མཚོ་སྔོན་པོ་རྟགས་མའི་རྟ་རྒྱུག་འགྲན་ཚོགས་སྐབས་གཉིས་པ་གཟབ་རྒྱས་ངང་མགོ་བརྩམས།

རྩོམ་པ་པོ།: ཡོང་ཁུངས།:གུང་ཧོ་སྨྱན་སྦྱོར། དུས་ཚོད།:2026-07-23 08:40:11 ཀློག་གྲངས།:
       ཟླ༧པའི་ཚེས༢༢ཉིན། མཚོ་སྔོན་པོའི་རྟགས་མའི་རྟ་རྒྱུག་འགྲན་ཚོགས་སྐབས་གཉིས་པ་གཟབ་རྒྱས་ངང་མགོ་བརྩམས། མཚོ་སྔོན་དང་ཀན་སུའུ། སི་ཁྲོན་སོགས་ཀྱི་རྟ་མཆོག༣༤༠ལྷག་མཚོ་སྔོན་པོའི་འགྲམ་ནས་འཛོམས་ཤིབ་། ཉིན་བཞི་རིང་གི་ཛ་དྲག་གི་འགྲན་བསྡུར་བརྒྱུད་དེ་མཇུག་མཐའི་རྒྱལ་ཁའི་རྟིང་མ་དེ་བརྩོན་ལེན་བྱེད་བཞིན་ཡོད།
       རྟ་རྒྱུག་ར་བའི་ཕྱོགས་གཉིས་སུ་མི་ཚོགས་ཀྱིས་བཀང་ཡོད་ལ། རྟ་བ་རྣམས་ཀྱིས་མཐའ་མཇུག་གི་རྒྱལ་ཁ་དེ་ལ་རེ་ཞིང་སྒུག་བཞིན་ཡོད། ས་གནས་ཀྱི་འབྲོག་རྟ་དང་ཕྱི་རྟ་བཅས་ཀྱིས་རྟ་མཆོག་གི་བང་རྩལ་ངོམ་བཞིན་ཡོད། རྨི་སྟོང་ཅན་གྱི་འགྲན་སྡུར་ལ་མཚོན་ན་རྟའི་མྱུར་ཚད་གཤིབ་སྡུར་གྱི་རྒྱུག་འགྲན་ཞིག་ཡིན་ལ། འདི་ལས་མཐོ་སྒང་གི་བོད་མིའི་མགྱོགས་མོ་རྟ་ཡི་བང་ཁ་གཤིབ་ས་ཞིག་ཀྱང་ཡིན།
       རྟ་བ་བཀྲ་ཤིས་ཀྱིས་བཤད་རྒྱུར། ཐེངས་འདིའི་རྟ་རྒྱུག་ཁྲོད་ངས་རང་ས་གནས་ཀྱི་རྟ་ཁྱེར་ནས་ཡོང་བ་ཡིན། རྨི་སྟོང་ཅན་གྱི་འགྲན་སྡུར་ལ་མཚོན་ན་རྟའི་རྩལ་ཤུགས་འགྲན་སྡུར་གྱི་ནུས་པ་མཚོན་ཐུབ་ལ། རྟ་ནི་ང་ལ་མཚོན་ན་ཆེས་བཟང་བའི་འདུག་རོགས་ཡིན་ལ། རྩྭ་ཐང་ནི་ངའི་གཞིས་ཁྱིམ་ཡིན། རྟ་རྒྱུག་ནི་མཐའ་མཇུག་གི་རྒྱལ་ཁ་བརྩོན་ལེན་ལས་གཞན། དེ་ལས་ཀྱང་རྩྭ་ཐང་གི་མི་རིགས་འདིའི་རྟའི་རིག་གནས་དར་སྤེལ་གཏོང་བའི་རྣམ་པ་ཞིག་ཀྱང་ཡིན།
       འགྲན་རའི་ཕྱི་རོལ་དུ་འབྲོག་པ་མང་ཚོགས་མི་ཉུང་བ་ཞིག་གིས་མཉམ་གཅིག་ཏུ་ངོ་མཚར་བའི་འགྲན་སྡུར་ལ་ལྟ་ཞོར་དུ་ཕན་ཚུན་བར་རྟ་གསོ་བ་དང་སྦྱོང་བརྡར་གྱི་ཉམས་མྱོང་ཁ་བརྡ་བྱེད་བཞིན་ཡོད་ཅིང་། སྐྱིད་ཀྱི་རྟ་ཕོའི་བང་རྩལ་གྱིས་མཚོ་སྔོན་པོའི་འགྲམ་གྱི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྲོལ་གོམས་གཤིས་ཀྱི་རིག་གནས་ཤིག་མངོན་ཡོད།   
       སྔ་མོ་ནས་མཚོ་སྔོན་པོའི་རྩྭ་ཐང་གི་རྟ་རྒྱུག་འགྲན་སྡུར་དེ་ཧ་ཅང་བརྗིད་ཉམས་ལྡན་པ་ཞིག་ཡིན་པ་གོ་ཐོས་ཡོད་པས། ཐེངས་འདིའི་གུང་གསེང་གི་གོ་སྐབས་དང་བསྟུན་ནས་ཆེད་དུ་གནས་འདིར་ལྟད་མོ་བལྟ་རུ་ཡོང་བ་ཡིན། དངོས་སུ་འདི་རིགས་རྟ་ཕོའི་བང་རྩལ་འགྲན་སྡུར་མཐོང་བ་ན་ངོ་མ་ཡུལ་དངོས་ཀྱི་ཁོར་ཡུག་གཞན་དང་མི་མཚུངས་བ་ཞིག་རེད། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་རིག་གནས་དང་མི་རིགས་ཀྱི་ཡུལ་སྲོལ་རིག་གནས་ལ་རོལ་མྱོང་བྱས་པ་ན་འདི་འདྲའི་བྱེད་སྒོ་ལ་དོན་སྙིང་གལ་ཆེན་ལྡན་པར་མ་ཟད། དེང་རབས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གསོན་ཤུགས་མཐོང་ཐུབ་ཅིང་། ས་གནས་མང་ཚོགས་ཀྱིས་རྩྭ་ཐང་སྲུང་སྐྱོང་བྱས་པ་དང་རང་བྱུང་གི་ཁོར་ཡུག་ལ་བདག་སྐྱོང་བྱས་ཡོད་པ་ར་སྤྲོད་བྱེད་ཐུབ། དེ་བས། རྗེས་ཕྱོགས་ངས་གྲོགས་པོ་མང་པོར་གུང་ཧོར་ཡོང་ནས་རྩྭ་ཐང་གི་མཛེས་པ་དེ་རོལ་མྱོང་བྱེད་པར་མཚམས་སྦྱོར་བྱ་རྒྱུ་ཡིན་ཞེས་ཟི་ཁྲོན་ནས་ཡོང་བའི་སྐུ་ཞབས་ལི་ཡིས་དེ་ལྟར་བཤད།    
       རྟ་ཕོའི་རྨིག་སྒྲས་རྩྭ་ཐང་གི་ལྷིང་འཇགས་ཡོངས་སུ་དཀྲོག་སོང་ལ། ཛ་དྲག་གི་འགྲན་སྡུར་ཁྲོད་རྟ་བ་རྣམས་ཀྱིས་རང་རང་གི་རྩལ་ནུས་ངོམ་ཞིང་། ས་གནས་འདིའི་སྲོལ་རྒྱུན་གྱི་རིག་གནས་དར་སྤེལ་གཏོང་བར་ནུས་པ་བླ་ལྷག་བཏོན་ཡོད་པ་རེད། འདི་ནི་འགྲན་སྡུར་རྐྱང་རྐྱང་ཞིག་མ་ཡིན་པར། མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དར་སྤེལ་དང་སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་མཐོར་འདེགས་སུ་གཏོང་བའི་ནུས་པ་ཐོན་ཡོད། དེ་ལས་ཀྱང་མཚོ་ལྷོ་ཁུལ་གུང་ཧོ་རྫོང་གི་རིག་གནས་ཡུལ་སྐོར་འཕེལ་རྒྱུས་སུ་གཏོང་བར་ནུས་པ་གལ་ཆེན་ཐོན་ཡོད། བླ་མཚོ་ཁྲི་ཤོར་རྒྱལ་མོའི་འགྲམ་ངོགས་འདི་ནས་རྔམ་བརྗིད་ལྡན་པའི་རྟ་རྒྱུག་འགྲན་ཚོགས་འདི་འདྲ་ཞིག་སྤེལ་བར། མི་དང་རང་བྱུང་ཁམས་མཉམ་གནས་ཀྱི་བདེ་སྐྱིད་འཚོ་བའི་ཉམས་སྣང་མངོན་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།