• དཔྱད་རྩོམ་འདིའི་ནང་དུ་གཙོ་བོ་གླིང་སྒྲུང་གི་མི་སྣའི་གཟུགས་བརྙན་ཞིབ་འབྲི་གནང་བ་ལེགས་འགྲུབ་བྱུང་ཡོད་པའི་དྲང་ལྡོག་ཕྱོགས་ཀྱི་དཔེ་མཚོན་དུ་གྱུར་བའི་མི་སྣ་དང་བླ་གནས།ལྷ་བྱ་མོ་བ།སྤྲུལ་བསྒྱུར་གྱི་མི་སྣ་བཅས་དང་།ད་དུང་གླིང་སྒྲུང་ནང་དུ་བཞེངས་སྐྲུན་གནང་བའི་མོ་སྨན་དང་ངོ་གཉིས་མའི་གཟུགས་བརྙན་སོགས་ལ་དབྱེ་ཞིབ་བྱས་ཡོད།...

    2026-05-14 08:40:58 གཅོད་པ་དོན་གྲུབ། 372
  • དེ་ཡང་མིའི་རིགས་འཚོ་གནས་བྱེད་པར་ཁ་ཟས་དང་འབྲལ་ཐབས་མེད་པས།མིའི་རིགས་ཀྱི་སྡོད་གནས་གཏན་འཇགས་སུ་གྱུར་པ་དང་བསྟུན་ནས།ཐབ་ཀའི་སྒྲིག་བཟོ་དང་དེ་འབྲེལ་གྱི་རིག་གནས་ཐད་ནས་ཀྱང་ཅུང་གཏན་འཇགས་ཀྱི་གོམས་སྲོལ་ཆགས་ཡོད།...

    2026-05-01 21:27:33 དཔལ་བཟང་སྒྲོལ་མ། 1282
  • གྲོ་སོ་ཕྱེ་མར་སྒྲིག་སྟངས་དང་མཚོན་དོན།

    ཕྱེ་མར་ནི་བཀྲ་ཤིས་པའི་རྟེན་འབྲེལ་གྱི་བྱ་བ་ཚང་མའི་ནང་སྤྱོད་པའི་བཀྲ་ཤིས་ཀྱི་རྫས་ཆ་མེད་དུ་མི་རུང་བ་ཞིག་ཡིན་ཞིང་།དཔེར་ན་ལོ་གསར་དང་།ཁང་གསོལ།གཉེན་སྒྲིག་སོགས་རྟེན་འབྲེལ་གྱི་བགྱིད་སྒོ་ཡོད་དགུ་མཐའ་དག་ལ་གྲོ་སོ་ཕྱེ་མར་སྤྱོད་ཀྱི་ཡོད།...

    2026-02-10 09:56:58 མཚོ་སྔོན་པོ་དྲ་བ། 7320
  • མཚོ་སྔོན་པོའི་འབྲོག་སྡེའི་སྲོལ་རྒྱུན་གྱ་སྟོན་གྱི་བཤད་པ་གླེང་བ།...

    2025-11-14 09:00:34 སྒྲོལ་མ་རྒྱལ། ཚེ་དབང་རྡོ་རྗེ། 14045
  • ངག་རྒྱུན་འདི་དག་ནི་ཁུངས་མེད་རྟོག་བཟོ་རྐྱང་བ་ཞིག་ཀྱང་མིན་མོད།ཡིན་ནའང་།འདི་ནི་ངག་རྒྱུན་ཏེ་ངག་རྒྱུན་རང་ལ་ཡོད་པའི་ལོ་རྒྱུས་ཀྱི་བདེན་པ་དང་འཆར་ཡན་གྱི་སྣང་ཚུལ་ཡིན་ནོ།།...

    2025-10-24 08:06:31 འབལ་གཞུང་ཁྱུང་ཐར་རྒྱལ། 15317
  • ཆུ་མིག་དགུ་སྦྲེལ་ནི་བོད་ཀྱི་དམངས་ཁྲོད་དུ་དར་བའི་ཆེས་རྒྱུན་མཐོང་གི་རི་མོ་ཞིག་གི་བཟོ་རྩལ་ལ་བྱ་ཞིང་།རི་མོ་དེ་ནི་གཙོ་བོ་བོད་ཀྱི་དམངས་ཁྲོད་ནས་རྩ་བ་རྒྱས་ཤིང་རྩེ་མོ་སྨིན་པའི་སྐུད་པ་དཀར་ནག་གཉིས་ཀྱི་རྒྱུ་ཆ་གཙོ་བོ་བྱས་པའི་དམངས་ཁྲོད་ཀྱི་སྒྱུ་རྩལ་རི་མོ་ཞིག་ཡིན་པ་ལས།དེ་ཐོག་མར་གང་ཞིག་ནས་སྲོལ་དར་ཚུལ་དང་།བར་དུ་ལུགས་གང་ལ་གཏོགས་པ།མཐར་རྒྱུ་རྐྱེན་གང་ཞིག་ལ་བརྟེན་ནས་རྒྱུད་འཛིན་ཡོང་བ་སོགས་གཞུང་ལུགས་རང་བཞིན་གྱི་འཆད་སྟངས་ཤིག་ནི་དེ་སྔོན་བྱུང་མེད་པར་སྙམ།...

    2025-10-16 08:15:58 གསེར་ཀུན་དགའ། 15732
  • བོད་ཀྱི་རིག་གནས་ཀྱི་འདུ་ཤེས་ཁྲོད་དུ།གཟི་ཡི་དབྱིབས་དང་རི་མོ།ཁ་དོག་སོགས་ལས་འབྱུང་བ་བཞི་དང་སྣོད་བཅུད་ཀྱི་འབྲེལ་བས་གྲུབ་པའི་དཀྱིལ་འཁོར་གྱི་རྣམ་པ་མཚོན་ཡོད་ལ།ད་དུང་དེ་ནི་རྒྱན་ཆ་དང་སྲུང་འཁོར།ནད་བཅོས་དང་ནད་གདོན་འགོག་པ་བཅས་ཀྱི་ཚུལ་དུའང་གནས་ཡོད།གཟི་ཡི་གདོད་རྣམ་གྱི་ཡིད་བརྙན་ལ་གཞི་བཅོལ་ནས་རྩོམ་པ་པོ་རྣམས་ཀྱིས་གཟི་ཞེས་པའི་ཐ་སྙད་དེ་རྩོམ་རིག་བརྩམས་ཆོས་ཁྲོད་ཡོངས་ཁྱབ་ཏུ་བཀོལ་བཞིན་ཡོད་ལ།གདོད་རྣམ་མཐའ་དཔྱོད་ཀྱི་མཐོང་སྣེ་ནས་དཔྱད་པ་བྱས་ཚེ།གཟིའི་ཡིད་བརྙན་ལ་རང་གཤིས་སམ་དཀྱིལ་འཁོར་གྱི་གདོད་རྣམ་དང་སྲུང་འཁོར་གྱི་གདོད་རྣམ་རིགས་གཉིས་ཡོད་དོ།།...

    2025-10-04 22:05:00 དཀོན་མཆོག་སྒྲོལ་མ། 16196
  • དཔྱད་རྩོམ་འདིའི་ནང་དུ་བོད་ཀྱི་གཡུའི་རིག་གནས་ཀྱི་འབྱུང་ཁུངས་དང་རིན་ཐང་།དད་མོས།བོད་མིའི་འཚོ་བའི་ཁྲོད་ཀྱི་སྤྱོད་སྒོ།མཚོན་དོན་སོགས་ཆོས་འབྱུང་ལོ་རྒྱུས་སྔ་ཕྱི་དག་ལ་གཞི་བཅོལ་ཞིང་རང་གི་འདོད་ཚུལ་གང་དེས་ཟུར་བརྒྱན་ཏེ།གཡུ་ནི་བོད་བཙན་པོའི་རྒྱལ་རབས་ཀྱི་དུས་ནས་བཟུང་ཆབ་སྲིད་དང་།དཔལ་འབྱོར།ཆོས་ལུགས།དམག་འཐབ་སོགས་སུ་མེད་དུ་མི་རུང་བའི་དངོས་པོ་རྩ་ཆེན་ཞིག་དང་།བོད་ཀྱི་རིག་གནས་ཁྲོད་གྲུབ་ཆ་གལ་ཆེན་བཟུང་ཡོད་ཚུལ་སོགས་ཀྱི་སྐོར་ལ་དཔྱད་པ་བཏང་ཡོད།...

    2025-09-15 08:20:22 ཕུར་སྲུང་སྐྱབས། 17545
  • མཚོ་བྱང་ནི་མཛའ་གཞས་ཀྱི་ཕ་ས་ཡིན།མཚོ་སྔོན་པོའི་བྱང་ངོགས་དང་མདོ་ལ་རིང་མོའི་ལྷོ་འདབས་ཀྱི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་རི་ཆུའི་ཀློང་དུ་རྟག་བརྟན་འགྱུར་མེད་ཀྱི་བརྩེ་དུང་གི་སྙན་ངག་ཅིག་ཡོད།མི་རིགས་མང་པོ་མཉམ་འདྲེས་ཀྱི་ས་གཞི་འདིས་ས་སྟེང་ཁེབས་པའི་རྫི་གླུ་དང་།འགྱུར་མེད་ཀྱི་རི་རྒྱལ་ལྷུན་པོ།སྔོ་ཞིང་དྭངས་པའི་མཚེའུ་བཅས་ལ་བརྟེན་ནས་མི་སེམས་འགུལ་བའི་བརྩེ་དུང་གི་ངག་རྒྱུན་མང་པོ་ཞིག་སྐྱེད་སྲིང་བྱས་ཡོད།...

    2025-08-29 08:29:57 མཚོ་སྔོན་པོ་དྲ་བ། 18436

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།