• བོད་མིའི་རྒྱུན་ལྡན་འཚོ་བའི་ཁྲོད་མར་ནི་མེད་དུ་མི་རུང་བ་ཞིག་རེད།ང་ཚོ་ཚང་མས་མཁྱེན་གསལ་ལྟར་མར་ཇའམ་དཀྲུག་ཇ།ཡང་ན་ཇ་སྲུབ་མ་ནི་སྙན་གྲགས་ཤིན་ཏུ་ཆེ་བའི་བོད་ཀྱི་བཏུང་བྱ་མཆོག་ཏུ་གྱུར་བ་ཞིག་རེད།དེ་ནི་མཚོ་བོད་མཐོ་སྒང་གི་གནམ་གཤིས་དང་འཚམས་པའི་བཏུང་བྱ་ཞིག་རེད།བོད་ཀྱི་འཚོ་བ་ལ་ཆ་རྒྱུས་དེ་ཙམ་མེད་པའི་མི་མང་པོ་ཞིག་གི་བོད་ཅེས་པའི་ཐ་སྙད་ཐོས་མ་ཐགབརྗིད་ཆགས་ཀྱི་ཕོ་བྲང་པོ་ཏཱ་ལ་ཡིད་ལ་འཆར་བ་བཞིན་ཇ་སྲུབ་མ་ཙམ་མ་ཡིན་པར་བོད་རིགས་ཀྱི་འཚོ་བའི་ཁྲོད་མར་གྱི་སྤྱོད་སྒོ་ཧ་ཅང་མང་ཞིང་དེ་དག་ལ་རྒྱུན་རིང་འཚོ་བའི་ལག་ལེན་དངོས་ཀྱི་ནང་ནས་ཉམས་མྱོང་གསོག་འཇོག་བྱས་ནས།ཡུལ་ལུང་སོ་སོའི་གནམ་གཤིས་དྲོ་གྲང་།འཚོ་བའི་ཁྱད་ཆོས་ལྟར་ལུགས་དང་མཐུན་པའི་སྒོ་ནས་བེད་སྤྱོད་བྱེད་ཀྱི་ཡོད།...

    2022-09-29 09:52:05 བསྟན་པ་ཡར་རྒྱས། 23735
  • དཔྱད་རྩོམ་འདིར།ལྗོངས་ཞིང་ལྔའི་མཉམ་བསྒྲིགས་སློབ་དེབ(སློབ་ཆུང་ལོ་རིམ་བཞི་བའི་སྐད་ཡིག་སྟོད་ཆ)སོགས་སུ།དེ་རིང་སང་ཉིན་གནངས་ཉིན། གཞེས་ཉིན་དགུ་ཉིན་བཅུ་ཉིན།དེ་རིང་ཁ་སང་ཁེ་ཉིན།གཞེ་ཉིན་དགུ་ཉིན་བཅུ་ཉིན།ད་ལོ་སང་ལོ་གནངས་ལོ་དགུ་ལོ་བཅུ་ལོ།ད་ལོ་ན་ནིང་གཞེ་ནིང་དགུ་ནིང་བཅུ་ནིང་།ཞེས་དགུ་ཉིན་དང་།དགུ་ལོ།དགུ་ནིང་བཅས་ལ་སྒྲ་ཐོབ་ཙམ་གྱི་ཡི་གེ་གྲངས་ཀྱི་དགུ་བྲིས་ཡོད་པ་དང་།ད་དུང་བཅུ་ཉིན་དང།བཅུ་ལོ།བཅུ་ནིང་ཟེར་བའི་ཐ་སྙད་འགའ་གསར་སྣོན་བགྱི་ཁུལ་བྱས་ཏེ།བོད་ཀྱི་ལོ་ཚེས་བགྲང་ཚུལ་སྐོར་གྱི་རྒྱུན་སྤྱོད་མིང་བརྡ་ཁག་ཅིག་ལ་བསྲེས་བསླད་དང་ཡིག་སྐྱོན་དོན་སྐྱོན་ཐེབས་ཡོད་པ་གླེང་གཞིར་བཟུང་ནས།དེ་དག་གི་སྒྲ་ཐོབ་ཡི་གེ་གང་དང་དོན་ཐོབ་ཡི་གེ་དངོས་གང་ཡིན་ཐད་ལ་ཡུལ་ཁམས་སོ་སོའི་མིང་གི་འབོད་སྟངས་རྣམས་གུང་བསྒྲིགས་ནས་གཤིབ་བསྡུར་དང་།ཡུལ་ལུང་དེ་དག་གི་མཁས་པ་དང་རྒན་རབས་པ་ཁག་ཅིག་ལ་བཀའ་འདྲི་དང་རྒྱུས་ལོན་གསལ་བོ་བྱས་ཏེ།བོད་རང་གི་སྐད་བརྡ་རིག་པའི་འགྲོས་དང་མཐུན་ཅིང་ཁ་སྐད་ཡིག་སྐད་གཉིས་བར་གྱི་སྒྲ་ཡི་འགྱུར་ལུགས་དང་།དོན་གྱི་འབབ་ལུགས་ཀྱི་ཆོས་ཉིད་དང་མི་འགལ་བར་ལུང་དང་རིགས་པས་དཔྱད་པ་ཞིབ་མོ་བགྱིས་ནས།གསང་བ་ལྐོག་གྱུར་དུ་ཕྱིན་པའི་མིང་བརྡ་དེ་དག་གི་དཀའ་གནད་རེ་རེ་བཞིན་བཀྲལ་ཡོད།...

    2022-09-29 08:32:49 ཀུན་ཁྱབ་ཀླུ་བྱམས། ཆོས་འཚོ་སྐྱི 23514
  • དེ་ཡང་བྲག་དཀར་རྫོང་གི་འབྲོག་ཁུལ་དུ་སྐྱེས་མ་རྣམས་ལ་དམར་གདན་ཞེས་པའི་འདོགས་ཆ་ཞིག་ཡོད་པ་དང་།བུད་མེད་ཚོ་གཉེན་སྡེབ་ཟིན་པའི་རྗེས་ནས་འདོགས་དགོས་པ་ཞིག་ཡིན།དེ་ནི་གཅིག་ནས་རྒྱན་ཆ་ཞིག་ཡིན་པ་དང་།གཉིས་ནས་གདོད་མ་ནས་འཕྱོར་བྱེད་པའི་རྒྱན་ཆ་ཙམ་མ་ཡིན་པར་བདེ་ཐང་ལ་དམིགས་ནས་བཟོས་པ་ཞིག་ཡིན་པས།གཤམ་དུ་དེའི་ཕྱོགས་ནས་ཅུང་ཙམ་གླེང་བར་བྱ།...

    2022-09-27 10:01:33 ཧྲོང་བོ་ཚེ་བརྟན་རྒྱལ། 26079
  • སྲིད་པའི་ཐོར་ཅོག་ཏུ་གྲགས་པའི་གངས་ཅན་ལྗོངས་འདིར་ལོ་ངོ་སྟོང་ཕྲག་མང་པོའི་སྔོན་དུ་ཟས་སུ་ཤ་དང་རྩམ་པ་སྤྱོད་ཅིང་།གོས་སུ་སློག་པ་བསྟེན་ནས་འཚོ་ཞིང་གནས་པའི་བོད་པ་དག་ནི།དཔའ་ངར་ཆེ་ལ།ལས་ལ་བརྩོན་པ།བློ་རིག་བཀྲ་ཞིང་།ཡུལ་གོམས་གཤིས་ལུགས་བཟང་བ་སྟེ།སྔ་མོའི་དུས་ནས་རྐང་བྲོ་གླུ་གཞས་ལ་དགའ་བས་བོད་པར་རྒྱུས་མངའ་ཅན་གྱི་འཛམ་གླིང་མི་རིགས་ཚོས་གླུ་གར་གྱི་རྒྱ་མཚོ་ཞེས་པའི་བསྔགས་འརྗོད་ཀྱི་མེ་ཏོག་གཏོར་མུས་ཡིན་ལགས།བཙན་པོའི་རྒྱལ་རབས་དུས་ནས་ཀྱང་དམག་ལ་རྒྱལ་ཁ་ཐོབ་པ་དང་།བཙན་མཁར།གཙུག་ལག་ཁང་བཞེངས་པ་ལ་སོགས་པའི་མཛད་སྒོའི་དགའ་སྟོན་རྟེན་འབྲེལ་གྱི་དུས་རྒྱལ་བློན་ཚང་མས་གླུ་ལེན་སྲོལ་ཡོད།...

    2022-09-27 09:13:16 ཉི་མ་ཚེ་རིང་། 23223
  • རྩོམ་ཡིག་འདིར་དམངས་སྲོལ་རིག་པའི་གཞུང་ལུགས་ཐད་ཀྱི་དམངས་སྲོལ་ཚོད་འཛིན་སྨྲ་བའི་གཞུང་ལུགས་གཞིར་བཟུང་ནས་བྲིས་པ་ཞིག་ཡིན་ལ།འདིར་གཙོ་བོ་སྒྲ་དོག་འཇུག་ལྟར་གྱི་དམངས་ཁྲོད་དད་མོས་ཀྱི་ནང་དོན་དང་ཁྱབ་ཁོངས།དམངས་སྲོལ་གྱི་གྲུབ་ཆ་དང་ཕན་ཚུན་གྱི་འབྲེལ་་པ་སོགས་བརྗོད་དེ།དམངས་སྲོལ་ལ་སྤྱི་ཚོགས་ཚད་གཞི་ཅན་དང་མི་རྣམས་ཚུལ་ལྡན་དུ་གཏོང་བའི་བཅའ་ཁྲིམས་ལྟ་བུའི་ནུས་པ་ཡོད་པ་བྲིས་ཡོད།...

    2022-08-12 09:00:09 གཅན་ཚ་བཀྲ་བྷོ། 24731
  • གནའ་དེང་གང་ཡིན་ཡང་གཉེན་སྒྲིག་པ་ནི་མི་ཚེ་གཅིག་རིང་གི་བྱ་བ་གལ་འགངས་ཆེ་ཤོས་ཤིག་ཆགས་འདུག་པས།དུས་རབས་ཉི་ཤུ་བའི་སྟོད་ཀྱི་བདུད་ཤུལ་ཀླུ་ཚང་ལ་མཚོན་ན།སོ་སོའི་ཕ་མས་ཁྱིམ་ཚང་དང་ཤ་རུས།སྲུང་མ་སོགས་ལ་རྟོག་དཔྱོད་ནན་མོ་བྱས་རྗེས།གཉེན་སྒྲིག་གི་བྱ་བ་སྒྲུབ་ཀྱི་ཡོད་པ་ལས།སྔོན་ཆད་བུ་དང་བུ་མོ་རང་རང་གི་འདོད་མོས་ལྟར་གཉེན་སྒྲིག་བྱས་པའི་གནས་ཚུལ་ཤིན་ཏུ་ཉུང་།བུའི་ཕ་མ་གཉིས་ཀས་ཐོག་མར་ཁྱིམ་ཚང་གང་ཞིག་གི་བུ་མོའི་སྐྱེས་གཟུགས་དང་ལས་ཀའི་འཇོན་ཐང་།མི་གཤིས་སྤྱོད་ལམ་སོགས་བློར་བབས་ཚེ།རྩིས་པ་ལ་རྩིས་བྱེད་དུ་བཅུག་ནས་རང་གི་བུ་དང་ཕ་རོལ་བ་ཚང་གི་བུ་མོ་གཉིས་ཀྱི་ལོ་ཁམས་སྤར་ཁ་སོགས་མཐུན་མིན་ལ་ལྟ་བ་དང་།བླ་སྤྲུལ་སོགས་ལ་ལུང་བསྟན་ཞུས་ནས་ཕྱིས་འབྱུང་གི་བདེ་སྡུག་ལ་བརྟག་པར་བྱེད།...

    2022-08-04 09:11:31 གངས་འཚོ། 25300
  • དཔྱད་རྩོམ་འདིར་གནས་རི་རིག་གནས་ཀྱི་ལྟ་ཚུལ་སྟེང་ནས་བྲག་དཀར་སྤྲེལ་རྫོང་གི་ཐོག་མའི་ལོ་རྒྱུས་དང་།དེ་ཉིད་བན་བོན་གཉིས་ཀྱི་ཐུན་མོང་གི་གནས་རིར་གྱུར་བའི་གོ་རིམ།དུས་ཀྱི་འཕེལ་འགྱུར་ཁྲོད་ནས་གནས་རི་རིག་གནས་ལ་འགྱུར་བ་བྱུང་སྟེ།གྲུབ་མཐའ་རིས་མེད་ཀྱི་སྐྱེས་ཆན་དམ་པ་མང་པོས་སྒྲུབ་སྦྱོང་ཉམས་ལེན་བྱེད་སའི་གནས་རི་ཁྱད་པར་ཅན་དང་།གྲུབ་མཐའ་སོ་སོའི་སྐྱེས་ཆེན་དམ་པ་ཚོའི་རང་རང་གི་སྣང་ངོར་ཤར་བའི་གནས་ཆེན་འདིའི་བཞེངས་སྐྲུན་མི་འདྲ་བ་མང་པོ་བྱུང་ཚུལ།བྲག་དཀར་སྤྲེལ་རྫོང་གི་གནས་རིའི་ཡིག་ཚགས་བཅས་ལ་དཔྱད་ཞིབ་བྱས་འདུག...

    2022-07-21 09:07:38 ཚེ་བརྟན་རྒྱལ། 25186
  • ཐེ་གེ་ནི་རྩེད་ཆས་ཤིག་སྟེ།དེ་ནི་ཕྱུགས་ཟོག་གི་སུག་རུས་ལས་བཏོན་པའི་རུས་ཚིགས་ཐུན་མོང་མ་ཡིན་པ་དེ་ཡིན།རྩེད་ཆས་དེ་ནི་ང་ཚོའི་མེས་པོ་གོང་མ་དག་གིས་རི་དྭགས་བསད་དེ་ཤ་ལ་སྤྱད་པ་ནས་བྱུང་ཞིང་།དེ་ཡང་འབྲོང་ཕོ་མོ་བཏུལ་ནས་ནོར་དང་།རྐྱང་ཕོ་མོ་བཏུལ་ནས་རྟ་དང་བོང་བུ།དགོ་བ་ཕོ་མོ་བཏུལ་ནས་ར་དང་ལུག་ཏུ་བསྒྱུར་བ་ནས་བོད་ཁྱིམ་རེ་རེར་སྒོ་ཟོག་བྱུང་བ་དང་།སྒོ་ཟོག་བྱུང་ཚུན་ནས་ཐེ་གེ་ནི་སྟོད་མངའ་རིས་སྐོར་གསུམ་དང་།བར་དབུས་གཙང་རུ་བཞི།སྨད་མདོ་ཁམས་སྒང་དྲུག་གི་ཡུལ་གྲུ་ཀུན་ཏུ་རྩེ་འགོ་ཚུགས་སོ།།...

    2022-07-20 09:17:09 བྱ་གཞུང་དབང་ཆེན་ཚེ་རིང་། 24140
  • བོད་ཀྱི་དམངས་ཁྲོད་དུ་དར་ཁྱབ་ཡོད་པའི་རིག་གནས་ཁག་གཅིག་ནི་གནའ་དུས་ཞིང་འབྲོག་མི་དམངས་རྣམས་ཀྱིས་རང་བྱུང་ཁམས་ཀྱི་འགྱུར་བའི་སྣང་ཚུལ་ལ་བརྟག་ནས་དེའི་རྒྱུ་རྐྱེན་དང་བྱེད་ལས་སོགས་ལ་སྐབས་དེའི་སྤྱི་ཚོགས་ཀྱི་ཤེས་རིག་གི་རྒྱབ་ལྗོངས་དང་བསྟུན་པའི་རང་རང་གི་ངོས་འཛིན་བྱས་པའི་རིག་གནས་ཤིག་རེད།...

    2022-07-11 13:42:50 ཐུབ་བསྟན་ཕུན་ཚོགས། 23078
  • ཕྱག་ཕྲེང་བས་སྒྱེད་པུ་ཐབ་ཀ་གཅིག་ཡིན་ཟེར་བ་ནི་རིགས་རྒྱུད་ཐ་དད་པའི་མི་ཡིན་ཡང་སྐྱིད་སྡུག་མཉམ་མྱོང་གི་ཁྱིམ་ཚང་གཅིག་པ་ཡིན་ཟེར་བའི་དོན་ཡིན་ལ།སྒྱེད་པུ་ཐབ་ཀ་ཁ་ཁ་ཡིན་ཟེར་བ་ནི་བརྩེ་བ་ཟབ་པའི་ཁྲག་རྒྱུད་གཅིག་པའི་ཕ་མ་བུ་ཚ་ཡིན་ཡང་།ཁྱིམ་ཚང་ཁ་ཁ་ཡིན་ཞེས་པའི་དོན་ཡིན་པས།ས་ཕྱོགས་གང་དུ་སོང་ཡང་ཐབ་ཀ་གཅིག་དང་ཐབ་ཚང་གཅིག།ལྟོ་ཚང་གཅིག་ཅེས་པར་ཁྱིམ་ཚང་གཅིག་པའི་འདུ་ཤེས་སུ་འཛིན་སྲོལ་ཡོད།...

    2022-07-08 09:42:55 ཟླ་བ་ཚེ་རིང་གིས་བྲིས། 22658

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།