དེ།དེ་ཡང་རང་བློས་ཤེས་ཚོད་ཙམ་ལ་བློ་མ་ཁེན་པར་ཕ་ཡུལ་གྱི་རྒན་པ་དང་ཤེས་ལྡན་པའི་སྡེ་ལ་བཅར་འདྲི་སོགས་བྱས་པ་བརྒྱུད་དེ་རོབ་ཙམ་གླེང་བར་བྱའོ།།...

    2022-01-17 10:21:10 སངས་རྒྱས་རྒྱལ། 22790
  • ༄༅།།སྲོལ་རྒྱུན་རིག་གནས་དང་དུས་རབས་གསར་བའི་བར་གྱི་འབྲེལ་བ།...

    2022-01-13 10:46:02 སྡེ་རོང་ཚེ་རིང་དོན་གྲུབ། 22470
  • ལྷ་རྒྱལ་ལོ་ཞེས་པའི་གོ་དོན་བཤད་པ།...

    2022-01-11 10:24:43 ཟམ་ཚ་ཚེ་རིང་དོན་གྲུབ། 22371
  • ཟམ་ཚ་ཚེ་རིང་དོན་གྲུབ་ལགས་ཀྱི«དཔྱད་རྩོམ་ཡིག་བརྒྱ་མ»ལས་མདའ་དང་འཕང་བཤད་པ།...

    2022-01-10 15:28:52 ཟམ་ཚ་ཚེ་རིང་དོན་གྲུབ། 21744
  • སྐད་ཡིག་གི་རྒྱུ་ཆ་དང་ཚིག་སྦྱོར་སྣ་ཚོགས་ལ་བརྟེན་ནས་གང་བརྗོད་པར་འདོད་པའི་བསམ་འདུན་དང་ཡིད་འགྱུར་མཚོན་པར་བྱེད་པའི་སྐད་ཆ་ལ་ཚིག་རྒྱན་ཟེར།རྩོམ་ཡིག་འདིར་ཚིག་རྒྱན་རིག་པའི་གཞུང་ལུགས་ཀྱི་ཆ་ནས་ཚིག་རྒྱན་གྱི་མཚན་ཉིད་དང་།དམངས་ཁྲོད་ངག་ཐོག་གི་ཚིག་རྒྱན་གྱི་གོ་དོན།དམངས་ཁྲོད་ངག་ཐོག་གི་ཚིག་རྒྱན་གྱི་ཁྱད་ཆོས་བཅས་ལ་དཔྱད་བརྗོད་དང་ངོ་སྤྲོད་རགས་བསྡུས་ཤིག་བྱས་ཡོད།...

    2021-12-31 10:20:45 ལྷག་རྒྱལ། 20877
  • དཔྱད་རྩོམ་འདིར་གཙོ་བོ་རྒན་རབས་པ་དག་གི་ངག་སྒྲོས་གཞིར་བཟུང་སྟེ།རང་གིས་མིག་མཐོང་ལག་ཟིན་དུ་གྱུར་པའི་ཁྲི་ཀའི་རྐང་ཚའི་སྦྲ་ནག་གི་ཕྱི་ནང་གི་རྣམ་པ་དང་གྲུབ་ཚུལ།རིགས་སོགས་རོབ་ཙམ་གླེང་བར་བྱས་ཡོད།...

    2021-12-30 08:50:52 ཚེ་རིང་དོན་གྲུབ། 19858

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།